བོད་ལྗོངས་ཀྱིས་མཐོ་སྒང་གི་ཁྱད་ལྡན་ཁམ་བུ་ཐོན་ལས་དར་སྤེལ་བཏང་བ།

ལྷ་ས་ཁོ་ན་མིན་པར་བོད་ལྗོངས་སུ་ས་བབ་སྨི4500རི་མཐོན་པོ་ནས་ས་བབ་སྨི1000གྲོག་རོང་དུ་ཁམ་སྡོང་རི་ཀླུང་ཀུན་ལ་ཁེབས་པ་དང་། མེ་ཏོག་བཞད་པ་དང་འབྲས་བུ་སྨིན་པའི་ཁམ་སྡོང་གིས་ཕྱོགས་གཅིག་ནས་གྲོང་མི་དང་ཡུལ་སྐོར་བ་དང་འབྲེལ་ཡོད་ལ། ཕྱོགས་གཞན་ཞིག་ནས་ཕུ་དུང་བརྫེས་ནས་ཤུགས་ཆེན་པོས་ཁྱད་ལྡན་ཁམ་སྡོང་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཆོད་སེམས་མཚོན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟོན་དོན། གྲོང་གསེབ་དར་སྤེལ་གྱིས་རོང་འབྲོག་མང་ཚོགས་འབབ་འཕར་ཡོང་བར་འབུར་དུ་ཐོན་དགོས་ལ། མགྱོགས་མྱུར་ངང་མཐོ་སྒང་གི་ཁྱད་ལྡན་འདེབས་འཛུགས་ལས་རིགས་དར་སྤེལ་འགུལ་སྐྱོད་ལ་སྐུལ་འདེད་བྱས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་བཏང་སྟེ་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་མིང་རྟགས་གཏོད་དགོས་ཞེས་གསུངས། 

ཁམ་སྡོང་གཙོ་བོར་བཟུང་ནས་བོད་ལྗོངས་ཀྱིས་མཐོ་སྒང་གི་ཁྱད་ལྡན་ཁམ་སྡོང་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་བརྩོན་ནས། དུས་ཐོག་གི་རིག་གནས་ཡུལ་སྐོར་དུས་ཆེན་ནས་ད་ལྟ་ཐུན་ཁོངས་ཟུར་སྣོན་རིན་ཐང་གཏིང་ཟབ་ངང་སྔོག་འདོན་བྱས་པ་བརྒྱུད། ཐོན་ལས་སྦྲེལ་ཐག་རིང་དུ་བཏང་ནས་ཧུར་ཐག་གིས་གྲོང་གསེབ་དར་སྤེལ་ཕན་ནུས་ཐོན་པར་སྐུལ་འདེད་དང་མང་ཚོགས་འབབ་འཕར་ཡོང་བར་སྐུལ་འདེད་བཏང་། 

དཔྱིད་དུས། ཁམ་བུ་མེ་ཏོག་རབ་ཏུ་བཞད་པའི་དུས་ཚིགས་ནང་། ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་རི་ཀླུང་ཀུན་གྱི་རི་སྐྱེས་ཁམ་སྡོང་མེ་ཏོག་རབ་ཏུ་བཞད་ནས་ཁ་མདོག་རྣམ་པ་བཀྲ་ཞིང་། མཛེས་བའི་ཡུལ་ལྗོངས་དེ་ཡིས་ཡུལ་སྐོར་པ་སྐོར་དང་སྐོར་དབེན་པའི་སྐྱེད་ཚལ་དེར་ཡོང་བར་ཡིད་སེམས་བཀུག 

ཡུལ་སྐོར་པའི་ཡུལ་སྐོར་རོལ་མྱོང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མེ་ཏོག་ལ་གཟིགས་པ་བརྒྱུད་དེ་ཡོང་འབབ་འཕར་སྣོན་བྱུང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས“མེ་ཏོག་གི་དྲི་ཞིམ་ཕྱོགས་བཞིར་ཁྱབ་པའི”ལེགས་ཆ་ཡིས“གསལ་བསྒྲགས་གཞུང་ལམ”དང“དཔྱིད་དུས་ཁམ་བུའི་མེ་ཏོག་རླངས་འཁོར་འབབ་ཚིགས”། “ཁམ་བུའི་མེ་ཏོག་གསེང་ནས་རྩེད་པ”ཞེས་པ་ནས“གསར་འཆར་ཁྲོམ་ར་འཚོལ་བ”བཅས་དང་ཆབས་ཅིག་ཏུ་ཟས་མངར་རོལ་མྱོང་དང་ཁམ་བུའི་མེ་ཏོག་རོལ་དབྱངས་དུས་ཚིགས། མེ་ཏོག་རླངས་འཁོར་སྐོར་ཞིབ། མེ་ཕུང་སྐོར་བྲོ་འཁྲབ་སྟོན། དམངས་སྲོལ་ལུས་རྩལ་མཉམ་འགུལ་འགྲན་བསྡུར་སོགས་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། ཡུལ་སྐོར་པ་ཚོར་སྦྲེལ་ཐག་ཧྲིལ་བོའི་མེ་ཏོག་ལ་གཟིགས་པ་དང་རོལ་རྩེད་དཔེ་དབྱིབས་མགོ་བརྩམས།

