བོད་ལྗོངས་གནམ་མཚོའི་འགྲམ་རྒྱུད་དུ་གླུ་ལེན་བྲོ་འཁྲབ་བྱེད་བཞིན་ཡོད།

དཀར་གཙང་གི་གཉན་ཆེན་གདང་ལ་རི་བོ་དང་མཐོ་སྒང་གི་མཚོ་མོ་སྔོན་པོ། སྤྲོ་སེམས་རབ་ཏུ་འཁོལ་བའི་སྲོལ་རྒྱུན་བོད་ཀྱི་ཞབས་བྲོ། ཟླ7པའི་ཚེས17ཉིན། བོད་ལྗོངས་གནམ་མཚོའི་གནམ་གཤིས་ཡག་ཅིང་རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག “བདེ་སྐྱིད་བོད་ལྗོངས། བཀྲ་ཤིས་བདེ་ལེགས”ཞེས་པ་བརྗོད་དོན་གཙོ་བོར་འཛིན་པའི་སྐབས་གཉིས་པའི་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་དམངས་ཕན་འཁྲབ་སྟོན་གནམ་མཚོ་འགྲམ་རྒྱུད་དུ་འཁྲབ་མགོ་ཚུགས།

བྱ་འགུལ་ཡུལ་དངོས།

སྐབས་གཉིས་པའི་བོད་ལྗོངས་རིག་གནས་དུས་ཆེན་ཟླ7པའི་ཚེས12ཉིན་བོད་ལྗོངས་ཟློས་གར་ཁང་ནས་མགོ་ཚུགས་ཤིང་དུས་ཡུན་ཟླ་གཅིག་ཡིན། དུས་ཆེན་རིང་བོད་ལྗོངས་ཡོངས་ཀྱི་དམངས་ཁྲོད་ཞབས་བྲོ་འགྲན་བསྡུར་ཆེན་མོ་དང་དམངས་ཁྲོད་གླུ་བ་གླུ་མའི་འགྲན་བསྡུར་ཆེན་མོ། ན་གཞོན་གླུ་བའི་འགྲན་བསྡུར་ཆེན་མོ། བོད་ཀྱི་ལྷ་མོ་ཟློས་གར་འགྲན་བསྡུར་ཆེན་མོ། རོལ་དབྱངས་འགྲན་བསྡུར་ཆེན་མོ་བཅས་སྤེལ་རྒྱུ་རེད། བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ཀྱིས་རིག་གནས་སྒྱུ་རྩལ་དུས་ཆེན་བརྒྱུད་དེ་བོད་ལྗོངས་ཀྱི་ཁྱད་ལྡན་རྣམ་པ་དང་ཚོང་འགུག་དངུལ་འདྲེན་ལ་སྐུལ་འདེད། རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་བླང་བྱ་བཏོན།

རྒྱུས་ལོན་ལྟར་ན། ཐེངས་འདིའི་གནམ་མཚོ་འགྲམ་རྒྱུད་ཀྱི་དམངས་ཕན་འཁྲབ་སྟོན་གཞིས་ཀ་རྩེ་ས་སྐྱ་སྒྱུ་རྩལ་ཚོགས་པའི《བཀྲ་ཤིས་པའི་ཞབས་བྲོ》ཁྲོད་མགོ་བརྩམས་པ་དང་། ད་དུང《ཉི་འོད་འོག་གི་སྐལ་བཟང་མེ་ཏོག》དང《མདའ་མོའི་གླུ་གཞས》།《འབྲོག་ཕྲུག་ཆུང་ཆུང》སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས། འཁྲབ་སྟོན་པས་ལུས་སུ་མི་རིགས་ཀྱི་གཟབ་མཆོར་སྤྲས་ཏེ་རོལ་དབྱངས་དང་བསྟུན་ཞབས་བྲོ་འཁྲབ་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་དང་ཡིད་སེམས་འགུགས་པའི་གླུ་ཡིས་ཡུལ་དངོས་ལྟད་མོ་པ་ཚོའི་དགའ་བསུ་ཆེན་པོ་ཐོབ།

བྱ་འགུལ་ཡུལ་དངོས།

གནམ་མཚོའི་མཚོ་ངོས་ས་བབ་སྨི4700ཟིན་པ་དང་། དེ་ནི་བོད་ལྗོངས་ཀྱི་མཚོ་ཆེན་མོ་གསུམ་ནང་གི་གཅིག་ཡིན། ཚེས17ཉིན་གྱི་འཁྲབ་སྟོན་ཡུལ་དངོས་སུ་ཧྥུའུ་ཅན་ནས་ཡོང་བའི་ཡུལ་སྐོར་པ་བུད་མེད་ཐང་གིས“ཐེངས་དང་པོར་གནམ་མཚོ་རུ་ཡོང་ནས་འཁྲབ་སྟོན་ལ་ལྟ་ཐུབ་པ་དངོས་གནས་ལེགས་པ་དང་། ཞབས་བྲོ་རེ་རེར་རང་གི་ཁྱད་ཆོས་ལྡན་པས་བོད་ལྗོངས་ཀྱི་རིག་གནས་ཡིད་དབང་འཕྲོག་ཤུགས་དང་ཞབས་བྲོའི་རྣམ་པ་མཚོན་ཡོད”ཟེར། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号