མཚོ་སྔོན་རྨ་ལྷོའི་དམངས་སྤྱོད་གནམ་ཐང་གི་གནས་ཡུལ་གཏན་འཁེལ་བྱུང་བ།

ཚེས17ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་མང་རིང་གྲ་སྒྲིག་བྱས་པའི་རྨ་ལྷོའི་དམངས་སྤྱོད་གནམ་ཐང་གནས་ཡུལ་གྱི་དམེ་ཤུལ་ཇུས་གཞིར་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་སྡེ་ཚན་གྱི་ཆོག་མཆན་དངོས་སུ་ཐོབ་པ་དེ་ཐོག་ནས་རྨ་ལྷོའི་དམངས་སྤྱོད་གནམ་ཐང་གི་དུས་འགོའི་ལས་དོན་ཐད་ཚད་བརྒལ་ཆེན་པོ་བྱུང་བ་མཚོན་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། རྨ་ལྷོའི་དམངས་སྤྱོད་གནམ་ཐང་གི་གནས་ཡུལ་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་གྱི་ཁོངས་སུ་ཡོད་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི3700ཡོད་པ་དང་། གང་དེ་ས་མཐོ་ཡང་མཐོའི་གནམ་ཐང་གི་ཁོངས་སུ་གཏོགས་པ་རེད།

གནམ་ཐང་དེར་ཚོད་རྩིས་བྱས་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར20བཏང་བ་དང་། འཕུར་སྐྱོད་ཁུལ4Cཚད་གཞི་ལྟར་ཇུས་འགོད་བྱས་ཡོད། གནམ་ཐང་དེ་རྨ་ལྷོ་ཁུལ་ཐུན་རེན་གྲོང་ཁྱེར་དང་ལམ་ཐག་སྤྱི་ལེ57དང་། རྩེ་ཁོག་རྫོང་དང་ལམ་ཐག་སྤྱི་ལེ50ཟིན་གྱི་ཡོད། དུས་འགོའི་ལོ་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི30གཡས་གཡོན་ཟིན་བཟོ་ཡོད་པ་དང་། དུས་ཕྱིའི་ལོ་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི70གཡས་གཡོན་ཟིན་བཟོ་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། གནམ་ཐང་དེ་བསྐྲུན་རྗེས་དེ་ཉིད་མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་དང་ནང་ལོག་སྦྲེལ་སའི་མཁའ་འགྲུལ་བགྲོད་ལམ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་དང་། ད་ལྟ་སྐྲུན་བཞིན་པའི་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་དང་ཐུན་རིན་ནས་གསེར་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་དང་མཉམ་དུ་མཚོ་སྔོན་ཤར་ལྷོའི་རྒྱུད་ཀྱི་འགྲིམ་འགྲུལ་ལངས་གཟུགས་དྲ་རྒྱ་འགྲུབ་རྒྱུ་ཡིན་པ་དང་། གང་དེས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། ས་མཐོའི་འབྱུང་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号