མགོ་ལོག་མར་སྟེང་གློག་འདོན་ས་ཚིགས་ནས་གློག་གཏོང་མགོ་ཚུགས་པ།

ཟླ4པའི་ཚེས1ཉིན་རྒྱལ་ཁབ་ཀྱི་གཙོ་གནད་ནུས་རྒྱུའི་རྣམ་གྲངས་ཏེ་མཚོ་སྔོན་མར་སྟེང་ཆུ་ཤུགས་གློག་འདོན་ས་ཚིགས་ཀྱི་འཕྲུལ་ཚན་དང་པོས་དངོས་སུ་དྲ་བ་སྦྲེལ་ནས་གློག་གཏོང་མགོ་ཚུགས་པ་རེད།  མར་སྟེང་ཆུ་ཤུགས་གློག་འདོན་ས་ཚིགས་ནི་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་གནས་པ་དང་། དེ་ནི་རྨ་ཆུའི་རྒྱུག་ཁུལ་གྱི་ས་བབ་མཐོ་ཤོས་དང་སྐྲུན་བཞིན་པའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཤོང་ཚད་ཆེ་ཤོས་ཀྱི་ཆུ་ཤུགས་གློག་འདོན་ས་ཚིགས་ཤིག་རེད། 

ཐེངས་འདིའི་གློག་འདོན་འཕྲུལ་ཚན་དང་པོའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི55ཟིན་པ་དང་།   སྔོན་དཔག་བྱས་ན་ཉིན་རེར་སྦགས་མེད་གློག་ཏུའུ་ཁྲི1320བཏང་ནས་ཁྱིམ་ཚང་ཁྲི110ཡི་ཉིན་རེའི་གློག་བེད་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་རྒྱུ་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号