མཚོ་སྔོན་པོ་འགྲམ་རྒྱུད་ཀྱི་པད་ཁའི་མེ་ཏོག་རབ་ཏུ་བཞད་པ།

དབྱར་ཟླ་བདུན་པའི་མཚོ་སྔོན་པོ་ཡིས་ལོ་གཅིག་གི་ནང་ཆེས་མཛེས་པའི་དུས་ཚིགས་བསུས་ཤིང་། ས་མུའུ་སྟོང་གི་པད་ཁའི་མེ་ཏོག་གིས་མཚོ་སྔོན་པོ་ཡོངས་སུ་བསྐོར་ཞིང་། རྒྱང་རིང་དུ་ལྟོས་ཚེ་མིག་ལམ་དུ་མངོན་པ་ནི་གསེར་མདོག་གི་པད་ཁའི་མེ་ཏོག་དང་རླབས་སྔོན་ཡམ་ཡོམ་དུ་གཡོ་བའི་མཚོ། གནམ་སྔོན་པོ་དང་སྤྲིན་དཀར་པོ་ཕན་ཚུན་འདྲེས་པ། ལྕགས་རྟ་ཞོན་མཁན་མཚོ་བསྐོར་ནས་རྒྱུ་པའི་རྣམ་པ་ནི་སྣུམ་ཚོན་རི་མོ་ཞིག་དང་འདྲ་བར་གནས་དེར་ཡོང་བའི་ཡུལ་སྐོར་པ་ཚོའི་ཡིད་སེམས་དབང་མེད་དུ་འཕྲོག་པ་རེད།

མཚོ་སྔོན་པོ་རི་ཚོགས་ཀྱིས་བསྐོར་ཞིང་། མཚོ་ངོས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4500དང་ཆུ་ཡི་གཏིང་ཟབ་ས་སྨི32ཟིན་ཡོད། མཚོ་མོ་ཡངས་ཤིང་རྒྱ་ཆེ་ལ་འབྲོག་རྩྭ་སྐྱེས་ཚུལ་ལེགས་པ། མཚོ་ནང་དུ་བཞུར་བའི་ཆུ་བོ་མང་པོ་མཐའ་འཁོར་རི་ཁུལ་གྱི་ཆུ་བོ་ཡིན་པས་འབབ་རྒྱུད་ཡོངས་ཀྱི་མཚོ་ནང་བཞུར་བའི་ཆུ་ཚད་ཀྱི80%ཟིན་ཡོད། མཚོ་སྔོན་པོ་ནི་ཀྲུང་གོའི་ཚྭ་མཚོ་དང་པོ་ཡིན་པ་མ་ཟད་འཛམ་གླིང་ཡོངས་སུ་ཆེས་མཛེས་པའི་མཚོ་མོ་ནང་གི་གཅིག་ཡིན། 

མཚོ་སྔོན་པོ་འགྲམ་རྒྱུད་ཀྱི་རབ་ཏུ་བཞད་པའི་པད་ཁའི་མེ་ཏོག

ཡུལ་སྐོར་པ་ཞིག་གིས་པད་ཁའི་མེ་ཏོག་པར་ལེན་བཞིན་པ།

མཚོ་སྔོན་པོ་འགྲམ་རྒྱུད་ཀྱི་རབ་ཏུ་བཞད་པའི་པད་ཁའི་མེ་ཏོག

མཚོ་སྔོན་པོ་འགྲམ་རྒྱུད་ཀྱི་རབ་ཏུ་བཞད་པའི་པད་ཁའི་མེ་ཏོག

མཚོ་སྔོན་པོ་འགྲམ་རྒྱུད་ཀྱི་རབ་ཏུ་བཞད་པའི་པད་ཁའི་མེ་ཏོག

མཚོ་བསྐོར་ལྕགས་རྟ་འགྲན་བསྡུར།

མཚོ་བསྐོར་ལྕགས་རྟ་འགྲན་བསྡུར།

མཚོ་སྔོན་པོ་འགྲམ་རྒྱུད་ཀྱི་རབ་ཏུ་བཞད་པའི་པད་ཁའི་མེ་ཏོག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号