ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གིས“འབྲོག་པའི་སྦྲ་ཁྱིམ་དུ་བསྐྱོད་པ”ཞེས་པའི་འབྲོག་ལས་ཡོ་བྱད་ངོས་འཛིན་གྱི་བྱེད་སྒོ་སྤེལ།

ཟླ6པའི་ཚེས12ཉིན། ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཤེས་འཇོན་གཉིས་ལྡན་གྱི་མི་རབས་གསར་བ་གསོ་སྐྱོང་གི་བརྗོད་བྱར་དམིགས་ནས། ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གིས“འབྲོག་པའི་སྦྲ་ཁྱིམ་དུ་བསྐྱོད་པ”ཞེས་པའི་འབྲོག་ལས་ཡོ་བྱད་ངོས་འཛིན་གྱི་བྱེད་སྒོ་ཀླུ་ཆུ་རྫོང་ཤ་བཙོས་ཐང་དུ་སྤེལ།

བྱ་འགུལ་དུ། ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གི་དགེ་སློབ་ཆིག་སྟོང་ལྷག་ཟབ་ཞུགས་བྱས་ཏེ་འབྲོག་ཁྱིམ་གྱི་འཚོ་བར་རྒྱུས་ལོན་ཟབ་མོ་བྱས་ཤིང་།སློབ་མ་རྣམས་ལ་སྦྲ་ནག་ཕྱི་ནང་གི་བཀོད་པ་ངོ་སྤྲོད་དང་། འཕང་འཁེལ་བ། འཕྲུལ་འཐེན་པ། རྟའི་སྒ་སྟན་སྲབ་གསུམ་སོགས་ཡུལ་དངོས་ནས་ངོ་སྤྲོད་དང་། དུས་ཐོག་ལག་ལེན། རང་ཉིད་ཟབ་ཞུགས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་འབྲོག་པའི་འཚོ་བ་དང་རྒྱུན་སྤྱོད་ཡོ་བྱད་དག་ངོས་འཛིན་དང་བེད་སྤྱོད་ཐད་སློབ་སྦྱོང་དང་རོལ་མྱོང་ཟབ་མོ་བྱས།

བྱ་འགུལ་འདི་བརྒྱུད། རྒྱ་ཆེའི་སློབ་མ་རྣམས་ཀྱིས་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་དང་། ངལ་རྩོལ་ལ་དགའ་ཞེན། འཚོ་བ་ལ་དགའ་ཞེན་བྱེད་པའི་འདུ་ཤེས་དང་ངེས་ཤེས་སྲ་བརྟན་དུ་བཏང་བ་མ་ཟད། ཡུལ་དངོས་དམར་ཁྲིད་བརྒྱུད་ནས་ན་ཆུང་བྱིས་པ་ཚོས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འབྲོག་ལས་ཡོ་བྱད་ངོས་འཛིན། མིང་བརྡ་བེད་སྤྱོད་སོགས་ཀྱི་ཐད་ལ་སྣེ་སྟོན་དང་གཞོགས་འདེགས་ཀྱི་བྱེད་ནུས་ངེས་ཅན་ཐོན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号