མལ་གྲོ་གུང་དཀར་རྫོང་གི་པད་ཁའི་མེ་ཏོག་བཞད་ཅིང་གྲོང་ཚོ་མཛེས།

འདི་ནི་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གི་གྲོང་མི་ཞིག་གིས་ཞིང་ཁ་ནས་ངལ་རྩོལ་བྱེད་བཞིན་པའི་ཚུལ།

འདི་ནི་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གི་གྲོང་མི་ཞིག་གིས་ཞིང་ཁ་ནས་ཡུར་མ་ཡུར་བཞིན་པའི་ཚུལ་རེད།

འདི་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་བསླབ་སྟོང་གྲོང་ཚོའི་གྲོང་མི་ཞིག་གིས་པད་ཁའི་ཞིང་ལ་ལུད་འཇོག་བཞིན་པའི་ཚུལ་རེད།

འདི་ནི་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གི་པད་ཁའི་ཞིང་ཁ་རེད།

འདི་ནི་མལ་གྲོ་གུང་དཀར་རྫོང་གི་ལུང་བ་ཞིག་རེད།

འདི་ནི་རྒྱལ་ལམ318པད་མའི་མེ་ཏོག་གསེང་ནས་ཡོད་པའི་ཚུལ་རེད།

འདི་ནི་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་མཐའ་རྒྱས་གྲོང་ཚོའི་སྐས་ཞིང་རེད།

འདི་ནི་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོའི་རྣམ་པ་རེད།

ཉེ་ཆར། མལ་གྲོ་གུང་དཀར་རྫོང་གིས་པད་ཁ་མེ་ཏོག་རབ་ཏུ་བཞད་པའི་དུས་ཚིགས་བསུས་ཤིང་། རྒྱང་རིང་ལ་ལྟོས་ཚེ་མིག་ལམ་དུ་མངོན་པ་ནི་གསེར་མདོག་གི་ས་གདན་བཏིང་བ་དང་འདྲ་བའི་པད་ཁ་མེ་ཏོག་བསིལ་རླུང་ནང་གཡོ་ཞིང་དྲི་ཞིམ་ཕྱོགས་བཞིར་འཐུལ། རབ་ཏུ་བཞད་པའི་མེ་ཏོག་ཞིང་ཁ་ཡོངས་སུ་ཁྱབ་པས་དབྱར་དུས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མངོན། མེ་ཏོག་གི་རྒྱ་མཚོ་དང་གྲོང་གསེབ་གཞུང་ལམ། གྲལ་འགྲིག་པའི་གྲོང་ཚོའི་སྡོད་ཁང་བཅས་ཀྱིས་མཉམ་དུ་འཆམ་མཐུན་མཉམ་གནས་ཀྱི་ཞིང་ཁའི་མཛེས་ལྗོངས་ཞིག་ངང་གིས་གྲུབ་པ་རེད།

དབྱར་ཟླ་བདུན་པའི་མལ་གྲོ་གུང་དཀར་ནི་གསེར་མདོག་གི་རྒྱ་མཚོ་ལྟ་བུ་ཡིན། པད་ཁའི་མེ་ཏོག་གིས་རང་གི་རྣམ་པ་ཡག་པོས་མི་ཡི་ཡིད་སེམས་དབང་མེད་དུ་བཀུག་པ་དང་། སྤྲོ་སེམས་ཁོལ་བའི་ངང་རྒྱང་རིང་གི་མགྲོན་པོ་བསུས་དང་བསུ་བཞིན་ཡོད།

ཡངས་ཤིང་རྒྱ་ཆེ་བའི་ས་གཞི་འདི་སྟེང་། པད་ཁའི་མེ་ཏོག་རབ་ཏུ་བཞད་པའི་ས་ཞིང་ནི་གསར་མདོག་གི་དར་གོས་བཞིན་གནམ་སྔོན་པོ་དང་སྤྲིན་དཀར་པོ་འོག་བཏིང་ཡོད། བསིལ་རླང་ལྡིང་པ་དང་བསྟུན་མེ་ཏོག་གི་རྒྱ་མཚོ་རུ་རྦ་རླབས་གཡོ་ཞིང་དྲི་ཞིམ་ཕྱོགས་བཞིར་འཐུལ་པ་རེད།

གལ་ཏེ་ཁྱོད་རང་མེ་ཏོག་གི་རྒྱ་མཚོ་ནང་བསྐྱོད་ཚེ། རྨི་ལམ་གྱི་ཞིང་ཁམས་སུ་སླེབས་པ་དང་མཚུངས། ཡུལ་སྐོར་པའི་དགོད་སྒྲ་དང་པར་ཆས་ཀྱི་སྒྲ་སོགས་མེ་ཏོག་གསེང་ནས་ཁེངས། ཁོ་ཚོས་མཛེས་སྡུག་ལྡན་པའི་སྐད་ཅིག་ཉིད་དེ་ཐོ་འགོད་བྱེད་བཞིན་ཡོད། བྱིས་པ་ཚོས་མེ་ཏོག་གི་གསེང་དུ་རྩེད་འཇོར་རོལ་ཞིང་མི་ཆེ་བ་ཚོས་རང་བྱུང་ཁམས་ཀྱི་གནང་སྦྱིན་དེ་ནང་ནས་སེམས་ཁམས་ཀྱི་ལྷིང་འཇགས་དང་སོས་དལ་འཚོལ་བཞིན་ཡོད།

སྔོན་ཆད་བབ་ཆགས་སུ་གནས་པའི་གྲོང་ཚོ་ཡང་པད་པ་མེ་ཏོག་རབ་ཏུ་བཞད་པས་ལྷག་ཏུ་མཛེས་པ་དང་། སྤྱིར་བཏང་གི་སྡོད་ཁང་ཡང་མེ་ཏོག་གིས་ཡོངས་སུ་བརྒྱན་པས་བྱིས་སྒྲུང་ནང་གི་མཁར་རྫོང་དང་འདྲ། གྲོང་ཚོའི་གཞུང་ལམ་འགྲུམ་རྒྱུད་དུ་འབྲོག་མི་ལ་ལས་ཁྱད་ལྡན་ཐོན་རྫས་བཤམས་ནས་ཡུལ་སྐོར་པས་རང་བྱུང་མཛེས་ལྗོངས་རོལ་མྱོང་བྱེད་ཞོར་ས་གནས་མངར་ཟས་ཀྱང་རོལ་མྱོང་བྱེད་དུ་བཅུག དེ་མིན་ཐུན་མོང་མ་ཡིན་པའི་དམངས་སྲོག་རིག་གནས་ཀྱང་ཚོར་བ་རེད།

དབྱར་ཟླ་བདུན་པའི་མལ་གྲོ་གུང་དཀར་རྫོང་དུ་པད་ཁའི་མེ་ཏོག་གིས་ས་གནས་དེར་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་སུ་བཅུག་པ་མ་ཟད། ཡུལ་སྐོར་པའི་ཡིད་སེམས་དབང་མེད་དུ་བཀུག་ནས་གྲོང་ཚོ་ལ་རྣམ་པ་གསར་བ་མངོན་དུ་བཅུག 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号