ཁྲི་ཀ་རྫོང་གིས་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་ལ་བརྟེན་ནས་ཡུལ་སྐོར་བྱ་གཞག་ཇེ་ལེགས་སུ་བཏང་བ།

ཟླ7པའི་ཚེས9ཉིན་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར(ཁྲི་ཀའི་བར)སྐབས་ཉེར་གསུམ་པ་དུས་བཅད་ལྟར་སླེབས་པ་དང་། རྒྱལ་སྤྱིའི་རིམ་པའི་ལུས་རྩལ་འགྲན་བསྡུར་དེ་ཁྲི་ཀ་རྫོང་གི“ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར་ཚོང་ལས”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།

མིག་སྔའི་བར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སྐབས15ལ་སྒྲུབ་འགན་ཁུར་བ་དང་། འགྲན་བསྡུར་གྱི་ཤུགས་རྐྱེན་ལ་བརྟེན་ནས“ལུས་རྩལ་དང་སྐྱེ་ཁམས། ཡུལ་སྐོར། དཔལ་འབྱོར་འཕེལ་རྒྱས”སོགས་མཉམ་འདྲེས་བྱེད་པའི་ལས་དོན་ལེགས་པོ་བསྒྲུབས་ཏེ། ཕྱི་ཕྱོགས་ལ་ཁྲི་ཀ་རྫོང་གི་མཛེས་སྡུག་མངོན་པ་དང་། རྒྱུན་ཆད་མེད་པར“གནམ་འོག་ཀུན་ནས་ཁྲི་ཀའི་རྨ་ཆུ་དྭངས”ཞེས་པའི་སྐྱེ་ཁམས་ཀྱི་སྣང་བརྙན་ལེགས་པོ་མཐོར་འདེགས་སུ་བཏང་།

ཉེ་བའི་ལོ་འགའི་རིང་ཁྲི་ཀ་རྫོང་གིས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་སྔོན་བསྐྱོད་ཁུལ་གཏོད་པའི”འཕེལ་རྒྱས་དམིགས་ཚད་ལ་དམ་པོར་དམིགས་ནས། ཡུལ་སྐོར་ཐད་སྤུས་ཚད་མཐོ་བའི་ནང་སྙིང་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྨ་ཆུའི་ཁྲི་ཀའི་བར་གྱི་སྐྱེ་ཁམས་ལེགས་ཆ་དེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་སུ་བསྒྱུར་ནས་། མ་ཡུམ་ཆུ་བོ་དེ་ཁྲི་ཀ་ལ་བདེ་སྐྱིད་བསྐྲུན་པའི“བདེ་སྐྱིད་ཆུ་བོ”ཞིག་ཏུ་འགྱུར་བར་སྐུལ་འདེད་བྱས།

ཁྲི་ཀ་རྫོང་གིས་གནས་ཡུལ་དང་། རིག་གནས། ཐོན་ཁུངས་བཅས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཁྱད་ཆོས་ལྡན་པའི་ནང་སྙིང་རྣམ་པའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་མཐའ་འཁྱོངས་བྱས་པ་དང་། “བཟའ་བཏུང་དང་ཞག་སྡོད། ཕྱིར་བསྐྱོད་པ། ཡུལ་སྐོར་བྱེད་པ། དངོས་ཟོག་ཉོ་བ། རོལ་རྩེད”བཅས་ཀྱི་གོ་རིམ་སོ་སོར་ཁ་ཕྱོགས་ནས།“དྲུག་ལྡན་ཁྲི་ཀའི”བྱ་འགུལ་ལག་བསྟར་བྱས་པ་དང་། ནང་དོན་གཙོ་བོར་འཛིན་པ་དང་སྣ་མང་མཉམ་འདྲེས། རིག་གནས་འགྲེལ་བཤད། ཡུལ་སྐོར་གྲུང་འགྱུར་བཅས་མཐའ་འཁྱོངས་བྱས་ཏེ་སྤུས་ལེགས་ཀྱི་རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ས་ཁོངས་ཡོངས་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཧུར་ཐག་སྒོས་གཏོད་པ། མཐོ་རིམ་སྐུལ་འདེད་གཏོང་བ་དང་ཞན་ཆ་ཁ་གསབ་པ། རྒྱུ་རྐྱེན་འཐུས་ཚང་དུ་གཏོང་བ། ས་ཁོངས་ཡོངས་ཀྱི་མཉམ་སྐྲུན་དང་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པ། ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། ས་ཁོངས་ཡོངས་ཀྱི་ཚོང་གཉེར་དང་སྣང་བརྙན་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། རིག་གནས་ཡུལ་སྐོར་གྱི་སྟེགས་བུ་འཛུགས་པ་དང་། ཡུལ་སྐོར་བ་འགུག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྤུས་རྟགས་གཏོད་ཤུགས་ཆེ་རུ་བཏང་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཞིང་། ཡུལ་སྐོར་བར་ཁྲི་ཀའི་མང་ཚོགས་ཀྱི་སྐུ་མགྲོན་བསུ་བའི་སྲོལ་བཟང་དང་། དམངས་སྲོལ་སྣ་ཚོགས། གནམ་གཤིས་ལེགས་པོ། བག་ཕེབས་ཀྱི་འཚོ་བ་བཅས་དངོས་སུ་མྱོང་རོལ་ཐུབ་པ་བྱས་པ་བརྒྱུད། མང་ཚོགས་ལ་ཡུལ་སྐོར་ལས་རེིགས་ལ་བརྟེན་ནས“ཕྱུག་འགྱུར་གྱི་བགྲོད་ལམ”དུ་བསྐྱོད་པར་སྐུལ་ཁྲིད་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号