ན་ནིང་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཀློག་པ་པོ་མི་ཐེངས་ཁྲི18ལས་བརྒལ་བ་སྣེ་ལེན་བྱས།

པར་འདི་ནི་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནང་ཁུལ་གྱི་ཟུར་ཞིག་རེད།

ཟླ4པའི་ཚེས23ཉིན་ནི“འཛམ་གླིང་དཔེ་ཀློག་ཉིན་མོ”ཐེངས་ཉེར་དགུ་བ་ཡིན་ལ། མི་རྣམས་ཀྱི་མིག་མདའ་སླར་ཡང་དཔེ་ཀློག་ཕྱོགས་སུ་འཁོར་ཡོད།

【གཞི་གྲངས】གྲོང་མིའི་དཔེ་ཀློག་གི་སྤྲོ་སེམས་འཕེལ་བར་བྱས་ནས། ན་ནིང་དཔེ་མཛོད་ཁང་གི་དཔེ་དེབ་གཡར་ལེན་བྱེད་ཚད་ཆེས་ཆེར་འཕར་བ། 

མིག་སྔར། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་ཆ་ཁྲི50ལྷག་ཡོད་ཅིང་། དེའི་ཁྲོད་སྤྱི་ཚོགས་ཚན་རིག་དང་། མཚན་ཉིད་རིག་པ། དམག་དོན། དཔལ་འབྱོར། རྩོམ་རིག ལོ་རྒྱུས། ས་ཁམས། སྨན་བཅོས་སོགས་རིགས་ཉེར་གཉིས་འདུས་ཡོད། གཞི་གྲངས་ལས་མངོན་པ་ལྟར་ན། 2023ལོར། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་བྱིས་པའི་དཔེ་ཆ་གཡར་ལེན་བྱེད་ཚད5046ལ་སླེབས་པ་དང་། ལོ་གོང་མ་དག་དང་བསྡུར་ན་ཆེས་ཆེར་འཕར་ཡོད། 2023ལོར། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ཉར་ཚགས་པུའུ་ཡི་དཔེ་ཆ་གཡར་ལེན་བྱེད་ཚད20330ལ་སླེབས་པ་དང་། 2022ལོ་དང་བསྡུར་ན་དཔེ་ཆ་དེབ9000ལྷག་གི་ཇེ་མང་དུ་ཕྱིན་ཡོད། 2023ལོར་དཔེ་དེབ་ཉར་ཚགས་པུའུ་ཡིས་བསྡོམས་པས་ཀློག་པ་པོ་མི་ཐེངས20330སྣེ་ལེན་བྱས་པ་དང་། 2022ལོ་དང་བསྡུར་ན་ཆེས་ཆེར་འཕར་ཡོད།

དཔེ་ཀློག་མཁན་གྱི་དཔུང་སྡེ་ཉིན་བཞིན་རྒྱ་ཆེར་འགྲོ་བ་དང་དཔེ་དེབ་གཡར་ལེན་བྱེད་ཚད་རྒྱུན་མཐུད་འཕར་བ་དེ་དཔེ་མཛོད་ཁང་གི་འབད་པ་ལྷོད་མེད་དང་དཀའ་ངལ་ཁྱད་བསད་བྱས་པར་ཐུག་ཡོད། ཉེ་བའི་ལོ་འགའི་རིང་། དཔེ་མཛོད་ཁང་གིས་བསམ་བློ་ཞིབ་ཏུ་བཏང་ནས་སྣ་མང་ཕུན་སུམ་ཚོགས་པའི་དཔེ་ཀློག་ཁྱབ་གདལ་བྱ་འགུལ་རབ་དང་རིམ་པ་ཇུས་འགོད་བྱས་ཏེ། རྒྱ་ཆེའི་གྲོང་མིའི་དཔེ་ཀློག་གི་སྤྲོ་སེམས་འཕེལ་བར་བྱས་ཡོད། དེ་དང་ཆབས་ཅིག དཔེ་མཛོད་ཁང་གིིས་ད་དུང་དུས་ཆེན་དང་གུང་གསེང་གི་གོ་སྐབས་བེད་སྤྱད་ནས་ཁྱད་ཆོས་ལྡན་པའི་བྱ་འགུལ་རབ་དང་རིམ་པ་སྟེ། དཔེར་ན་བརྗོད་དོན་འཆད་འཁྲིད་དང་། བུ་སྐྱོང་དཔེ་ཀློག དཔེ་ཆའི་འགྲེམས་སྟོན་སོགས་སྤེལ་ནས་གྲོང་མིར་སྔར་བས་སྣ་མང་ཅན་གྱི་དཔེ་ཀློག་གདམ་ག་མཁོ་འདོན་བྱས།

