གནས་སྤོར་ལམ་བར་གྱི་གཙོད་ཁྱུའི་གཏམ་རྒྱུད།

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མི་སྣས་རྨས་སྐྱོན་ཕོགས་པའི་གཙོད་མོ་ཞིག་ལ་བདག་སྐྱོང་བྱེད་བཞིན་པ།

ཟླ6པའི་ཚེས14ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་མངའ་ཁོངས་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ“མྱ་ངན་ཐང”གི་གཏིང་ཟབ་སར། རི་སྐྱེས་སྲོག་ཆགས་ཆེད་མཁས་དོ་དམ་སྲུང་སྐྱོང་མི་སྣའི་གནས་སྐབས་ཀྱི་ཞག་སྡོད་སྒེར་སའི་ཉེ་འཁོར་གྱི་གཙོད་ཁྱུ་གནས་སྤོར་ལམ་བར་དུ་རི་སྤྱང་ཞིག་གིས་མངལ་སྦྲུམ་པའི་གཙོད་མོ་ཞིག་ལ་རྒོལ་ནས་དེའི་གྲོད་པ་དང་སྐེ་ལ་སོ་བཏབ་པ་རེད། རྡོག་ཤད་རྒྱག་པའི་གཙོད་དེ་རི་སྤྱང་ཁ་ནས་ཐར་རྗེས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྒེར་སའི་ཕྱོགས་སུ་བསྐྱོད། རི་སྤྱང་སྒེར་སའི་ཉེ་སར་ཡོང་མ་ཕོད་པར་ཁ་བྲལ་བ་རེད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་རུ་ཁག་གི་ལས་དོན་མི་སྣས་གཙོད་མོ་དེ་མཐོང་ཚེ་སྒེར་ས་ནང་ཁྲིད་དེ་རོགས་སྐྱོབ་བྱས། ཡིན་ཡང་གཙོད་དེར་རྨས་སྐྱོན་ཕོགས་པ་ཚབས་ཆེན་ཡིན་པས་སྲུང་སྐྱོང་མི་སྣས་གཙོད་དེའི་གྲོད་པ་འཚེམ་རྗེས་རྒྱུན་སྲོལ་བཞིན་བྱང་ཐང་རྩྭ་ཐང་ཆེན་མོར་སྐྱེལ།

གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། ལོ་རེའི་ཟླ5བ་ནས7པའི་བར་དུ་བྱང་ཐང་རྩྭ་ཐང་གི་གཙོད་ཁྱུ་ཕོ་མོས་རིགས་རྒྱུད་སྤེལ་བའི་དུས་ཚིགས་བསུས་པ་དང་། གཙོད་མོས་གཙོད་ཕྲུག་བཙའ་བའི་གནས་སུ་སྤོར་བའི་ལམ་བར་དུ་རི་སྤྱང་དང་དྲེད་མོང་སོགས་ཀྱི་གཅན་གཟན་གྱིས་གོ་སྐབས་དང་བསྟུན་ནས་སྒུག་བཞིན་ཡོད་པས་གནས་སྤོར་ལམ་བར་ནི་ཉེན་ཁ་མང་པོ་ལྡན། 

བྱང་ཐང་རྩྭ་ཐང་དུ་ལོག་པའི་གཙོད་མོ་ཞིག

རྩྭ་ཐང་གི་རི་སྤྱང་། 

རྩྭ་ཐང་ནས་སྒུག་བཞིན་པའི་དྲེད་མོང་།

ཟླ6པའི་ཚེས15ཞོགས་པར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་མངའ་ཁོངས་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི“མྱ་ངན་ཐང”གི་གཏིང་ཟབ་སར་རྨས་སྐྱོན་ཕོགས་པའི་གཙོད་མོ་ཞིག་ཤི་ཟིན་པ་རེད།

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མི་སྣས་གཙོད་མོར་རྨས་སྐྱོན་བྱུང་བའི་གནས་ཚུལ་ལ་ལྟ་བ།

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མི་སྣས་གཙོད་མོར་རྨས་སྐྱོན་བྱུང་བའི་གནས་ཚུལ་ལ་ལྟ་བ།

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྨས་སྐྱོན་བྱུང་བའི་གཙོད་མོ།

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མི་སྣས་གཙོད་མོར་རྨས་སྐྱོན་བྱུང་བའི་གནས་ཚུལ་ལ་ལྟ་བ།

གཙོད་ཁྱུ་ཞིག་གིས་ཉེན་ཁ་ཐུག་པར་ཚོར་ནས་མཆོང་རྒྱུག་བྱེད་བཞིན་པ།

རྩྭ་ཐང་གི་རི་སྤྱང་།

རྩྭ་ཐང་གི་རི་སྤྱང་།

རྩྭ་ཐང་གི་དྲེད་མོང་།

ཟླ6པའི་ཚེས15ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་མངའ་ཁོངས་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི“མྱ་ངན་ཐང”གི་གཏིང་ཟབ་སར་གནས་སྤོར་བཞིན་པའི་གཙོད་ཁྱུ།

ཟླ6པའི་ཚེས14ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་མངའ་ཁོངས་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི“མྱ་ངན་ཐང”གི་གཏིང་ཟབ་སར་དོ་དམ་སྲུང་སྐྱོང་མི་སྣས་འགྱིག་ཤོག་གིས་རྨས་སྐྱོན་བྱུང་བའི་གཙོད་མོར་གནས་སྐབས་ཀྱི་རླུང་འགོག་པའི་སྦྲ་གུར་ལྟ་བུ་བཟོ་བ།

ཟླ6པའི་ཚེས14ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་མངའ་ཁོངས་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི“མྱ་ངན་ཐང”གི་གཏིང་ཟབ་སར་གནས་སྤོར་བཞིན་པའི་གཙོད་ཁྱུ།

ཟླ6པའི་ཚེས15ཞོགས་པར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་མངའ་ཁོངས་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི“མྱ་ངན་ཐང”གི་གཏིང་ཟབ་སར་རྨས་སྐྱོན་ཕོགས་པའི་གཙོད་མོ་ཞིག་ཤི་ཟིན་པ་རེད།

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མི་སྣས་རོགས་སྐྱོབ་བྱས་པའི་གཙོད་ཕྱི་རོལ་དུ་གཏོང་བ།

རི་སྤྱང་ཞིག་གཙོད་ཁྱུ་ནང་གི་མངལ་སྦྲུམ་པའི་གཙོད་མོ་ཕྱོགས་སུ་རྒྱུག་བཞིན་པ།

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མི་སྣས་རྨས་སྐྱོན་བྱུང་བའི་གཙོད་མོར་ལྟ་བཞིན་པ།

རི་སྤྱང་ཞིག་གཙོད་ཁྱུ་ནང་གི་མངལ་སྦྲུམ་པའི་གཙོད་མོ་ཕྱོགས་སུ་རྒྱུག་བཞིན་པ།

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མི་སྣས་རྨས་སྐྱོན་བྱུང་བའི་གཙོད་མོ་སྐྱོབ་བཞིན་པ།

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མི་སྣས་རྨས་སྐྱོན་བྱུང་བའི་གཙོད་མོ་སྒེར་སར་སྐྱེལ་བཞིན་པ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号