སྐབས་ཉེར་གཉིས་པའི་ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་མགོ་བརྩམས་པ།

ཚེས4ཉིན་གྱི་སྔ་དྲོར། སྐབས་ཉེར་གཉིས་པའི་ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུང་ཕྲུག་རྩྭ་ཐང་དུ་གཟབ་རྒྱས་ངང་མགོ་ཚུགས་པ་རེད། ད་ཐེངས་ཀྱི་སྒྱུ་རྩལ་དུས་ཆེན་གྱི་དམིགས་ཡུལ་ནི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་བརྒྱུད་ཀན་སུའུ་ལྷོ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་མི་རིགས་ཡུལ་སྲོལ་གོམས་གཤིས་དང་ཡུལ་སྐོར་ཐོན་ཁུངས་མངོན་པར་བྱས་ནས་མི་རིགས་མཐུན་སྒྲིལ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

མགོ་ཚུགས་མཛད་སྒོ།

སྐབས་འདིའི་ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོ་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དེས“མཐུན་སྒྲིལ་འབད་བརྩོན་གྱི་ལོ་ངོ་དོན་ལྔ་དང་། དར་རྒྱས་གོང་འཕེལ་གྱི་ཀན་ལྷོའི་དགའ་འབོད་ཞེས་པ་བརྗོད་དོན་དུ་བཟུང་སྟེ། སྐབས་གཉིས་པའི་གཙོད་གྲོང་གི་རོལ་དབྱངས་དུས་ཆེན་དང་། གཙོད་གྲོང་ཁྱེར་གྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ། ཀན་ལྷོའི་སྐོར་བྲོ་ཉམས་ལེན། རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་གཙོ་གནད་བྱེད་སྒོ་གཉེར་བ་བརྒྱུད་ཀན་ལྷོའི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས།

མགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དང་རྟ་རྩལ་འཁྲབ་སྟོན།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་དང་། ས་སེར་མཐོ་སྒང་དང་མཚོ་བོད་མཐོ་སྒང་གི་བར་བརྒལ་ཁུལ། ཞིང་ལས་དཔལ་ཡོན་དང་སྐྱས་སྤོའི་དཔལ་ཡོན་གྱི་འབྲེལ་མཚམས་ཁུལ་བཅས་སུ་གནས་པས་རང་བྱུང་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་དང་དམངས་སྲོལ་རིག་གནས་ཐུན་མོང་མ་ཡིན་པ་ཞིག་ཡོད། ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོ་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དེ་ཀན་ལྷོ་ཁུལ་གྱི་སྤུས་རྟགས་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཕྱི་རོལ་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ཆེ་ཤོས་ཡིན་པའི་ངོས་ནས། ཀན་ལྷོ་རིག་གནས་ཡུལ་སྐོར་ཐོན་ལས་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་བཅས་འགྲེམས་སྟོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།

མགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན། 

ད་ཐེངས་ཀྱི་སྒྱུ་རྩལ་དུས་ཆེན་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེས་ཀན་ལྷོ་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད། ཀན་ལྷོའི་སྐད་གྲགས་ཆོད་ཚད་དང་མཚན་སྙན་སྔར་བས་ཆེ་རུ་ཕྱིན་ནས་ཀན་ལྷོའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号