【དཔེ་ཆའི་དཀར་ཆག】དཔེ་ཀློག་དགོས་མཁོ་ཉིན་བཞིན་སྣ་མང་ཅན་དུ་གྱུར་ནས་ཆེས་དགའ་བསུ་ཐོབ་པའི་དཔེ་དེབ་བཅུ་གསར་དུ་ཐོན་པ།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། དཔེ་ཀློག་གཡར་ལེན་གྱི་སྟར་རིམ་མིང་ཐོ་ནི་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་རང་འགུལ་ཅན་མ་ལག་གི་དཔེ་དེབ་གཡར་ལེན་ཟིན་ཐོ་གཞིར་འཛིན་ས་བྱས་ནས་བྱུང་བ་ཡིན། གཞི་གྲངས་ཆེན་པོ་ལས་མངོན་པ་ལྟར་ན། དཔེ་ཀློག་མཁན་གྱིས་གཡར་ལེན་བྱེད་ཚད་ཆེས་མང་བའི་དཔེ་ཆའི་རིགས་གསུམ་ནི་སོ་སོར་རྩོམ་རིག་དང་མཚན་ཉིད་རིག་པ། ལོ་རྒྱུས་བཅས་ཡིན་ལ། དཔེ་དེབ་གཡར་ལེན་སྟར་རིམ་མིང་ཐོ་ཡིས་རྒྱ་ཆེའི་ཀློག་པ་པོའི་དཔེ་ཀློག་དགའ་ཕྱོགས་དང་དཔེ་ཀློག་ཁ་ཕྱོགས་ཐད་ཀར་མཚོན་ཡོད། རྩོམ་རིག་དཔེ་ཆའི་ཁྲོད《སྤྱིར་བཏང་གི་འཇིག་རྟེན། དེབ་དཀྱུས་མ》དང《ཞུས་སན་ཀོན་གྱི་ཁྲག་བཙོང་ཟིན་ཐོ》སོགས་ལ་དགའ་བསུ་ཆེན་པོ་ཐོབ་པ་དང་། གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་སྒྲོག་པ་བརྒྱུད་མ་རྩོམ་དཔེ་ཀློག་གི་ཚ་རླབས་འཕྱུར་བ། བོད་ལྗོངས་ཀྱི་ལོ་རྒྱུས་རིགས་དང་བོད་ལྗོངས་ས་གནས་ཡིག་ཚགས་དང་འབྲེལ་ཡོད་དཔེ་ཆའི་དཀར་ཆག་སྔར་བཞིན་ཀློག་པ་པོའི་དགའ་བསུ་ཐོབ་པའི་དཔེ་ཀློག་བརྗོད་གཞི་ཡིན།

【ཚོང་རྟགས】“དཔེ་ཀློག་བོད་ལྗོངས”ཀྱི་རྣམ་པ་སྐྲུན་ནས་དཔེ་མཛོད་ཁང་གི་ཚོང་རྟགས་བཏོད་པར་འཕེལ་རྒྱས་ཆེན་པོ་ཐོབ་པ།

