དར་ལག་རྫོང་སྡེར་ནང་ཞང་གིས་རྩལ་ནུས་གསོ་སྦྱོང་ཞིང་སྡེ་རུ་སྤེལ་ནས་ཡོང་འཕར་ཕྱུག་འགྱུར་ལ་རེ་བ་ཡོད་དུ་བཅུག་པ།

“འཕྲལ་དུ་ཡར་འཐེན་པ་ལས་ཡུན་གྱིས་ལངས་ཐབས་ཁྲིད་ན་དགའ”། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་བྱ་བའི་དཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཞང་ཡོངས་ཀྱི་ངལ་རྩོལ་པའི་རྩལ་ནུས་ཆུ་ཚད་དང་ལས་ཞུགས་ནུས་པ་སྔར་ལས་མཐོར་འདེགས་གཏོང་ཆེད། སྡེར་ནང་ཞང་གིས་རྫོང་མི་དོན་སྤྱི་ཚོགས་འགན་སྲུང་ཅུས་དང་མགོ་ལོག་ཧུང་པའོ་ལས་རིགས་གསོ་སྦྱོང་སློབ་གྲྭ་དང་མཉམ་འབྲེལ་སྒོས་གོ་བདེ་ཞིང་སློབ་སླ་ལ། འབྲོག་པ་མང་ཚོགས་ཀྱི་དངོས་ཡོད་དགོས་མཁོ་དང་མཐུན་པའི་དམངས་ཁྲོད་ལག་ཤེས་ཐོན་རྫས་ཀྱི་སྒྲིག་བཟོ་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

གསོ་སྦྱོང་མ་བྱས་སྔོན་ལ། སྡེར་ནང་ཞང་གིས་དྲིལ་སྒྲོག་སྐུལ་སློང་དང་ཆད་ལུས་མེད་པར་མིང་ཐོ་འགོད་པར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། 《2024ལོའི་ལག་རིགས་རྩལ་ནུས་གསོ་སྦྱོང་བྱ་བ་སྤེལ་བའི་སྐོར་གྱི་བརྡ་སྦྱོར》དྲ་ལམ་དང་ཡུལ་དངོས་གཉིས་ནས་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱས། སྡེ་བ་སོ་སོའི་སྡེ་སྡོད་བྱ་བའི་རུ་ཁག་དང་སྡེ་བའི་འགན་ལེན་ལས་བྱེད་པ་སོགས་མི་སྣའི་སྟོབས་ཤུགས་ལ་བརྟེན་ནས། ཞང་ཡོངས་ཀྱི་ངལ་རྩོལ་པའི་རྨང་གཞིའི་གཞི་གྲངས་སྔར་ལས་གནད་འཁེལ་དུ་རྩད་བཅད་དེ། ལོ་ཧྲིལ་པོ16ཡན་ནས་ལོ་ཧྲིལ་པོ45བར་གྱི་ངལ་རྩོལ་ནུས་པ་ཡོད་པའི་དཀའ་ཁག་མཆིས་པའི་ཁྱིམ་ཚང་གི་བུ་ཕྲུག་དང་མཐར་ཕྱིན་ཏེ་ལོ་འཁོར་ནང་ལས་ཞུགས་བྱས་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། གྲོང་ཁྱེར་དང་ཞིང་སྡེའི་མུ་མཐུད་དུ་སློབ་རིམ་འཕར་ཐུབ་མེད་པའི་དམའ་འབྲིང་དང་མཐོ་འབྲིང་གི་མཐར་ཕྱིན་སློབ་མ་སོགས་ངལ་རྩོལ་པའི་ལས་གཉེར་གནས་ཚུལ་དང་ལས་རིགས་གསོ་སྦྱོང་གི་དགོས་མཁོ་སོགས་ལ་མཐིལ་རྟོགས་བརྟག་བཤེར་ཟབ་མོ་བྱས་པ་དང་། གསོ་སྦྱོང་གི་དགོས་མཁོ་དང་ལས་ཞུགས་ཀྱི་འདོད་མོས་གསལ་རྟོགས་བྱས་ནས། ཞང་ཡོངས་ཀྱི་ངལ་རྩོལ་པས“ང་རང་གསོ་སྦྱོང་ལ་ཞུགས་དགོས”ཞེས་པ་ནས“ང་རང་གསོ་སྦྱོང་ལ་ཞུགས་རྒྱུ་ཡིན”ཞེས་པར་འགྱུར་དུ་བཅུག་སྟེ། དངོས་གནས“གསོ་སྦྱོང་བྱེད་དགོས་པ་དག་ལ་གསོ་སྦྱོང་ཅི་ཐུབ་བྱེད་པ་དང་། གསོ་སྦྱོང་བྱེད་ཐུབ་པ་རྣམས་ལ་ཆད་ལུས་མེད་པར་གསོ་སྦྱོང”བྱས་ནས། མང་ཚོགས་ལ་རྒྱུན་མཐུད་ངང་ཡོང་སྒོ་འཕར་བ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དེ་རྒྱུན་མཐུད་ངང་བརྟན་པོར་གཏོང་བར་རྨང་གཞི་བརྟན་པོ་བཏིངས།

