“འཛམ་གླིང་ཡང་རྩེ”རུ་རླུང་ཤུགས་གློག་འདོན་ལས་དོན་འཕེལ་རྒྱས་སུ་བཏང་བ།

རི་བོ་ཧི་མ་ལ་ཡའི་བྱང་རྒྱུད་ཀྱི་བོད་རང་སྐྱོང་ལྗོངས་ས་སྐྱ་རྫོང་དུ“ཀྲུང་ཧུའུ་ས་སྐྱའི་སྟོང་ཝ་ཁྲི30རླུང་འོད་གསོག་འཇོག་གཞི་གཅིག་ཅན་གྱི་ལས་གཞི”རླུང་ཤུགས་འདབ་ལྷེ་སྐྱེལ་འདྲེན་དང་སྒྲིག་སྦྱོར་བྱེད་པའི་རྩེ་མོའི་དུས་རིམ་ལ་སླེབས་པ་དང་། རིང་ཚད་ལ་སྨི90.5དང་ལྗིད་ཚད་ལ་ཏུན23.6ཡོད་པའི་ཤར་ཕྱོགས་གློག་ཤུགས་རླུང་ཤུགས་འདབ་ལྷེ་ཉིན་ཤས་བསྟུད་མར་རླངས་འཁོར་ནང་བཞག་ནས་ལས་གཞི་ས་བབ་སྨི5193ཟིན་པའི་ཡུལ་དངོས་སུ་སྐྱེལ་འདྲེན་བྱས།

“ལས་གཞི་རླུང་ཤུགས་ཡུལ་དངོས་ཆ་སྙོམས་ས་བབ་སྨི4600ཟིན་པ་དང་། བསྡོམས་པས་ཤར་ཕྱོགས་གློག་ཤུགས་རླུང་ཤུགས་མ་རྐང་ཚད་ཡོད་ཀུང་སི་ཡིས་ཞིབ་འཇུག་དང་གསར་བཟོ་བྱས་པའི་ཀྲའོ་ཝ5.0ཕྱོགས་གཉིས་སུ་སྐྱེལ་པའི་རླུང་ཤུགས་གློག་འདོན་འཕྲུལ་ཆས40བདམས་པ་ཡིན”ཞེས་ལས་གཞིའི་སྤྱི་གཉེར་པ་ཚེ་བུན་ཐའོ་ཡིས་དེ་ལྟར་བརྗོད། འཕྲུལ་ཆས་དེའི་ནུས་ཚད་གང་དུས་ཀྱི་གློག་འདོན་ཚད་དུས་ཚོད་གཅིག་ལ་འཁོར་ན་སྤྱིར་བཏང་གི་ཁྱིམ་ཚང4ལོ་གཅིག་གི་གློག་སྤྱོད་ཚད་མཁོ་འདོན་བྱེད་ཐུབ།

སྐྱེལ་འདྲེན་བྱེད་བཞིན་པའི་རླུང་ཤུགས་འདབ་ལྷེ།

མདོ་དབུས་མཐོ་སྒང་དུ་ཕུན་སུམ་ཚོགས་པའི་ས་བབ་མཐོ་བའི་རླུང་ཤུགས་ཐོན་ཁུངས་ཡོད་པས། རླུང་ཤུགས་གློག་འདོན་འཕེལ་རྒྱས་སུ་གཏོང་བའི་ལྷན་སྐྱེས་ཀྱི་ལེགས་ཆ་ལྡན། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་གི་ཁེ་ལས་མང་པོས་བོད་ལྗོངས་ཀྱི་རླུང་ཤུགས་ཁྲོམ་ར་གསར་སྤེལ་བྱས་པས་བོད་ལྗོངས་ཀྱི་ནུས་ཁུངས་གསར་བ་འཆར་འགོད་ནས་འཛུགས་སྐྲུན། དེ་ནས་དྲ་སྦྲེལ་གློག་འདོན་གྱི“མཐོ་སྒང་གི་མྱུར་ཚད”དུ་སླེབས།

