རེབ་གོང་གི་དྲུག་པའི་སྨོན་ལམ་སྐབས་སུ་ཡོང་སྒོ་སྒོར་དུང་ཕྱུར2.35ཟིན་པ།

ཟླ8པའི་ཚེས5ཉིན་གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་རེབ་གོང་གི་ཟླ་པའི་སྨོན་ལམ་གྱི་རྫོགས་ལྡན་གཟའ་འཁོར་སྐབས་སུ། ཐུན་རིན་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི32ལ་སྣེ་ལེན་བྱས་པ་དང། ཡུལ་སྐོར་ཐད་ཀྱི་ཡོང་འབབ་སྒོར་དུང་ཕྱུར2.35དང་རིག་གནས་ཐོན་ལས་ཡོང་འབབ་སྒོར་དུང་ཕྱུར1.21ཟིན།

རེབ་གོང་གི་དྲུག་པའི་སྨོན་ལམ་ནི་རོང་བོའི་གཙང་བོའི་ལུང་གཞུང་གི་དམངས་སྲོལ་རིག་གནས་ཀྱི་འོད་སྟོང་འཕྲོ་བའི་མུ་ཏིག་ཅིག་ཡིན་པའི་ཆ་ནས། ཐུན་རིན་ས་ཁུལ་གྱི་དམངས་སྲོལ་དམངས་ཁྲོད་རིག་གནས་གཅིག་བསྡུས་བྱེད་པའི་དུས་སྟོན་ཞིག་ཡིན་པ་མ་ཟད། ཐུན་རིན་ས་ཁུལ་གྱི་ཆེད་གཏོགས་རིག་གནས་མིང་རྟགས་ཤིག་ཀྱང་རེད། 2006ལོར་རེབ་གོང་གི་དྲུག་པའི་སྨོན་ལམ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་གྲས་སུ་བཞག་པ་དང་། ལོ་རེ་ལུགས་རྙིང་གི་ཟླ་6པའི་ཚེས17ཉིན་ནས་ཟླ6པའི་ཚེས25ཉིན་བར་རོང་བོའི་གཙང་བོའི་འབབ་རྒྱུད་ཀྱི་བོད་རིགས་དང་ཧོར་རིགས་གྲོང་ཚོ24རུ་རེས་སྐོར་ནས་དྲུག་པའི་སྨོན་ལམ་འཚོག་བཞིན་ཡོད།

ཐུན་རིན་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། རེབ་གོང་གི་དྲུག་པའི་སྨོན་ལམ་སྐབས་སུ་སྤུས་ལེགས་ལམ་ཐིག་བཞིའི་སོ་སོར་ཐང་ག་ཉམས་ལེན་དང་མཛེས་ལྗོངས་ཁུལ་ལྟ་སྐོར། བརྗོད་བྱ་གཙོ་བོའི་དམངས་སྡོད་ཁང་། ཞིང་པའི་སྤྲོ་གསེང་། ཞིམ་ཟས་བྲོ་བ་སོགས་སྤུས་ལེགས་ཡུལ་སྐོར་ཐོན་རྫས་ཚུད་ཡོད་པས་ཡུལ་སྐོར་བས་དགའ་པོ་ཆེན་པོ་བྱེད་ཀྱིན་ཡོད། ཐུན་རིན་གྲོང་ཁྱེར་གྱིས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ལས་དོན་ཁང260ལྷག་སྣེ་ལེན་བྱས་པ་དང་། སྒེར་འཁོར་ཡུལ་སྐོར་བྱེད་མཁན་མི་ཐེངས21850དང་། ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་བྱེད་མཁན་མི་ཐེངས3658། ཁུལ་ནང་ཁུལ་གྱི་ཡུལ་སྐོར་བ་མི་ཐེངས137892བཅས་ལ་སྣེ་ལེན་བྱས་པས། ཕན་འབྲས་ཡོད་པའི་སྒོ་ནས་བཟའ་བཏུང་དང་ཞག་སྡོད། མཛེས་ལྗོངས་ཁུལ་སོགས་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

དྲུག་པའི་སྨོན་ལམ་སྐབས་སུ་ཐུན་རིན་གྲོང་ཁྱེར་གྱིས་ད་དུང་འཛད་སྤྱོད་ལ་སྐུལ་འདེད་དང་ཁྱད་ལྡན་ཚོང་ཟོག་ཞིམ་ཟས་རོལ་རྩེད་ཀྱི་དགའ་སྤྲོའི་བྱེད་སྒོ་དང་། “སྡེ་བའི་དགོང་ཚོགས”སྟོན་དུས་ལོ་ལེགས་རྟེན་འབྲེལ་བྱེད་སྒོ། གྲོང་གསེབ་རོལ་དབྱངས་འདུ་ཚོགས་སོགས་བྱེད་སྒོ་ཆེ་གྲས་སྔ་གཞུག་ཏུ་སྤེལ་བ་དང་། 2024ལོའི་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྲུབ་འབྲས་འགྲེམ་སྟོན་དུས་ཚིགས་སྒྲུབ་རོགས་བྱས་ནས། རྒྱ་ཆེའི་ཡུལ་སྐོར་བར་ཐུན་རིན་རིག་གནས་ཀྱི་མཚོན་རྟགས་དང་ནང་དོན་ལྡན་པའི་ཚོགས་འདུ་གཟབ་རྒྱས་མཁོ་འདོན་བྱས།

ཉེ་བའི་ལོ་ཤས་རིང་ཐུན་རིན་གྲོང་ཁྱེར་གྱིས་རེབ་གོང་གི་དྲུག་པའི་སྨོན་ལམ་གྱི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཉམས་ལྡན་པའི་མངོན་ཚུལ་ཞིག་ཏུ་བརྩི་ཞིང་། དེའི་ནང་ཚུད་པའི་རང་བྱུང་དད་གུས་དང་སྐྱེ་ཁམས་ཀུན་སྤྱོད་སློབ་གསོ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་སོགས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དང་། དེ་བཞིན་མི་རིགས་སོ་སོ་མཉམ་འདྲེས་མཉམ་གནས་ཀྱི་ལོ་རྒྱུས་དཔང་པོ་སྔོག་འདོན་གཏིང་ཟབ་བྱས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ལ་དགའ་མོས་བྱེད་མཁན་དང་རིག་གནས་ཞིབ་འཇུག་པ་མང་པོའི་ཡིད་དབང་བཀུག 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号