བོད་ལྗོངས་ཉི་མ་རྫོང་གིས་རོང་འབྲོག་པའི་སྙིང་སྟོབས་དང་ངོས་འཛིན་གསར་བ་མཐོ་རུ་བཏང་།

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གིས“གྲོང་གསེབ་དར་སྤེལ། ནག་ཆུ་མདུན་བསྐྱོད”ཅེས་པའི་བྱ་འགུལ་གོ་སྐབས་སུ་བྱས་ནས། རོང་འབྲོག་མང་ཚོགས་ཀྱིས་བྱ་འགུལ་ཁྲོད“མི་སྣ་གཙོ་བོ”བྱེད་པ་དང“སྔོན་ཐོན”བརྩོན་ལེན་བྱེད་པར་སྣེ་ཁྲིད་དེ། ཁོ་ཚོས་འཚོ་བའི་རྣམ་པ་དང་བསམ་པའི་འདུ་ཤེས། སྤྱི་ཚོགས་རྣམ་པ། ངོས་འཛིན་བཅས་ཀྱི་ཕྱོགས་ནས་མངོན་གསལ་གྱིས་མཐོ་རུ་ཕྱིན།

2024ལོའི་ཟླ5པར། ཉི་མ་རྫོང་གི“གྲོང་གསེབ་དར་སྤེལ། ནག་ཆུ་མདུན་བསྐྱོད ”བྱ་འགུལ་ནང་ཞུགས་པའི་གྲོང་མི་ཚོ།

ད་ལྟ། ཉི་མ་རྫོང་གི་རོང་འབྲོག་པའི་ཉིན་རྒྱུན་གྱི་འཚོ་བ་ནི་ཕྱུགས་འཚོ་བ་དང་ཇ་འཐུང་བ་མ་གཏོགས། རིགས་སོ་སོའི་ནུས་རྩལ་སྦྱངས་པ་དང་ཞབས་བྲོ་དང་གླུ་ལེན་བྱ་འགུལ་ནང་ཞུགས་པ། འབྲོག་ཁྱིམ་དཔེ་ཁང་དུ་དཔེ་ཀློག་བྱེད་པ་སོགས་ཁོ་ཚོའི་འཚོ་བའི་གྲུབ་ཆ་རུ་གྱུར། “གྱོན་གོས་གཅིག་དུས་ཚིགས་མང་པོ་གྱོན་པ”ནས“དུས་ཚིགས་གཅིག་ལ་གྱོན་གོས་མང་པོ”བརྗེ་བ། དེ་ནས་གཙང་སྦྲའི་གོམས་སྲོལ་གསོ་སྐྱོང་བྱས་པ་བཅས་ཀྱིས་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་རྣམ་པ་མུ་མཐུད་དུ་འགྱུར་ལྡོག་བྱུང་བཞིན་ཡོད།

2024ལོའི་ཟླ5པར། ཉི་མ་རྫོང་ཧྲིན་ཡ་ཤང་གི་མང་ཚོགས་སྒྲོན་དཀར་གྱིས་ལས་ཀ་ལས་བཞིན་པ།

ཉི་མ་རྫོང་ཧྲིན་ཡ་ཤང་གི་མང་ཚོགས་སྒྲོན་དཀར་གྱིས“གྲོང་གསེབ་དར་སྤེལ། ནག་ཆུ་མདུན་བསྐྱོད”ཀྱི་རྫོང་རིམ་པའི་འགྲན་བསྡུར་ནང་རླངས་འཁོར་ཉམས་གསོའི་ཨང་དང་པོར་བླངས་ཤིང་། ཁོས་རང་གི་ལག་པ་གཉིས་ལ་བརྟེན་ནས་ཕྱུག་འགྱུར་རེ་འདུན་མངོན་འགྱུར་བྱུང་བ་དང་ཆབས་ཅིག་ཏུ་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལག་རྩལ་སློབ་པ་དང་ལག་རྩལ་བེད་སྤྱོད་བྱས་ནས། མང་ཚོགས6ལ་རོགས་རམ་བྱས་ནས་ལས་ཞུགས་དང་འབབ་འཕར་མངོན་འགྱུར་བྱུང་ནས་ཟླ་རེའི་ཡོང་འབབ་སྒོར6000ལྷག་ཟིན་པ་རེད།

ཉི་མ་རྫོང་འགྲོ་ཉིན་ཤང་གི་མང་ཚོགས་དོན་འགྲུབ་རྒྱ་མཚོ་ཡིས“གྲོང་གསེབ་དར་སྤེལ། ནག་ཆུ་མདུན་བསྐྱོད”ཀྱི་རོང་འབྲོག་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་ཁྲོད་བོད་ཀྱི་གཡོས་སྦྱོར་འགྲན་བསྡུར་རྫོང་རིམ་པའི་ཨང་གཉིས་པ་བླངས་པ་དང་། ལས་ཀ་ཡང་རྙེད་དེ་འབབ་འཕར་མངོན་འགྱུར་བྱུང་།

ཧྲིན་ཡང་ཤང་གྲོང་ཚོ་གསུམ་པའི་མང་ཚོགས་དགེ་ཕུན་གྲོང་ཚོའི་གསོ་སྤེལ་དུད་ཁྱིམ་ཆེན་མོ་ཡིན་པའི་ཆ་ནས། “གྲོང་གསེབ་དར་སྤེལ། ནག་ཆུ་མདུན་བསྐྱོད”ཀྱི་འགྲན་བསྡུར་ནང་ཞུགས་པར་བརྟེན་ནས་དགའ་རྟགས་ཐོབ་པ་མ་ཟད། འགྲན་བསྡུར་བརྒྱུད་དེ་མང་ཚོགས་དག་ལ་ཁོ་ཚང་གི་འོ་མའི་ཐོན་རྫས་སྤུས་ཚད་མཐོང་ཐུབ་པར་གྱུར་ནས། ཐོན་རྫས་ཚོང་ལམ་རྒྱ་བསྐྱེད་པ་དང་ཡོང་འབབ་ཀྱང་དེ་བཞིན་འཕར་བ་རེད།

རོང་འབྲོག་པར་འགྲན་བསྡུར་ཁྲོད་དགའ་བསུ་དང་གཟེངས་བསྟོད་ཐོབ་པས། ཁོ་ཚོས་རང་ཉིད་ཕྱིན་མངོན་མི་འདོད་པའི་བསམ་བློ་ལ་འགྱུར་ལྡོག་བྱུང་ཞིང་། གྲོང་ཚོ་གཞན་གྱི་མང་ཚོགས་དང་བརྗེ་རེས་བྱེད་པའི་གོ་རིམ་ཁྲོད་ཉི་མ་རྫོང་གི་རོང་འབྲོག་པས་སྔར་ལས་ལྷག་པའི་ཕན་ཚུན་གྱི་འཚོ་བ་དང་རིག་གནས་ལ་རྒྱུས་ལོན་བྱུང་བ་མ་ཟད། རང་གི་མཐོང་རྒྱ་ཐོས་རྒྱ་དང་ཤེས་རྟོགས་རྒྱ་བསྐྱེད་དེ་མི་དང་འབྲེལ་བ་འཛུགས་པར་ནུས་བ་མཐོ་རུ་བཏང་ཞིང་། གནད་དོན་སེལ་བ་དང་གསར་སྐྲུན་ནུས་བའང་མཐོ་རུ་ཕྱིན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号