སི་ཁྲོན་རྨ་ཆུ་འབབ་རྒྱུད་ཀྱིས་བྱེ་འགྱུར་མུའུ་ཁྲི37.1བཅོས་སྐྱོང་བྱས་པ།

སི་ཁྲོན་ནི་འབྲི་ཆུ་དང་རྨ་ཆུའི་གཞུང་རྒྱུན་རྒྱུ་བའི་ཞིང་ཆེན་ཡིན་ཞིང་། དེ་ནང་རྨ་ཆུའི་གཞུང་རྒྱུན་ཁྱབ་ཁོངས་རྔ་བ་ཁུལ་གྱི་རྔ་བ་རྫོང་དང་མཛོད་དགེ་རྫོང་། ཧུང་ཡོན་རྫོང་། ཟུང་ཆུ་རྫོང་། དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་སོགས་ཀྱི་རྫོང5དང་འབྲེལ་ཡོད། མངའ་ཁོངས་ཀྱི་གཞུང་རྒྱུན་བཞུར་རྒྱུན་སྤྱི་ལེ174དང་འབབ་རྒྱུད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི1.87ཟིན་ནས། དེ་ནི“ཀྲུང་ཧྭའི་ཆུ་མཛོད”གྱི་གྲུབ་ཆ་གཙོ་བོར་གྱུར་བས་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་བདེ་འཇགས་ཁྲོད་དམག་འཐབ་གོ་གནས་གལ་ཆེན་ལྡན།

མཛོད་དགེ་བརླན་ས།

སི་ཁྲོན་གྱིས་ཇུས་འགོད་སྔོན་འགྲོ་རྒྱུན་འཁྱོངས་བྱས་ནས《སི་ཁྲོན་ཞིང་ཆེན་རྨ་ཆུའི་འབབ་རྒྱུད་སྐྱས་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇུས་འགོད》དང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ལག་བསྟར་ཇུས་འགོད་བཟོས་པ། སི་ཁྲོན་ཞིང་ཆེན་གྱི་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཇུས་འགོད་དང་ཆུའི་བདེ་འཇགས་ཇུས་འགོད། རིག་གནས་སྲུང་སྐྱོང་རྒྱུན་འཛིན་དར་སྤེལ་ཇུས་འགོད་སོགས་ཀྱི་ཇུས་འགོད་རབ་དང་རིམ་པ་བཏོན། གཞན་ཡང“1+N+X”ཇུས་འགོད་སྲིད་ཇུས་མ་ལག་ཆགས་པ་རེད། 2023ལོའི་ཚུན། སི་ཁྲོན་རྨ་ཆུའི་འབབ་རྒྱུད་ཀྱིས་བསྡོམས་པས་ཞན་འགྱུར་བརླན་ས་རྒྱ་ཁྱོན་མུའུ་ཁྲི9.6སླར་གསོ་དང་། བརླན་ས་དོ་དམ་སྲུང་སྐྱོང་རྒྱ་ཁྱོན་ཁྲི480། བྱེ་འགྱུར་བཅོས་སྐྱོང་མུའུ་ཁྲི37.1ལེགས་འགྲུབ་ཟིན་པ། རྩྭ་ཐང་ལེགས་བཅོས་མུའུ་ཁྲི229.15བྱས་ནས་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་ཐད་གྲུབ་འབྲས་མངོན་གསལ་ཐོབ།

ཆུ་ལ་དོ་དམ་དང་ཆུ་ལ་སྲུང་སྐྱོང་བྱེད་པའི་ནུས་བ་མཐོ་རུ་གཏོང་ཆེད། སི་ཁྲོན་ཞིང་ཆེན་གྱིས་ཧུར་གྱིས་སི་ཁྲོན་རྨ་ཆུའི་གཞུང་རྒྱུན་འགྲམ་རྒྱུད་བསླད་སྐྱོན་བཅོས་སྐྱོང་བྱས་ནས། རྨ་ཆུའི་གཞུང་རྒྱུན་མཛོད་དགེ་ཆུ་དུམ་གྱི་འཕྲལ་བསྟུན་ཐག་གཅོས་རྣམ་གྲངས་བསྐྲུན་པ་དང་། རྨ་ཆུའི་གཞུང་རྒྱུན་སྐྱེ་ཁམས་འགོག་སྲུང་ཁུལ་སྤྱི་ལེ740ཡས་མས་བསྐྲུན་པ། རྒྱལ་ཡོངས་ཀྱི་ཆུ་དཔོན་བཅའ་སྡོད་ལྟ་ཞིབ་ཐོག་མ་སྤེལ་ནས་ཆུའི་ཐོན་ཁུངས་ཟད་གྲོན་སྤྱི་གྲངས་དང་དྲག་ཚད་ཚོད་འཛིན་བྱས་པ། 2023ལོར་སི་ཁྲོན་རྨ་ཆུའི་འབབ་རྒྱུད་ཀྱི་དོན་དངོས་ཆུ་སྤྱོད་ཚད་རྒྱལ་ཁབ་ཀྱིས་བཀའ་བབས་པའི་ཆུ་སྤྱོད་ཚད་ལས་སྨི་གྲུ་བཞི་ལྷམ་མ་ཁྲི1300ལས་ཇེ་ཉུང་དུ་ཕྱིན།

སི་ཁྲོན་གྱིས་གཞན་ད་དུང་ཤུགས་ཆེན་པོས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། གཟི་ཚྭ་སྡེ་དགུ་ཆེན་མོ་དང་། རྩྭ་ཐང་ཆེན་མོ། དོམ་ཁྲ་ཆེན་མོ་སོགས་ཀྱི་འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་མིང་རྟགས་བཏོད་དེ་རྨ་ཆུ་རིག་གནས་དང་སི་ཁྲོན་རིག་གནས། གསར་བརྗེ་རིགས་གནས་མཉམ་འབྲེལ་བྱས་པས། 2023ལོར་སི་ཁྲོན་རྨ་ཆུའི་འབབ་རྒྱུད་དུ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར150མངོན་འགྱུར་བྱུང་། དེ་དང་ཆབས་ཅིག་གནས་བབ་དང་བསྟུན་ནས་སྒྲིག་ཆས་ཞིང་ལས་འཕེལ་རྒྱས་སུ་བཏང་ནས་ནས་དང་མཐོ་སྒང་གི་སྔོ་ཚལ་དང་སིལ་ཏོག ས་གནས་ཀྲུང་ལུགས་སྨན་རྫས་སོགས་ཀྱི་ཁྱད་ལྡན་རྟེན་གཞི་བཏོད་ནས2023ལོར་ཐོན་ཚད་ཏུན་ཁྲི15.8ཟིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号