ན་གོར་མོ་གྲོང་ཁྱེར་གྱིས་མཚོ་ནུབ་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་མགོ་ཚུགས་པ།

ཟླ7པའི་ཚེས15ཉིན“ལོ་ངོ་བདུན་ཅུར་བསྔགས་བརྗོད་བྱེད་པ་དང་འོད་སྟོང་གསར་པ་གཏོད་པའི”ན་གོར་མོ་གྲོང་ཁྱེར་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་མགོ་ཚུགས།

ན་གོར་མོ་གྲོང་ཁྱེར་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པའི་ངགོ་ཚུགས་མཛད་སྒོའི་སྟེང་། གྲལ་སྟར་འགྲིག་པའི་རུ་ཁག་རེ་རེ་བཞིན་ཚོགས་ར་ནང་དལ་བར་བསྐྱོད་པ་དང་། ཁོ་ཚོའི་བློ་སྟོབས་རབ་ཏུ་འཕེལ་བ་དང་གོམ་སྟབས་རབ་ཏུ་འཕེལ་བ་རེད། ཐང་ཆེན་ཆེ་གྲས་ཀྱི་རིག་རྩལ་གླུ་གར་འཁྲབ་སྟོན《ཉི་འོད་འོག་འཚར་ལོངས་བྱུང་བ》དང《ཁྱེད་ཀྱི་ཆེད་དུ་གླུ་ལེན་པ》ཞེས་པའི་ནང་མགོ་ཚུགས་པ་རེད། ཁུལ་སྲིད་གཞུང་བཙུགས་ནས་ལོ་འཁོར70ལོན་པ་བརྗོད་དོན་ཡིན་པའི་གཞི་རྒྱ་ཆེ་བའི་ཐང་ཆེན་ཞབས་བྲོ《སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ》དང《སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཏེ་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ་དང་མེས་རྒྱལ་ལ་བཀྲ་ཤིས་སྨོན་འདུན་ཞུ》། 《ལང་ཚོ་དང་རེ་བའི་རྒྱུན་འཛིན》སོགས་ལེ་ཚན་རེ་རེ་བཞིན་དུ་སྙན་ཤིང་འཇེབས་པའི་གླུ་སྐད་ལ་བརྟེན་ནས་དུས་རབས་གསར་པའི་བདེ་སྐྱིད་ཀྱི་འཚོ་བ་བསྔགས་བརྗོད་བྱེད་པ་དང་། སྤྲོ་སེམས་འཁོལ་བའི་ཞབས་བྲོའི་རྣམ་པའི་སྟེང་ནས་དུས་རབས་གསར་པའི་ན་གོར་མོའི་རིགས་སོ་སོའི་མང་ཚོགས་ཀྱི་ཉམས་འགྱུར་མངོན་པ་དང་། མཐུན་སྒྲིལ་མདུན་སྐྱོད་ཀྱི་རླབས་ཆེན་ལམ་བུའི་ཁྲོད་ལས་ལ་བརྩོན་ཞིང་། བབ་ཆགས་པའི་ན་གོར་མོའི་བུ་བུ་མོ་རྣམས་ལག་གདང་སྦྲེལ་ནས་བདེ་སྐྱིད་ཀྱི་འཚོ་བ་སྙེག་པར་བསྟོད་གླུ་བླངས།

མཚོ་ནུབ་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ། ན་གོར་མོ་གྲོང་ཁྱེར་གྱི་ཧྲུའུ་ཅི་ཀྲའོ་ཏུང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པའི་མགོ་ཚུགས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སྔར་ལས་བློ་སེམས་གཏིང་ཟབ་ཏུ་གཏོང་བ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། དྲིན་ཚོར་ཇེ་ཟབ་ཏུ་གཏོང་བ། མདུན་སྐྱོད་ཀྱི་སྙིང་སྟོབས་ཇེ་ཆེར་གཏོང་བ་བཅས་ཀྱི་བློ་སྟོབས་ཇེ་ཟབ་ཏུ་གཏོང་དགོས་དང་། ཞིང་ཆེན་དང་ཁུལ་ཏང་ཨུའི་སྲིད་གཞུང་གི་སྲ་ཞིང་བརྟན་པའི་མགོ་ཁྲིད་འོག་ནུས་ཤུགས་ཡོད་རྒུས་ཁྱོན་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་གྱི“མཐོ་ས་གསར་བ”གསར་སྐྲུན་བྱས་ནས། དེང་རབས་ཅན་གྱི་མཚོ་ནུབ་ཁུལ་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ན་གོར་མོའི་སྟོབས་ཤུགས་འབུལ་དགོས་པར་བསྟན། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号