མངོན་མིན་རིག་གནས་ཤུལ་བཞག་ལྡུམ་རའི་ནང་དུས་རབས་ཉམས་འགྱུར་མེ་ཏོག་རབ་ཏུ་བཞད།

—— བོད་ལྗོངས་ཀྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”གཞིས་རྩེའི་ཚོགས་ར་གཙོ་བོའི་བྱེད་སྒོའི་སྐོར་བཀོད་པ།

གཞིས་རྩེ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་བྲ་བོའི་བག་ལེབ་བཟོ་བཞིན་པ།

ཉིན་ཤས་ཀྱི་གོང་ལ། 2024ལོའི་བོད་ལྗོངས་ཀྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”ཚོགས་ར་གཙོ་བོའི་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་ལས་གླིང་དུ་སྤེལ་བ་རེད།

བྱེད་སྒོ་སྤེལ་བའི་རིང་ལ། གཞིས་རྩེའི་འགོ་འཛུགས་འཁྲབ་སྟོན《རྔོན་པའི་འདོན》དང་། ནག་ཆུའི《ལ་གཞས》མངའ་རིས་ཀྱི་གླུ་གར《སྒོར་རྩེད》ལྷོ་ཁའི་གླུ་གར《ཡར་འབྲོག་སྒོར་གཞས》ཉིང་ཁྲིའི་མདའ་གཞས《མདའ་མོ》ལྷ་སའི་གླུ་གར《ཤེལ་རོང་འབྲོང་རྩེད》 སོགས་ལེ་ཚན་རབ་དང་རིམ་པ་འཁྲབ་སྟོན་བྱས་ནས་གྲོང་མི་དང་ཡུལ་སྐོར་བར་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

གཞིས་རྩེ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་རིག་གནས་དར་ཡུལ་གྲས་ཤིག་རེད་ལ། རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་པས། རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་ཕྱིན་པ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ནང་ཞུགས་པའི་སྤྱི་དམངས་ཀྱི་འདུ་ཤེས་ཟབ་ཏུ་དང་སྤྲོ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཕྱིན་ཡོད།

གཞིས་རྩེ་གྲོང་ཁྱེར་གྱི་ཚོགས་ར་གཙོ་བོའི་འགོ་འཛུགས་མཛད་སྒོར་འཁྲབ་སྟོན་པས་ལྷ་རྩེའི་སྟོད་གཞས་འཁྲབ་བཞིན་པ།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་བོད་ལྗོངས་ཀྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”རིམ་སྤེལ་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་དང་ལོ་རྒྱུས་རིག་གནས་ཀྱི་རྒྱུན་བསྐྱངས་ཏེ་མཚར་སྡུག་ལྡན་པའི་དུས་རབས་ཀྱི་ལེའུ་རྩོམ་དགོས” དང“རིག་དངོས་སྲུང་སྐྱོང་། ཤེས་དཔལ་རྒྱུན་འཛིན”ཞེས་པ་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་སྐྲུན་རང་བཞིན་གྱི་དངོས་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་སྤེལ་མཐའ་འཁྱོངས་བྱས་པར་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་ངོམ་སྟོན་བྱས་ཏེ། རྒྱ་ཆེའི་མང་ཚོགས་དང་། ཡུལ་སྐོར་བ། དྲ་གྲོགས་བཅས་ཀྱིས་མྱོང་རོལ་ཞོར་དུ་རིག་གནས་ཤུལ་བཞག་སྲུང་སྐྱོང་ནང་ཞུགས་པ་དང་སྲུང་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བྱས་ནས་དམངས་ཡོངས་དེའི་ནང་ཞུགས་པའི་འདུ་ཤེས་དང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号