པད་མ་རྫོང་གི“སྦྲེལ་བཞིའི”མ་དཔེ་གསར་པས་ཞིང་ཆེན་བརྒལ་བའི་ཏང་འཛུགས་སྐྲུན་མཉམ་སྐྲུན་གྱི་ཕན་ནུས་གསར་པ་སྐུལ་སྤེལ་བྱས་པ།

ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས“ཏང་འཛུགས་སྐྲུན་གྱི་བྱ་བ་མཉམ་འཛིན་དང་གཞི་རིམ་བཅོས་སྐྱོང་མཉམ་སྐྱོང་། ཐོན་ལས་འཕེལ་རྒྱས་མཉམ་སྙེག རིག་གནས་འཚོ་བ་མཉམ་འབྲེལ”གྱི“སྦྲེལ་བཞི”ཞིང་ཆེན་བརྒལ་བའི་ས་ཁོངས་ཅན་གྱི་ཏང་འཛུགས་སྐྲུན་གྱི་མ་དཔེ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་དང་། ཞིང་ཆེན་བརྒལ་བའི་མཉམ་འབྲེལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང4དང་རྫོང་དང་ཞང་བརྒལ་བའི་མཉམ་འབྲེལ་ཏང་ཀྲི་པུའུ12རྩ་འཛུགས་བྱས་པ་དང་། མཚོ་སྔོན་དང་སི་ཁྲོན་མཐའ་མཚམས་ཀྱི་འགྲོ་འོང་དང་མཉམ་ལས་ལ་ཤུགས་སྣོན་པ་དང་ལྷན་དུ། མཚོ་སྔོན་དང་སི་ཁྲོན་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་བརྟན་བརླིང་དང་འཆམ་མཐུན་ཁྲིམས་སྐྱོང་། མཐུན་སྒྲིལ་མཛའ་བརྩེའི་རྨང་གཞི་ནུས་ལྡན་སྒོས་བརྟན་པོར་བཏང་སྟེ། ས་ཁུལ་བར་གྱི་བརྟན་བརླིང་འཕེལ་རྒྱས་ལ་སྐུལ་འདེད་བྱས།

མཚོ་སྔོན་དང་སི་ཁྲོན་མཐའ་མཚམས་ཀྱི་མཉམ་འབྲེལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གིས། “མཉམ་སྐྲུན་དང་མཉམ་སྐྱོང་། མཉམ་སྡོམ། མཉམ་ཇུས། མཉམ་འཛིན”གྱི་བྱ་བའི་ཐབས་ལམ་ལྟར། རྩ་འཛུགས་འཚོ་བ་དང་སློབ་སྦྱོང་བརྗེ་རེས། ཏང་འཛུགས་སྐྲུན་མཐུན་འབྲེལ་སོགས་བྱ་འགུལ་རབ་དང་རིམ་པ་དུས་བཅད་ལྟར་སྤེལ་བར་མ་ཟད། ཏང་ཡོན་ཆ་འཕྲིན་འབྲེལ་འདྲིས་དང་འགུལ་རྣམ་དོ་དམ། ཕྱོགས་གཉིས་སློབ་གསོ་གསོ་སྦྱོང་སོགས་ཀྱི་ནང་རྐྱེན་བཙུགས་ལ། ཕན་ཚུན་ལ་བཅར་འདྲི་དང་སློབ་སྦྱོང་། རོགས་རེས་བཅས་ཀྱི་རྣམ་པ་བརྒྱུད། ས་གནས་གཉིས་ཀྱི་ཏང་ཡོན་གྱི་བསམ་བློ་དང་ནུས་པ་ཇེ་མཐོར་བཏང་། གཞན་ཡང་། སྤྱི་ཚོགས་བརྟན་འཇགས་དང་ཡུན་རིང་བདེ་འགོད་ཀྱི་སྤྱིའི་དམིགས་འབེན་ལ་གཞིགས་ཏེ། མཉམ་འབྲེལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་གྱི་མཐའ་མཚམས་ས་ཁུལ་དུ་འགལ་རྩོད་མཉམ་སྒྲིག་ནང་རྐྱེན་བཙུགས་པ་དང་། དུས་བཅད་ལྟར་མཐའ་མཚམས་ས་ཁུལ་གྱི་གཙོ་གནད་མང་ཚོགས་དང་མི་སྣ་གཙོ་བོའི་འགུལ་སྐྱོད་གནས་ཚུལ། དེ་མིན་མཐའ་མཚམས་སུ་འབྲེལ་བའི་ཞིང་སྡེ་བར་གྱི་འགལ་རྩོད་རྗེས་འདེད་གྲལ་བཤེར་བཅས་བྱས་ཏེ། མཐའ་མཚམས་མཉམ་སྐྲུན་དང་མཉམ་སྐྱོང་དང་མཉམ་རོལ་བཅས་ཀྱི་བཀོད་སྟངས་ཆགས་པར་སྐུལ་འདེད་བྱས། མིག་སྔའི་བར་དུ། མཉམ་འབྲེལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གིས་བསྡོམས་པས་མཐའ་མཚམས་ཀྱི་འགལ་རྩོད60ལྷག་ཐག་བཅད།

གཞན་ཡང་། མཉམ་འབྲེལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཐོན་ལས་འཕེལ་རྒྱས་མཉམ་ལས་མཉམ་རྒྱལ་དང་རིག་གནས་འཚོ་བ་མཐུན་འབྲེལ་གྱི་སྲོལ་གསར་མཉམ་སྐྲུན་སོགས་ཀྱི་བྱ་བའི་ཁྲོད་མཉམ་སྐྲུན་མཉམ་སྐྱོང་ལ་ཤུགས་བསྣན། མཐའ་མཚམས་ས་ཁུལ་གྱི་གཞུང་ལམ་དང་གློག་དྲ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་བསྒྱུར་བྱས་རྗེས། པད་མ་ནས་གསེར་རྟ་བར་གྱི་རེས་འཁོར་གཞུང་ལམ་ཤར་གཏོང་བྱས་ཤིང་། ཞིང་ཆེན་གཉིས་ཀྱི་སྡེ་མིའི་བར་གྱི་འགྲོ་འོང་དགོས་མཁོ་བསྐངས་ཏེ། ཚོང་ཟོག་འགྲོ་འོང་དང་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས། “དམར་དམག་སོང་སར་བསྐྱར་དུ་འགྲོ་བ”དང་མཉམ་འབྲེལ་གྲོས་ཚོགས། རིག་གནས་ཡུལ་སྐོར་དུས་ཆེན་སོགས་ཀྱི་རྣམ་པ་མང་པོ་བརྒྱུད། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་གཉིས་ཟུང་འབྲེལ་དམ་པོ་བྱས་ཤིང་། རིགས་སོ་སོའི་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་འདུ་ཤེས་ཇེ་ཆེར་གཏོང་བར་ཧུར་ཐག་གིས་སྣེ་ཁྲིད་དེ། རིགས་སོ་སོའི་མང་ཚོགས་བར་གྱི་འགྲོ་འོང་དང་བརྗེ་རེས་དང་མཉམ་འདྲེས་བཅས་ལ་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号