སྐབས་ཉེར་གཅིག་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ཀ་ལ་གྲོང་ཚོ་ནས་མགོ་བརྩམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་བསུས་པ་རེད།

ལོ་མང་པོའི་ཧུར་ཐག་བརྒྱུད། ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་ཡུལ་སྐོར་དུས་ཆེན་དུས་མགོའི་རྫོང་རིམ་ནས་གྲོང་ཁྱེར་རིམ་པའི་བྱ་འགུལ་ཞིག་ཏུ་གྱུར་ནས། མིང་རྟགས་ཀྱི་མིང་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་པས་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཁམ་བུའི་མས་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་ཉིན3རིང་གྲོང་ཁྱེར་ཡོངས་ཀྱིས་ཡུལ་སྐོར་པ་མི་ཐེངས་ཁྲི22.92སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར1.27ཟིན།

ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་མངའ་ཁོངས་ཀྱི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ།

ལྷ་སའི་གྲོང་མི་པད་སྟེང་གྲོང་ཚོའི་ཁམ་བུ་སྐྱེ་ཁམས་གླིང་དུ་ཡོད་པ།

ཕྱུག་འགྱུར་སྡོང་བོ་བཙུགས་ནས་དར་སྤེལ་ལམ་དུ་བསྐྱོད་པ་ཟེར་བ་བཞིན། པད་སྟེང་གྲོང་ཚོ་ནས་རླངས་འཁོར་བསྡད་དེ་ཤར་ཕྱོགས་སུ་དུས་ཚོད་གཅིག་གི་ལམ་ཐག་རྒྱུ་ན་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ས་སྨད་གྲོང་ཚོར་སླེབས་པ་དང་། རྒྱལ་ལམ318འགྲམ་རྒྱུད་དུ་ཆགས་པའི་གྲོང་ཚོ་ཆུང་ཆུང་དེའི་གཏམ་རྒྱུད་ས་ཀུན་ལ་གྲགས་ཡོད།

ས་སྨད་གྲོང་ཚོའི་ཏང་ཨུ་ཧྲུའུ་ཅི་ཉི་མ་ཡོན་ཏན་གྱིས“ཁམ་བུ་ནི་ང་ཚོའི་གྲོང་ཚོའི་ཁྱད་ལྡན་ལེགས་ཆ་ཐོན་ཁུངས་ཡིན་ཞིང་། རྗེས་མར་གྲོང་ཚོས་མུ་མཐུད་དུ་འདེབས་འཛུགས་གཞི་ཁྱོན་རྒྱ་ཆེར་བཏང་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་ཞིང་། ཞིང་ལས་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཡོང་བར་སྐུལ་འདེད་གྱིས་རོང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་རྒྱ་བསྐྱེད་དེ་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱ་རྒྱུ་ཡིན”ཟེར།

ཉིང་ཁྲི་གྲོང་ཁྱེར་མཁར་སྲི་མོ་གྲོང་ཚོའི་སྣམ་བུ་ལས་སྣོན་ཁང་།

ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་བཏང་ནས་འཛད་སྤྱོད་ལ་ཤུགས་སྣོན་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་གཏིང་ཟབ་ངང་ཁམ་བུའི་རིག་གནས་སྔོག་འདོན་བྱས་ནས། མུ་མཐུད་དུ་ཁམ་བུ་ཐོན་རྫས་ལས་སྣོན་དང་རིག་གནས་གསར་སྤེལ་ཞིབ་འཇུག་ཐད་ཤུགས་ཆེན་པོ་བཏང་ནས་གསོན་ཤུགས་གསར་བ་རྒྱས་སུ་བཅུག 

ཚེ་རིང་བཀྲ་ཤིས་ཡོད་སའི་ཉིང་ཁྲི་གྲོང་ཁྱེར་ཀླུ་སྟེང་གྲོང་ཚོས་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་བཙུགས་ནས་ཆེད་དུ་ཁམ་བུའི་མེ་ཏོག་སྐོར་གྱི་ཁྱད་ལྡན་རིག་གནས་གསར་སྤེལ་ཐོན་རྫས་འཚོང་བཞིན་ཡོད།

ཁམ་བུའི་མེ་ཏོག་དང་ཤིང་འབྲས་ཀྱིས་ལས་པའི་ཐོན་རྫས་ལ་ཡུལ་སྐོར་པའི་དགའ་བསུ་ཆེན་པོ་ཐོབ་པ།

རི་ཀླུང་ཀུན་དུ་ཁམ་བུའི་མེ་ཏོག་བཞད་ཅིང་མི་རྣམས་ཀྱི་གདོང་དུ་དགའ་བའི་འཛུམ་གྱིས་ཁེངས། གངས་ལྗོངས་མཐོ་སྒང་གི་མང་ཚོགས་ཀྱི་འཚོ་བ་ཁམ་བུའི་མེ་ཏོག་ལ་བརྟེན་ནས་བདེ་སྐྱིད་ལྡན་པར་གྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号