མཚོ་སྔོན་ཚོང་ཚོགས་སྐབས25བའི་སྟེང་གི་ཀོས་ནན་གྱི་ཁྱད་ལྡན་ཐོན་རྫས།

ཀོས་ནན་རྫོང་གིས་མཚོ་སྔོན་ཚོང་ཚོགས་ཀྱི་གོ་སྐབས་དེར་ཚད་མཐོའི་མཐོང་ཆེན་བྱས་ནས་སྒྲིག་འཛུགས་ཞིབ་ཚགས་དང་གྲ་སྒྲིག་ཧུར་ཐག་བྱས་ཏེ་རང་རྫོང་གི་ཕུན་སུམ་ཚོགས་པའི་ཞིང་ཕྱུགས་ལས་ཐོན་ཁུངས་དང་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་མངོན་པར་བྱས་ཡོད།འགྲེམས་སྟོན་ཁུལ་དུ་ཐོན་རྫས་སྣ་ཁ་ཧ་ཅང་མང་པོ་ཡོད་པ་དེའི་ནང་སྤུས་ཚད་མཐོ་བའི་ལྗང་མདོག་སྐྱེ་ལྡན་ལོག་དཀར་སྣུམ་དང་།ནོར་གནག་གི་ཤའི་ཐོན་རྫས།རྡོ་བརྐོས་ཐོན་རྫས།གཡང་ཊིའི་རྒྱན་ཆ།བོད་ལུགས་གཙགས་དྲུབ་དང་བལ་ནག་གིས་བཟོས་པའི་སྐེ་དཀྲིས་སོགས་ཡོད་པས་གྲོང་མི་མང་པོ་ཞིག་གི་ཡིད་དབང་རབ་ཏུ་བཀུག་ཡོད།མེ་ཏོག་གི་རྫ་མའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དངོས་སུ་མྱོང་རོལ་ཐུབ་པ་མ་ཟད།ད་དུང་ཙོང་ལ་ནས་ཆང་གི་བྲོ་བ་དངོས་སུ་མྱོང་རོལ་ཐུབ་པས།འགྲེམས་ཁུལ་གྱི་སྤྲོ་སྣང་རང་བཞིན་དང་ཐོན་རྫས་ཀྱི་མཚན་སྙན་ཡང་སྔར་ལས་ཇེ་ཆེར་ཕྱིན་ཡོད། 

མཚོ་སྔོན་ཚོང་ཚོགས་བདེ་བླག་གིས་འཚོགས་པ་དེས་ཀོས་ནན་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་མ་ཟད།དམངས་ཚིས་ཇེ་ལེགས་སུ་འགྲོ་རྒྱུར་ཡང་སྐུལ་འདེད་བཏང་།ཚོང་འགུགས་མ་འདྲེན་དང་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ཀོས་ནན་རྫོང་གིས་ས་གནས་ཀྱི་སྡོད་དམངས་ལ་ལས་ཞུགས་ཀྱི་གོ་སྐབས་དང་ལས་གཏོད་ཀྱི་གོ་སྐབས་སྔར་ལས་མང་བ་མཁོ་འདོན་བྱས་ནས་སྡོད་དམངས་ཀྱི་ཡོང་འབབ་དང་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་ཐུབ།དེ་དང་ཆབས་ཅིག་ཀོས་ནན་རྫོང་གིས་རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་མངོན་ནས་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་གཉིས་ཕན་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་ཏེ།ཀོས་ནན་རྫོང་གི་ཁྱད་ལྡན་ཐོན་རྫས་མཚོ་སྔོན་དང་རྒྱལ་ཡོངས་སུ་བསྐྱོད་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ལ་ཕན་བདེ་བསྐྲུན་རྒྱུ་དེ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号