བོད་ལྗོངས་ཀྱིས་རྒྱུན་མཐུད་ངང་རྨང་གཞི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་སྟབས་བདེ་བསྐྲུན།

ཟླ6པའི་ཚེས30ཉིན། ལམ་ཐིག་ཧྲིལ་བོ་སྤྱི་ལེ245ཡོད་པའི་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་རིམ་མཐོ་གཞུང་ལམ་འཛུགས་སྐྲུན་ལེགས་འགྲུབ་ཟིན་ནས་རླངས་འཁོར་ཤར་གཏོང་བྱས་ཤིང་། གྲོང་ཁྱེར་གཉིས་བར་གྱི་རླངས་འཁོར་བགྲོད་སྐྱོད་དུས་ཚོད་ཇེ་ཉུང་དུ་སོང་ནས་ཆུ་ཚོད3ཡས་མས་ཡིན།

ལྷ་ས་ནས་གཞིས་ཀ་རྩེ་རིམ་མཐོ་གཞུང་ལམ་ནི་ཉིང་ཁྲི་དང་ལྷོ་ཁ། ནག་ཆུ་རྗེས་སུ་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱིས་ལྷ་ས་དང་སྦྲེལ་མཐུད་བྱེད་པའི་གྲོང་ཁྱེར་བར་གྱི་མཐོ་རིམ་གཞུང་ལམ4བ་ཡིན།

ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་གཞུང་ལམ།

ཀྲུང་གུང་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན། བོད་ལྗོངས་གཞུང་ལམ་དང་ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་མགྱོགས་མྱུར་གོང་འཕེལ་སོང་ཞིང་། 2021ལོའི་ཟླ6པར་ལམ་ཐིག་ཧྲིལ་བོ་སྤྱི་ལེ435ཡོད་པ་དང་དུས་ཚོད་རེའི་མྱུར་ཚད་སྤྱི་ལེ160ཡིན་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཟིན་ནས་ཤར་གཏོང་བྱས། 2023ལོའི་ཟླ12པར་ཁྲེང་ཏུའུ་ནས་འཕུར་ཡོང་བའི་རྒྱལ་ཁབ་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུCA4401བརྟན་བརླིང་ངང་ལྷ་ས་གུང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་རྒྱུག་ལམ་གཉིས་པར་བབས་པ་དང་བསྟུན། ལྷ་ས་གུང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་ཕྱོགས་བསྡུས་འགན་སྲུང་ནུས་བ་སྔར་ལས་མཐོ་རུ་ཕྱིན་པ་དང་། ཟླ6པའི་ཚེས30ཉིན། ལམ་ཐིག་ཧྲིལ་བོའི་རིང་ཚད6995ཡིན་པའི་རྒྱལ་ལམ318བོད་ལྗོངས་ཇོ་པ་ཆེས་རིང་ཕུག་ལམ་དངོས་སུ་ཤར་གཏོང་བྱས་པ་དང་། དེས་རི་ལམ་སྤྱི་ལེ19བཏད་པས་དུས་ཚོད1རིང་གི་རླངས་འཁོར་ལམ་ཐག་ཇེ་ཐུང་དུ་སོང་། 

མིག་སྔར། བོད་ལྗོངས་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི12ལས་བརྒལ་ནས། རྫོང་དང་ཤང་། སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་སྣུམ་ལམ་དང་ཨར་འདམ་ལམ་ཤར་གཏོང་བྱས། འགྲིམ་འགྲུལ་འཛུགས་སྐྲུན་འཕེལ་རྒྱས་རྒྱང་རིང་གི་རི་མཐོ་གྲོག་རོང་དུ་སྡོད་པའི་མང་ཚོགས་ལ་མཚོན་ན་ཕྱིར་བསྐྱོད་པར་སྟབས་བདེ་བསྐྲུན་པ་མ་ཟད་ཡོང་འབབ་ཀྱང་འཕར་བ་རེད།

རྔམ་བརྗིད་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཡུན་རིང་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཀྱིས་བོད་ལྗོངས་ཡུལ་སྐོར་མིང་དུ་གྲགས། གཞན་ཡང་གཞུང་ལམ་དང་ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་ཀྱི་འགྲིམ་འགྲུལ་རྨང་གཞི་སྒྲིག་བཀོད་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་བརྒྱུད་ཡུལ་སྐོར་རྒྱུན་མཐུད་ངང་མིང་དུ་གྲགས། 2023ལོར་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི5517སྣེ་ལེན་བྱས་པ2022དང་བསྡུར་ན83.7%གྱིས་འཕར་ཡོད། ད་ལོའི་ཟླ1པ་ནས་ཟླ4བའི་བར་དུ་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་རོང་འབྲོག་མང་ཚོགས་ལས་ཞུགས་སྤོ་སྒྱུར་མི་ཐེངས17256དང22904བྱས་ནས། འབབ་འཕར་སྒོར་དུང་ཕྱུར1.51མངོན་འགྱུར་བྱུང་ཞིང་། ན་ནིང་གི་དུས་མཉམ་ལས་སོ་སོར12.74%དང8.51% ། 21.65%འཕར་སྣོན་བྱུང་།

ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་རིམ་མཐོ་གཞུང་ལམ་ལམ་ཐིག་ཧྲིལ་བོ་ཤར་གཏོང་ཡུལ་དངོས།

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་སྟོད་ཤང་ཚེ་སྤོང་གྲོང་ཚོའི་ཆ་སྙོམས་ས་བབ་སྨི5100ཟིན་པ་དང་། འོད་ནུས་པང་ལེབ་ཁྲི8གྲལ་བསྒྲིགས་པས་ར་སྐོར་ཡོངས་ཀྱི་རྒྱ་ཁྱོན་མུའུ800ཟིན་ཡོད། ཧྭ་ཏེན་ནུས་ཁུངས་གསར་བའི་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སི་ཡིས་འཛུགས་སྐྲུན་བྱས་པའི50MWའགན་སྲུང་རང་བཞིན་དྲ་སྦྲེལ་ཉི་ནུས་གློག་འདོན་ལས་གཞི་དེ་ནི2024ལོའི་ལོ་མགོར་གློག་བཏོན་པ་དང་། མིག་སྔར་དེ་ནི་འཛམ་གླིང་ཐོག་ས་བབ་ཆེས་མཐོ་བའི་ཉི་ནུས་གློག་འདོན་ལས་གཞི་ཡིན།

རྒྱུས་ལོན་ལྟར་ན། ཚེ་སྤོང་གྲོང་ཚོའི་འོད་ནུས་ལས་གཞི་དེས་ཆ་སྙོམས་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར0.9ཟིན་པ་དང་། ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི2.8གྲོན་ཆུང་བྱས་ནས་དབྱང་གཉིས་སོལ་འགྱུར་ཕྱིར་གཏོང་ཚད་ཏུན9.2ཉུང་དུ་སོང་ཡོད། ཉིན་རེའི་གློག་འདོན་ཚད་ཀྱིས་ཁྱིམ་ཚང་སྟོང4ཡི་སྡོད་དམངས་ལ་མཁོ་འདོན་བྱས་ནས། བོད་ལྗོངས་ཁྱབ་ཁོངས་རང་བཞིན་དང་དུས་ཚིགས་རང་བཞིན་གྱི་གློག་འདོན་དགོས་མཁོ་འགན་སྲུང་བྱས།

མིག་སྔར་བར་དུ་བོད་ལྗོངས་ཀྱི་ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱི་བསྡུར་ཚད90%ལས་བརྒལ་ཞིང་། དེ་ནང་ཆུ་གློག53.72%དང་། འོད་ནུས36.32% ། རླུང་ཤུགས1.4%ཟིན་པས་བོད་ལྗོངས་གློག་དྲ་གཞི་རྩ་ནས་ནུས་ཁུངས་གཙང་མས་གློག་འདོན་པ་མངོན་འགྱུར་བྱུང་།

ཐོན་སྐྱེད་དང་འཚོ་བའི་སྒྲིག་བཀོད་སྔར་ལས་སྟབས་བདེ་རུ་གྱུར་བ་དང་ཆབས་ཅིག་ཏུ་བོད་ལྗོངས་མང་ཚོགས་ཀྱི་རིག་གནས་རོལ་རྩེད་སྒྲིག་བཀོད་འབོར་ཆེན་པོའི་ངང་མཐོ་རུ་ཕྱིན། ཉེ་བའི་ལོ་ཤས་རིང་ལ་བོད་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་དུ་གྱུར་ནས། ཆུས་དང་ས་ཁུལ། རྫོང་། ཤང་། གྲོང་ཚོའི་རིམ་པ5ཞབས་ཞུ་དྲ་རྒྱ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཞིང་། ཞབས་ཞུ་ཐབས་ལམ“དམག་ས་ཞབས་ཞུ+གྲངས་འཛིན་ཞབས་ཞུ+རྒྱུན་འཁོར་ཞབས་ཞུ”རིམ་པ3དཔེ་དབྱིབས་མངོན་འགྱུར་བྱུང་ནས། ཞབས་ཞུ་ཕན་ནུས་དང་ཆུ་ཚད་ལ་མཐོ་རུ་ཕྱིན་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号