སེམས་ཀྱི་ཉི་ཟླའི་རྡོ་མཁར་གནའ་གྲོང་གཟུགས་འདས་རོལ་མྱོང་ལྟེ་གནས་སུ་བསྐྱོད་པ།

ཉེ་ཆར། བདེ་ཆེན་ན་གཞོན་མཚན་སྦྱོང་གིས་སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་གནའ་གྲོང་ནས་ན་གཞོན་མཚན་སྦྱོང་གཟུགས་འདས་རོལ་མྱོང་འཛིན་གྲྭ་བཙུགས་ནས། ན་གཞོན་མང་པོའི་སྣེ་ཁྲིད་ནས་གཟུགས་འདས་དང་ཉེ་བར་བཅར་བ་དང་གཟུགས་འདས་ལ་རྒྱུས་ལོན་བྱེད་པ། གཟུགས་འདས་ཚོར་སྣང་བཅས་བྱས། གནའ་གྲོང་གཟུགས་འདས་རོལ་མྱོང་ལྟེ་གནས་ཀྱི་སྒྲོག་འགྲེལ་དང་བླངས་པས་ན་གཞོན་ཚོར་བདེ་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་ལོ་རྒྱུས་རིག་གནས་གསལ་བོར་བརྗོད་ནས། དངོས་སུ་བོད་ཀྱི་སྡོད་ཁང་དང་བོད་ཀྱི་ཞབས་བྲོ། གཟུགས་འདས་བོད་སྤོས་བཟོ་རྩལ། བཟོ་སྐབས་ཀྱི་གཙོ་གནད་སོགས་བསྟན། བྱ་འགུལ་ཁྲོད་ད་དུང་ན་གཞོན་ཚོར་ཚོན་དང་རི་མོ་འབྲི་བྱེད་སོགས་བྱིན་ནས་ན་གཞོན་སློབ་མ་ཚོས་གཏིང་ཟབ་ངང་རོལ་མྱོང་དང་གཟུགས་འདས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་སྣང་བྱས། དེ་མིན་ཕན་ཚུན་བརྗེ་རེས་བྱས་ནས་རང་གི་གྲུབ་འབྲས་བསྟན།

རྒྱུས་ལོན་ལྟར་ན། ཉེ་ཆར། གུང་གཞོན་ཚོགས་པ་ཁུལ་ཨུ་ཡོན་ལྷན་ཁང་གིས་བདེ་ཆེན་གྱི་ལོ་རྒྱུས་རིག་གནས་དང་ཇ་རྩལ་རིག་གནས། ཀྲུང་ལུགས་ཁམས་གསོ། གཞུང་ཡིག་འབྲི་སྲོལ་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་པ་མ་ཟད། དུས་ཚོད་བཀོད་སྒྲིག་དང་ས་གནས་བདམས་བཀོད། བེད་སྤྱོད་རང་བཞིན་སོགས་ཀྱི་ཐད་ན་གཞོན་ཚོའི་དགོས་མཁོ་དང་བསྟུན་ནས་ཤུགས་ཡོད་ཚད་ཀྱིས་རྒྱུན་ཞུགས་དང་མཉམ་འདྲེས་བྱེད་ཐུབ་པ། སློབ་ལེགས་པའི་ན་གཞོན་མཚན་སྦྱོང་བཏོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号