ཡུན་ནན་གྱི་གནའ་དཔེ་རྩ་ཆེན་ལྡེབ་མ་འབུམ་གཅིག་དང་ཁྲི་གསུམ་ལྷག་མྱུར་སྐྱོབ་བྱས་ནས་ཉམས་གསོ་ཐུབ་ཡོད།

ཉེ་ཆར། ཡུན་ནན་ཞིང་ཆེན་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་བསྡོམས་རྩིས་གསར་ཤོས་ལས་མངོན་པར་ལྟར་ན། མིག་སྔར་ཞིང་ཆེན་ཡོངས་ཀྱི་ལྡེབ་མ་འབུམ་གཅིག་དང་ཁྲི་གསུམ་ཙམ་གྱི་རྩ་ཆེའི་གནའ་དཔེ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ཐུབ་ཡོད། དེའི་ནང་དུ་རྒྱ་ཡིག་གི་གནའ་དཔེ༡༩༤༠་དང་ལྡེབ་མ༡༠༣༣༡༣ཡོད་པ་དང་། བོད་ཡིག་གི་གནའ་དཔེ་ལྡེབ་མ༢༨༨༢ཡོད་ལ། དབྱིས་རིགས་ཀྱི་གནའ་དཔེ༢༨༤དང་ལྡེབ་མ༡༥༡༨༢་ཙམ་དང་། ཏའེ་རིགས་ཀྱི་གནའ་དཔེ༣༤དང་ལྡེབ་མ༩༧༠ཙམ། སྟོན་པའི་ཡིག་རིགས་ཀྱི་གནའ་དཔེ་༤༠དང་ལྡེབ་མ༤༩༡བཅས་ཡོད།

       ཡུན་ནན་ཞིང་ཆེན་དཔེ་མཛོད་ཁང་ལོ་རྒྱུས་ཡིག་ཆ་སྡེ་ཁག་གི་འགོ་འཛིན་ཡན་ཡན་ཕིང་གིས་ངོ་སྤྲོད་བྱས་པར་ལྟར་ན། ཉམས་གསོ་བྱས་པའི་གནའ་དཔེའི་ནང་ཡོན་རྒྱལ་རབས་སྐབས་སུ་པར་དུ་བརྐོས་པའི«ཨོ་ཀུའོ་ཅིན་ཐུའོ་ཡིག་རིགས་གཅེས་བསྡུས»ཞེས་པའི་དེབ་ཉེར་བརྒྱད་དང་། དབྱིས་རིགས་ཀྱི་གནའ་དཔེ«ཁྲ་མུའུ»དང«བརྟག་ཐབས་དཔེ་གཞུང»། ཏའེ་རིགས་ཀྱི་གནའ་དཔེ«གདོན་བགེགས་སེལ་ཐབས»དང«ལན་ཀཱ་ཞི་ཧོ»། བོད་ཡིག་གི་གནའ་དཔེ«ནཱ་གོ་ལཱའི་བྲག་ཕུག་གི་གཏེར་ཡིག» སྟོན་པའི་ཡིག་རིགས་ཀྱི་གནའ་དཔེ«ཀླུ་གདོན་གྱི་མདོ»སོགས་ཡིག་རིགས་རྩ་ཆེན་སྐོར་ཞིག་ཡོད། 

ཡུན་ནན་ཞིང་ཆེན་གྱི་གནའདཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་གནའ་དཔེ་ཉམས་གསོའི་དགེ་རྒན་དབྱང་ལི་ཆུན་གྱིས་བཤད་པ་ལྟར་ན། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཉམས་གསོའི་ལས་ཀ་དཀའ་ཚེགས་ཧ་ཅང་ཆེ་ལ། ནང་སྒོས་སུ་བོད་ཡིག་གནའ་དཔེ་ལྟ་བུར་མཚོན་ན། ཆོས་གཞུང་འབྲི་བའི་ཤོག་བུ་མང་ཤོས་ནི་ར་མ་རེས་ལྕག་གིས་རྒྱུ་བྱས་ནས་བཟོས་པས། ཤོག་བུའི་སྲ་མཁྲེགས་རང་བཞིན་དང་འབུ་འགོག་གི་ཕན་འབྲས་ལ་ཁག་ཐེག་བྱས་ཡོད་མོད། འོན་ཀྱང་བོད་ཤོག་འདི་ད་ལྟ་ཧ་ཅང་མཐོང་དཀོན་པོ་ཡིན་པས། ཁོ་ཚོའི་ཚོགས་པས་མིའི་ཐབས་ཀྱིས་ཤོག་བུར་ཁ་གསབ་བྱེད་པའི་ཐབས་ལ་བརྟེན་ནས་མིག་སྔར་ཕན་འབྲས་ལེགས་པོ་བྱུང་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号