ཆོས་དབྱིངས་སྐྱིད་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་མི་སྣའི་མིང་ཐོའི་ཁྲོད་བདམས།

ཟླ7པའི་ཚེས4ཉིན། ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་མི་སྣའི་མིང་ཐོ་ཡོངས་བསྒྲགས་བྱས། མིང་ཐོའི་ཁྲོད་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་ཀྱིས་མི54ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ནང་མངག་པ་དང་། དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་བདམས་ཐོན་བྱུང་ཡོད།

ཐེངས་འདིའི་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་མི་སྣའི་མིང་ཐོའི་ནང་སྐྱེས་པ་དང་བུད་མེད་ལུས་རྩལ་པ27ཡོད་པ་དང་། དེའི་ནང་ཆོས་དབྱིངས་སྐྱིད་དང་ལིའུ་ཧུང་། ཧྥན་ལི་ཅའོ་བཅས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་གསུམ་ཚུད་ཡོད། ཆོས་དབྱིངས་སྐྱིད་མཉམ་བསྲེས་ཚོགས་པའི་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ལེན་པའི་འགྲན་སྡུར་ལ་ཞུགས་རྒྱུ་མ་ཟད། ད་དུང་བུད་མེད་ཀྱི་སྤྱི་ལེ20ཡི་བརྗེ་ཚབ་འདུར་རྒྱུགས་འགྲན་བསྡུར་ལ་ཞུགས་རྒྱུ་རེད། ལུས་རྩལ་པ་ཞེ་ཀྲིན་ཡེ་སྐྱེས་པའི་སྨི100དང་སྨི200། སྨི4×100ཡི་མཐུད་རྒྱུག་རྣམ་གྲངས་བཅས་ནང་ཞུགས་རྒྱུ་ཡིན་པ་རེད། ལུས་རྩལ་པ་སུའུ་པིན་ལ་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་སྐལ་བ་མ་ཐོབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号