གལ་ཏེ་རིག་གནས་ནི་གྲོང་ཁྱེར་ཞིག་གི་རྣམ་ཤེས་ཡིན་ན། དེ་ན་སྤྱི་བའི་དཔེ་མཛོད་ཁང་ནི་གྲོང་ཁྱེར་འདིའི་རིག་གནས་བང་མཛོད་དང་། ཚན་རིག་རིག་གནས་སྒྲོག་སྤེལ་གྱི་གཡུལ་ས་གཙོ་བོ་ཡིན་པས། མི་སྣ་འདུ་འཛོམས་དང་མིའི་བློ་སྒོ་འབྱེད་པ། མིའི་ལུས་ཟུངས་གསོ་བའི་ཁྲོད་གྲོང་ཁྱེར་ཞིག་གི་ཡུན་རིང་འཕེལ་རྒྱས་དང་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་གཏོང་བཞིན་ཡོད།

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་མགོ་གཙོ་དབྱངས་ཅན་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། དཔེ་མཛོད་ཁང་གི་ཚོང་རྟགས་འཛུགས་སྐྲུན་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་བྱིས་པའི་དཔེ་ཀློག་དང་དམིགས་བསལ་ཚོགས་སྤྱིའི་དཔེ་ཀློག་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཚོང་རྟགས་བྱ་འགུལ་རབ་དང་རིམ་པ་བཏོད་ཡོད། དེའི་ཁྲོད“ཨ་ཅག་གིས་གཏམ་རྒྱུད་བཤད་པ”“དཔེ་ཆའི་དོ་དམ་པ་ཆུང་ཆུང”སོགས་བྱ་འགུལ་ལ་བྱིས་པའི་དགའ་བསུ་ཆེན་པོ་ཐོབ་པ། དེ་དང་ཆབས་ཅིག དཔེ་མཛོད་ཁང་གིས་ད་དུང་དམུས་ལོང་ཀློག་པ་པོར་དམིགས་ནས“དཔེ་ཀློག་གིས་ཁྱེད་ལ་འོད་སྣང་བསྩོལ་བ”ཞེས་པའི་བརྗོད་གཞིའི་ཤེས་བྱ་འགྲན་བསྡུར་དང་ལོང་དཔེ་རེག་ཀློག་འགྲན་བསྡུར་སྤེལ།

དམངས་ཡོངས་དཔེ་ཀློག་ལ་སྔར་བས་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་པ་དང་། སྤྱི་ཚོགས་སྟོབས་ཤུགས་དང་མཉམ་དུ“དཔེ་ཀློག་གིས་མ་འོངས་པར་ཁྲིད་སྟོན”ཞེས་པའི་བརྗོད་གཞིའི་དཔེ་ཀློག་མནའ་འབྲེལ་བྱ་སྤྱོད་སྤེལ་ནས་ཞབས་ཞུ་དཔེ་མཛོད་ཁང་གི་ཕྱིར་སྣུར་སྲིང་བྱས་པ། གཞན་ཡང་། ལྗོངས་ཕྱི་ནང་གི་ཆེད་མཁས་པ་དང་མཁས་དབང་གྲགས་ཅན་གདན་དྲངས་ནས་རྒྱ་ཆེའི་ཀློག་པ་པོར་འཆད་འཁྲིད་བྱ་འགུལ་སྤེལ་ཤིང་། དེ་རྩོམ་རིག་དང་ལོ་རྒྱུས། མཛེས་རྩལ། གསོ་རིག མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ། སྤྱི་ཚོགས་རིག་པ་སོགས་ཁྱབ་ཁོངས་མང་པོར་འབྲེལ་ཡོད། བྱེད་ཐབས་འདི་དག་གིས་ཀློག་པ་པོའི་དནེ་ཀློག་ཉམས་ལེན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་མ་ཟད།“དཔེ་ཀློག་བོད་ལྗོངས”ཀྱི་རྣམ་པ་ལེགས་པོ་ཞིག་ཀྱང་བཏོད་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号