ས་སྐྱ་རྫོང་ནས་རི་བོ་ཧི་མ་ལ་ཡ་བརྒྱུད་དེ་ཤར་ཕྱོགས་སུ་སྤྱི་ལེ560ལ་བསྐྱོད་ཚེ། ས་བབ་སྨི5050ལྷོ་ཁ་གྲོང་ཁྱེར་མཚོ་སྨད་གྲི་གུ་རླུང་ཤུགས་གློག་ཁང་འཛུགས་སྐྲུན་ཟིན་ནས་འཁོར་བསྐྱོད་བྱས། བོད་ལྗོངས་ཀྱི་དྲ་སྦྲེལ་གྱི་རླུང་ཤུགས་ལས་གཞི་ཞིག་ཡིན་པའི་ཆ་ནས། མཚོ་སྨད་གྲི་གུ་ལས་གཞི་དེ་ད་ལོའི་ཟླ5བའི་ཟླ་མཇུག་བར་དུ་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར2.35ཟིན་པ་དང་། མཐའ་འཁོར་གྱི་ཁྱིམ་ཚང་ཁྲི་ཁྲི་འབུམ་འབུམ་གྱི་ལོ་གཅིག་གི་གློག་འདོན་ཚད་མཁོ་འདོན་བྱས་པས། ནུས་ལྡན་གྱིས་བོད་ལྗོངས་ཀྱི་གློག་ཤུགས་མི་འདང་ས་སེལ་པ་རེད།

རླུང་ཤུགས་མཐོ་སྒང་དུ་བཙུགས་པ་དེ་འཕྲུལ་ཆས་མཐོ་སྒང་དུ་སྐྱེལ་བ་ཙམ་མིན་པར། ས་བབ་མཐོ་བ་དང་གནམ་གཤིས་ངན་པའི་འགྲན་སློང་དང་ཁ་གཏོད་དགོས་ན་གསར་གཏོད་ཀྱི་ཞིབ་འཇུག་མང་པོ་བྱེད་དགོས། ཐ་ན་རླུང་ཤུགས་འདབ་ལྷེ་ཡང་ངེས་པར་དུ་དམིགས་བསལ་གྱི་ཞང་ཚད་ལྟར་ཆེད་དུ་བཟོ་བ་ཡིན།

ཤར་ཕྱོགས་གློག་ཤུགས་རླུང་ཤུགས་ཞིབ་འཇུག་འཆར་འགོད་ཁང་གི་ཀྲུའུ་རེན་གཞོན་པ་བཟོ་བཀོད་པ་དབྱང་ཁེ་པིན་གྱིས། དེ་ནི་འཕྲུས་ཆས་ས་བབ་མཐོ་ས་ནས“མཐོ་སྒང་གི་ཤུགས་རྐྱེན་ཐེབས”པས། མཁའ་དབུགས་ཀྱི་མཐུག་ཚད་དམའ་བས་འཕྲུས་ཆས་ཚད་ཇེ་དམའ་རུ་གྱུར་བ་དང་ལས་ཆོད་མར་བབས་པ་ཡིན། རླུང་གནོན་དམའ་བས་གློག་ཤུགས་གློག་རྒྱུན་གཅོད་པའི་ནུས་བ་དམའ་རུ་འགྲོ་བ་དང་། སྨུག་ཕྱིའི་འོད་ཟེར་མཐོ་བས་ལྷུ་ལག་ལ་ལ་མགྱོགས་མྱུར་རྙིང་བར་འགྱུར། གཞན་ཡང་དྲག་རྒྱུག་མཐོ་ཞིང་རླུང་ཕྱོགས་འགྱུར་ལྡོག་གིས་དཔྱད་དཔག་བྱེད་དཀའ་བ་ཡིན། ཆེས་མཐོ་བའི་མཐོ་སྒང་གི་རླུང་ཤུགས་ལག་རྩལ་གྱི“མྱ་ངན་ཐང”དུ་བསྐྱོད་ཚེ་གང་སར་དཀའ་ངལ་དང་འཕྲད་པས་འཆར་འགོད་དང་ལག་རྩལ་ཐོག་ནས་ཐག་གཅོད་བྱེད་དགོས་ཟེར། 

