ཀན་ལྷོ་ཁུལ་གྱིས་གྲོང་གསེབ་ཡུལ་སྐོར་དར་སྤེལ་བཏང་བ།

མདོ་དབུས་མཐོ་སྒང་དང་ས་སེར་མཐོ་སྒང་འདྲེས་མཚམས་སུ་ཆགས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་རིང་ལྡན་པའི་ལོ་ཟླའི་བྱབས་ཁྲུས་འོག ས་གནས་སུ་ཕུན་སུམ་ཚོགས་པའི་ཐུན་མིན་རིག་གནས་ཡུལ་སྐོར་ཐོན་ཁུངས་གྲུབ་པ་མ་ཟད། ལོ་རེར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མང་པོའི་ཡིད་སེམས་དབང་མེད་དུ་འཕྲོག་པ་རེད།

ཉེ་བའི་ལོ་ཤས་རིང་། སྲིད་གཞུང་གི་སྣེ་ཁྲིད་དང་ཁྲོམ་ར་ཞུགས་པ། རིག་གནས་ཡུལ་སྐོར་གྱི་གཙོ་ཁྲིད་འོག“བོད་ཁྱིམ་སྤྲོ་གསེང་ཁང”དང“འབྲོག་ཁྱིམ་སྤྲོ་གསེང་ཁང”། “ཞིང་ཁྱིམ་སྤྲོ་གསེང་ཁང”སོགས་ཀྱི་སྡོད་ཁང་དང་ཟ་ཁང་། རོལ་རྩེད་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཡུལ་སྐོར་ཕྱོགས་བསྡུས་ཅན་ཆགས་ནས་ཀན་ལྷོ་ཁུལ་གྱི་ས་ཆ་སོ་སོ་ནས་དར་སྤེལ་བྱུང་།

“ཀན་ལྷོའི་གྲོང་ཚོ་དང་པོ”ཞེས་པའི་མཚན་སྙན་ལྡན་པའི་བསང་ཆུ་རྫོང་ཆུ་སྔོན་ཤང་ཤིང་སྒོ་གྲོང་ཚོ་རུ་ཆུ་ཕྲན་ལྷུང་ལྷུང་དུ་འབབ་ཅིང་སྤང་རྩྭ་ལྗང་ཐིང་ངེ་སྐྱེས་པ། གྲལ་འགྲིག་པའི་བོད་ཀྱི་ཤིང་ཁང་རི་སྔོ་ཆུ་དྭངས་ཁྲོད་ཆགས་ཡོད། ཉེ་བའི་ལོ་ཤས་རིང་ལ་ཤིང་སྒོ་གྲོང་ཚོས“ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་བའི”འདུ་ཤེས་ཀྱིས་གཏིང་ཟབ་སྒོས་ཐོན་ཁུངས་ལེགས་ཤོས་སྔོག་འདོན་བྱས་ནས། སྡོད་ལ་འཚམ་པ་དང་ཡུལ་སྐོར་ལ་འཚམ་པ། ལས་རིགས་ལ་འཚམ་པའི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་གྲོང་ཚོ་བཏོད་པ་རེད།

ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་གྲོང་ཚོ་བཏོད་དེ་རིམ་བཞིན་ཀན་ལྷོའི་ཐོན་ཁུངས་ཁྱད་ཆོས་དང་སྐྱེ་ཁམས་སྤུས་ལེགས། མི་ཆོས་ཁྱད་ཆོས་དང་མཐུན་པའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བགྲོད་ལམ་གསར་བ་ཞིག་བསྐྲུན།

མིག་སྔར། ཀན་ལྷོ་ཁུལ་གྱིས་ཁོངས་ཡོངས་ཡུལ་སྐོར་ཆེད་ལས་གྲོང་ཚོ103བསྐྲུན་པའི་ནང་། ཡུལ་སྐོར་ནུས་བ་ལྡན་པའི་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་གྲོང་ཚོ706ཡོད་པ་དང་། ཁྱིམ་ཚང་མགྲོན་ཁང་རྩེ་གྲ་དང་སྐར་མ་རིམ་པའི་ཞིང་ཁྱིམ་སྤྲོ་གསེང་ཁང3000ལྷག་བསྐྲུན། 2023ལོར་ཀན་ལྷོ་ཁུལ་ཡོངས་ཀྱིས་ཡུལ་སྐོར་པ་མི་ཐེངས་ཁྲི2200སྣེ་ལེན་བྱས་ནས་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར110མངོན་འགྱུར་བྱུང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号