མཚོ་སྔོན་པོའི་འགྲམ་གྱི་འདུ་འཛོམས་ཆེན་མོ།

ཉེ་སྔོན། གུང་ཧོ་རྫོང་གི་མཚོ་སྐོར་ས་ཁུལ་གྱི་དམངས་སྲོལ་རིག་གནས་འགྲེམ་སྤེལ་དུས་སྟོན་དང་རོང་འབྲོག་མང་ཚོགས་ཀྱི་ལུས་རྩལ་འགྲན་སྡུར་སྐབས་ཞེ་ལྔ་བ་རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བར་གཟབ་རྒྱས་ངང་བསྡུས་ཤིང་། དཔང་བསྟོད་སྐབས་སུ་སྲོལ་རྒྱུན་མི་རིགས་རྒྱན་གོས་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་འགྲེམ་སྟོན་བྱས་ཤིང་། དེའི་ཁྲོད་དུ་རྟ་རྒྱུག་དང་མདའ་འཕེན། ས་འགྱོགས། ཐག་འཐེན་སོགས་སྲོལ་རྒྱུན་མི་རིགས་ལུས་རྩལ་གྱི་རྣམ་གྲངས་མང་པོ་འདུ་བས། མཚོ་སྐོར་ས་ཁུལ་གྱི་རོང་འབྲོག་འགྲན་ཞུགས་པ་ཡོངས་ཀྱི་ཡིད་སེམས་དབང་མེད་དུ་བཀུག་ཡོད། 

ཐེངས་འདིའི་བྱ་འགུལ་བརྒྱུད། མི་རིགས་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་ཟེར་བའི་དཔེ་བཞིན་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཞིར་བཟུང་སྟེ། རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། མཚོ་སྔོན་པོའི་ཡུལ་སྐོར་ཁྲོམ་རར་བརྟེན་ནས་སྤུས་མཐོའི་དཔལ་འབྱོར་འཕེལ་རྒྱས་ལ་གཞོགས་འདེགས་གནང་བ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号