དབྱར་གཞུང་གི་ནཱ་རུན་བརླན་སའི་མཛེས་ཉམས།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མངའ་ཁོངས་སུ་ཡོད་པའི་ནཱ་རུན་བརླན་ས་ནི་འོམ་ཆུའི་ཆུ་ལག་འདྲེས་ནས་ཆགས་ཤིང་། ཀྱག་ཀྱོག་གི་འོམ་ཆུའི་ལྗང་མདོག་གི་རྩྭ་ཐང་དུ་ལྷུང་ལྷུང་དུ་བཞུར་བཞིན་ཡོད། ཆུ་རིས་ཤིག་ཤིག་ཆགས་པའི་ཆུ་བོ་དེ་མུ་མཐའ་མེད་པའི་རྩྭ་ཐང་དང་མཉམ་དུ་འདྲེས་པ་དང་། མཐའ་ཡས་བའི་གནམ་སྔོན་པོ་དང་ཕན་ཚུན་བརྒྱན་ནས་རང་བྱུང་གི་མཛེས་བའི་རི་མོ་ཞིག་ངང་གིས་གྲུབ་པ་རེད།

ཁྲུང་ཁྲུང་སྐེ་ནག་གི་སོས་དལ་བའི་གཟིགས་བརྙན་རྨད་དུ་བྱུང་བ་ཞིག་ཡིན་ཞིང་། འདབ་ཆགས་དེ་དག་གིས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་རང་དབང་ངང་རྒྱུ་སྟེ། ཡང་ན་མགོ་བོ་སྒུར་ནས་ཁ་ཟས་འཚོལ་བ་དང་། ཡང་ན་གནམ་འཕང་བཅད་དེ་བརླན་ས་དེར་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་སུ་བཅུག་པ་རེད། 

ལྗང་མདོག་གི་རྩྭ་ཐང་དང་ཀྱག་ཀྱོག་གི་བཞུར་ཆུ། 

ལྗང་མདོག་གི་རྩྭ་ཐང་དང་ཀྱག་ཀྱོག་གི་བཞུར་ཆུ། 

ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས།

ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས།

ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས།

ཆུ་བོ་དང་རྩྭ་ཐང་མཉམ་དུ་འདྲེས་བའི་རྣམ་པ།

ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号