ཁྲི་འདུ་རྫོང་ལབ་ཞང་གིས་གནའ་གྲོང་གི་མཚར་སྡུག་ཀུན་ལ་ངོམ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ལབ་ཞང་ནི་རི་བོའི་གསེབ་དང་ཆུ་བོའི་འགྲམ་དུ་ཆགས་ཡོད་ལ། གཙང་ཆེན་ཆུ་ཆེན་གྱི་ལྷུན་སྡུག་དང་ཕུན་ཚོགས། རིག་གནས་ཀྱི་ཡུན་རིང་དང་རྒྱུན་འཛིན། མི་རིགས་ཀྱི་བབ་ཆགས་དང་འཆར་ཡན། གནའ་བོའི་བོད་གྲོང་འཛུགས་སྐྲུན་གྱི་ཁྱད་ཆོས་དང་བརྗིད་ཆགས་བཅས་ཀྱིས་ཡུལ་འདིར་རྔམ་མཐུག་ལ་རྒྱ་ཆེ་བའི་མཛེས་ཚོར་ངོ་མཚར་བ་ཞིག་སྦྱིན་ཡོད།

ལབ་ཞང་གིས་གནའ་བོའི་བོད་གྲོང་རིག་གནས་ཡུལ་སྐོར་གྲོང་རྡལ་གྱི་ལྗང་མདོག་སྤུས་ལེགས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་འདུ་ཤེས་ལ་རྐང་བཙུགས་པ་དང་། “སྐྱེ་ཁམས་ཀྱི་མཛེས་པ+རིག་གནས་ཀྱི་ནང་དོན”སྲོག་ཤིང་དུ་བརྩིས་ཏེ། ལབ་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་བའི་རྨང་གཞིའི་སྒྲིག་བཀོད་ཇེ་བཟང་དང་གྲོང་རྡལ་གྱི་བྱེད་ནུས་ཇེ་ལེགས། ཐོན་ལས་ཀྱི་རམ་འདེགས་ཇེ་དྲག སྐྱེ་ཁམས་ཁོར་ཡུག་ཇེ་མཛེས་བཅས་སུ་བཏང་ཞིང་། གནའ་གྲོང་དེའི་གནའ་བོའི་བོད་ཀྱི་རིག་གནས་གྲོང་རྡལ་ཆུང་བའི་ཁྱད་འཕགས་ཅན་དང་གསར་གཏོད་དམིགས་བསལ་ཅན། ཚོང་ཁྲོམ་ཅན། ས་ཁོངས་ཅན་བཅས་འབུར་དུ་དོད་དེ། གནའ་བོའི་བོད་གྲོང་གི་མཚར་སྡུག་ཀུན་ལ་ངོམ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号