ཞང་གི་ལས་ཁུངས་ཀྱི་ཏང་སྲིད་མགོ་ཁྲིད་དང་། རྫོང་མི་དོན་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བ། མགོ་ལོག་ཧོང་པའོ་ལས་རིགས་གསོ་སྦྱོང་སློབ་གྲྭའི་དགེ་རྒན་དང་གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་འཛིན་གྲྭ་ཚུགས་པའི་མཛད་སྒོར་ཞུགས། འཛིན་གྲྭ་ཚུགས་པའི་མཛད་སྒོའི་སྟེང་། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པའི་དམིགས་ཡུལ་དང་དོན་སྙིང་དང་གསོ་སྦྱོང་བྱེད་ཡུན་ནང་གི་མཉམ་འཇོག་བྱ་ཡུལ་བཅས་གཙོ་གནད་དུ་བཟུང་སྟེ་ནན་གཅགས་བྱས་ལ། གསོ་སྦྱོང་ལ་ཞུགས་པའི་མི་སྣས་ཐེངས་འདིའི་རྩལ་ནུས་གསོ་སྦྱོང་གི་གོ་སྐབས་དམ་འཛིན་བྱས་ཏེ། རྣམ་འགྱུར་དྲང་མོ་འཛིན་པ་དང་སློབ་སྦྱོང་ནན་ཏན་བྱེད་པ། གསོ་སྦྱོང་སྐབས་ཀྱི་སྒྲིག་ལམ་སྲུང་བ། རྩལ་ནུས་བྱང་ཆུབ་པར་སློབ་པ། བསླབ་སྟེ་བེད་སྤྱོད་པ་སོགས་བྱས་ཏེ། རང་ཉིད་ཀྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ་དང་། རང་གི་ལག་ཟུང་ལ་བརྟེན་ནས་ཡོང་འཕར་ཕྱུག་འགྱུར་ཧུར་ཐག་གིས་མངོན་འགྱུར་ཡོང་བར་འབད་དགོས་པའི་བླང་བྱ་བཏོན།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པའི་དུས་ཡུན་ནི་ཟླ་ངོ་གཅིག་གི་རིང་ཡིན་ལ། གསོ་སྦྱོང་གི་ལས་རིགས་ནི་གཙགས་དྲུབ་ཡིན། གཞུང་ལུགས་སློབ་ཁྲིད་དང་དངོས་སྦྱོང་གཉིས་ཟུང་འབྲེལ་བྱེད་པའི་ཐབས་ལམ་སྤྱད་ཡོད་ཅིང་། གཞུང་ལུགས་ཤེས་བྱའི་འགྲེལ་བཤད་ཡོད་པར་མ་ཟད། རྨང་གཞིའི་རི་མོ་ཇུས་འགོད་དང་གསར་རྩོམ། ཆེད་དམིགས་ཀྱི་གཙགས་སྟངས་སྦྱོང་བརྡར་དང་རྨང་གཞིའི་འཚེམ་བཟོའི་སློབ་སྦྱོང་ཡང་ཡོད་ལ། ད་དུང་བོད་ལུགས་གཙགས་དྲུབ་ལག་ཤེས་ཐོན་རྫས་འཕེལ་མའི་སྒྲིག་བཟོའང་ཡོད། སློབ་མ་དེའི་ནང་ཞུགས་པ་དང་རང་བདག་གིས་སློབ་སྦྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་སྟེ། སློབ་མ་རེ་རེར་བསླབ་ན་ཐོབ་བྱ་ཡོད་ཅིང་སྦྱངས་ན་འབྲས་བུ་ཡོད་པར་ཁག་ཐེག་བྱས། ད་ལྟའི་བར་དུ། བསྡོམས་པས་གསོ་སྦྱོང་ལ་ཞུགས་པའི་འདུན་པ་ཡོད་པའི་ངལ་རྩོལ་པ50ཐེངས་འདིའི་རྩལ་ནུས་མཐོར་འདེགས་གསོ་སྦྱོང་ནང་ཞུགས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号