ཕྱི་རྒྱལ་གྱི་ཆེད་མཁས་པས་བོད་ལུཊ་གསོ་རིག་འཕེལ་རྒྱས་སྐོར་གླེང་བ།

ཟླ7པའི་ཚེས4ཉིན་ཀྲུང་གོའི་བོད་ལྗོངས་“ཧི་མ་ལ་ཡ་སྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཞི་པ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་འགོ་ཚུགས་པ་དང་། རྒྱལ་ཁབ་དང་ས་ཁུལ20ལྷག་ཙམ་གྱི་འཐུས་མི་གླེང་སྟེགས་ནང་ཞུགས་ནས་འབྱུང་ཁམས་རིག་གནས་ཡུལ་སྐོར་དང་། སྲོལ་རྒྱུན་གསོ་རིག ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་གཏིང་ཟབ་གནང་ཡོད།

སྲོལ་རྒྱུན་གསོ་རིག་གྲལ་སྒོར་ཚོགས་འདུའི་ཐོག ཨོ་སི་ཁྲུ་རི་ཡའི་ཚན་རིག་ཁང་སྤྱི་ཚོགས་དང་མིའི་རིགས་རིག་པ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ། མཐོ་རིམ་ཞིབ་འཇུག་པ་སི་ཏི་ཧྥུན་.ཁེ་ལུའུ་སིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། དགའ་ཞེན་ཡོད་པའི་དབང་གིས་ང་རང་ནས་བོད་ལུགས་གསོ་རིག་ཞིབ་འཇུག་བྱས་ཏེ་ལོ་20ལྷག་ཙམ་སོང་བ་དང་། དེ་རེས་བོད་ལྗོངས་སུ་ཡོང་ཐེངས་གསུམ་པ་ཡིན་ཞིང་། 2016ལོར་བོད་ལྗོངས་སུ་ཡོང་ནས་བོད་ལུགས་གསོ་རིག་སྐོར་གྱི་རྒྱལ་སྤྱིའི་གླེང་སྟེགས་ནང་ཞུགས་མྱོང་ཞེས་གསུངས།

ཁོང་གིས་གྲལ་སྒོར་ཚོགས་འདུའི་ཐོག “བོད་ལུགས་གསོ་རིག་ནི་བོད་ལྗོངས་ཀྱི་ཐོན་ཁུངས་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། འདས་ཟིན་པའི་ལོ་སུམ་ཅུའི་རིང་། བོད་ལུགས་གསོ་རིག་དེ་ཉིད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། ཁེ་སྤོགས་ཕུན་སུམ་ཚོགས་པའི་ཤེས་བྱའི་ཐོན་ལས་ཤིག་ཏུ་གྱུར་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་དང་ཐ་ན་ཡིད་སྨོན་བྱེད་སར་གྱུར་ཡོད།  དེ་ཡང་“མི་རབས་སྔོན་མས་བཙུགས་པའི་ལྗོན་ཤིང་ཚོགས། མི་རབས་རྗེས་མས་ཚ་གདུག་སེལ་ས་བྱེད” ཅེས་པའི་ཀྲུང་གོའི་གཏམ་དཔེ་དེ་དང་གཅིག་མཚུངས་རེད་ཅེས་གསུངས་པ་རེད། 

ཁོང་གིས་བོད་ལུགས་གསོ་རིགས་ཀྱི་ཐོན་ལས་སྔར་བཞིན་ཐོག་མའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་གནས་ཡོད་པ་དང་། སྔར་བས་འཕེལ་རྒྱས་འགྲོ་བའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་མུ་མཐུད་འབད་བརྩོན་བྱེད་དགོས་ཀྱི་ཡོད་ཅེས་གསུངས་ཡོད། ཁོང་གིས་ད་དུང་བོད་ལུགས་གསོ་རིག་གི་ཤེས་བྱའི་མཛོད་སྔར་བས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་། སྲིད་ཇུས་སྒྲོམ་གཞི་བཟོ་སྐབས་བོད་ལུགས་གསོ་རིག་གི་ལེགས་ཆ་དང་ཁྱད་ཆོས་བེད་སྤྱོད་གང་ལེགས་བྱེད་དགོས་པ་དང་། རིག་གནས་ཤེས་བྱའི་མཛོད་དང་སྲིད་ཇུས་སྒྲོམ་གཞི་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཚེ། ཀྲུང་གོས་མིག་སྔའི་གོ་ལ་ཧྲིལ་པོའི་འཕེལ་ཕྱོགས་བེད་སྤྱོད་གང་ལེགས་གཏོང་ཐུབ་པ་མ་ཟད། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཀྱང་ཧུར་ཐག་གཏོད་ཐུབ་པའི་གྲོས་འགོ་བཏོན་གནང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号