ཞིབ་འཇུག་དང་གསར་བཟོ་མི་སྣས་སྔོན་ལ་རྩིས་བརྒྱབ་པ་དང་དེ་ནས་ཚོད་ལྟ་བྱས་པ། མཐར་རྒྱུན་མཐུད་གཟའ་འཁོར་འགའ་ལ་ཡུལ་དངོས་སུ་གཞི་གྲངས་ལྟ་ཞིབ་ཚད་འཇལ་བྱས་ནས་ར་སྤྲོད་བྱས། ཡང་ནས་བསྐྱར་དུ་རིགས་འདེད་རྒྱས་བཀྲོལ་དང་ལག་ལེན་བརྒྱུད། འདབ་ལྷེ་ཞང་ཇེ་ཆེ་དང་གློག་འདོན་འཕྲུལ་འཁོར་རྣམ་པ་བདམས་ནས་མགྱོགས་ཚད་ཤོར་བའི་དཀའ་ཁག་ཐག་གཅོད། དམིགས་བསལ་གྱི་སྣུམ་བྱུགས་པ་སོགས་ཀྱིས་རྙིང་འགྱུར་གནད་དོན་སེལ། མིག་སྔར་རང་རྒྱལ་གྱིས་ས་བབ་ཆེས་མཐོ་སའི་རླུང་ཤུགས་ཀྱི་རང་བདག་ལག་རྩལ་ཡོངས་ཁོང་དུ་ཆུད་པ་མ་ཟད། རྒྱལ་ནང་གི་རླུང་གི་ཐོན་ཁུངས་གསར་སྤེལ་གྱི་གཞི་གྲངས་ཆེན་མོའི་སྟེགས་བུ་བཙུགས་ནས་རླུང་ཤུགས་གསར་སྤེལ་དེ་རིག་གནས་དུས་རབས་ནང་བསྐྱོད་པར་གྱུར།

བོད་ལྗོངས་ཀྱི་རླུང་ཤུགས་ར་བ།

“ཕ་མེས་ཡང་མེས་ལོ་ཧྲིལ་བོར་གྲང་ངར་ལྡན་པའི་གནམ་གཤིས་ནང་འཚོ་བ་རོལ་པ་དང་། བསམ་ཡུལ་ལས་འདས་པ་ཞིག་ལ་ད་ལྟ་རླུང་ཤུགས་གློག་འདོན་བརྒྱུད་དེ་མི་ཚོའི་ཉིན་རེའི་འཚོ་བའི་དགོས་མཁོ་ལ་འགན་སྲུང་ཡོད་པར་གྱུར་ཞིང་། རང་བྱུང་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་ཁེ་བཟང་དུ་སྒྱུར”ཞེས་འབྲི་ཆུའི་འགག་གསུམ་ཚོགས་པ་བོད་ལྗོངས་ནུས་ཁུངས་དངུལ་གཏོང་ཚད་ཡོད་ཀུང་སིའི་ལས་བཟོ་པ་སྐལ་བཟང་དབང་ལྷ་ཡིས་རླུང་ཤུགས་འཕྲུལ་ཆས་ལ་ལྟོས་ནས་དེ་ལྟར་བརྗོད།

རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ཆུ་ཚད་དང་རྣམ་གྲངས་བཟོ་སྐྲུན་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་ནུས་ཁུངས་སྒྲིག་བཀོད་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་། གསར་འགོད་པས་རྒྱལ་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་ལྟར་ན། བོད་ལྗོངས་ཆུ་གློག་དང་འོད་ནུས་གློག་འདོན། རླུང་ཤུགས་སྤྱིའི་སྒྲིག་སྦྱོར་འཕྲུལ་ཆས་སྟོང་ཝ་ཁྲི500ལས་བརྒལ་བ་དང་། ནུས་ཁུངས་གཙང་མའི་གློག་འདོན་སྒྲིག་སྦྱོར་འཕྲུལ་ཆས་ཤོང་ཚད་གློག་འདོན་སྤྱིའི་སྒྲིག་སྦྱོར་ཤོང་ཚད་ཀྱི90%ལས་བརྒལ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号