མདའ་བཞི་རྫོང་གིས་ནོར་སྲིད་ལ་ཤུགས་བསྣན་ནས། དམངས་ཡོངས་ཀྱི་བདེ་ཐང་འགག་སྒྲོལ་ལ་ཤུགས་བརྒྱབ་པ།

ཉེ་བའི་ལོ་འགའི་རིང་། མདའ་བཞི་རྫོང་གིས་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ། ནོར་སྲིད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཤིང་། དམངས་ཡོངས་ཀྱི་བདེ་ཐང་འགག་སྒྲོལ་ཐད་ནུས་ཤུགས་ལེགས་པོ་བཏོན་ཡོད། 

དམངས་ལ་ཞབས་འདེགས་བྱེད་པའི་ནུས་ཤུགས་མཐོར་འདེགས་བཏང་སྟེ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུར་རོགས་འདེགས་བྱས། རྣམ་གྲངས་ཀྱི་སྤུས་ཚད་ལ་ཞབས་ཞུ་བྱེད་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་ཐོབ་སྣང་དམིགས་འབེན་ཁྲིད་སྟོན་དུ་བཞག་སྟེ། ཁྱོན་ཡོངས་ནས་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ལ་དོ་ཁུར་བྱེད་པར་སྐུལ་འདེད་དང་ས་གནས་རང་བཞིན་གྱི་ནད་ཡམས་སྔོན་འགོག་བྱེད་པ། བྱིས་པའི་འཚོ་བཅུད་ཁུག་མ་སྟེར་བ་སོགས་རྨང་གཞི་དང་སྤྱི་པའི་འཕྲོད་བསྟེན་ཞུབས་ཞུའི་ནུས་པ་མཐོར་འདེགས་བཏང་ཡོད། མིག་སྔའི་བར་རོང་འབྲོག་ཁུལ་གྱི་བུད་མེད་ཀྱི“འབྲས་སྐྲན་གཉིས”ལ་བརྟག་དཔྱད་བྱེད་པའི་བྱེད་སྒོ་མགོ་བརྩམས་ཡོད་ལ། མངལ་སྐེ་འབྲས་སྐྲན་གྱི་མི500དང་ནུ་མའི་འབྲས་སྐྲན་གྱི་མི500ལ་ཞིབ་བཤེར་བྱས་ཟིན། རྫོང་ཡོངས་ཀྱི་ཟླ6ནས24བར་གྱི་བྱིས་པར་རིན་མེད་ཀྱིས་འཚོ་བཅུད་ཁུག་མ3192སྤྲད་ཅིང་། ཁྱོན་སྡོམ་བྱིས་པ503ལ་རོགས་སྐྱོར་ཐོབ། དལ་འཕར་ནད་དང་ས་གནས་རང་བཞིན་གྱི་ནད་ཡམས་ཚོད་འཛིན་གྱི་བྱ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཤིང་། ལོ་སྟོད་ནོར་སྲིད་སྔོན་རྩིས་ལས་ཆེད་དོན་མ་དངུལ་སྒོར་ཁྲི25བཀོད་སྒྲིག་བྱས་ཏེ། བདེ་ཐང་ཤེས་བྱ་དྲིལ་སྒྲོག་དང་དལ་འཕར་ནད་ལ་དོ་དམ་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་བར་བཀོལ་སྤྱོད་བྱས་ཏེ། རྒྱ་ཆེའི་མི་དམངས་ཀྱི་དམངས་འཚོས་འགན་སྲུང་ལ་ངེས་པ་དོན་གྱིས་རོགས་འདེགས་ཐོབ་ཡོད།

དྲིལ་སྒྲོག་དང་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། བདེ་ཐང་མདའ་བཞི་བསྐྲུན་པར་འབད། སྔར་ལས་ལྷག་པའི་སྒོ་ནས་རང་རྫོང་གི་སྨན་བཅོས་ལས་དོན་འཕེལ་རྒྱས་ལ་རོགས་འདེགས་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དང་ཇེ་ལེགས་སུ་གཏོང་ཆེད། རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྨན་པ་རྐང་འཛིན་པ་གདན་དྲངས་ནས་བདེ་ཐང་ཤེས་བྱའི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། ས་གནས་རང་བཞིན་གྱི་ནད་ཡམས་སྔོན་འགོག་བྱེད་པའི་བྱ་བར་གྲ་སྒྲིག་གང་ལེགས་བྱས། དེ་དང་མཉམ་དུ་སྣ་མང་རང་བཞིན་གྱི་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་སྒོ་ནས་མི་དམངས་ཀྱིས་ཚན་རིག་རང་བཞིན་གྱི་བདེ་ཐང་འདུ་ཤེས་བསྐྱེད་པར་སྣེ་ཁྲིད་དང་། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ལག་ལེན་བྱེད་པ། བདེ་ཐང་མདའ་བཞི་བསྐྲུན་པའི་ཆུ་ཚད་རྒྱུན་གཏན་ངང་མཐོ་རུ་བཏང་ཡོད

མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། སྨན་བཅོས་ཞབས་ཞུ་མཐའ་འཁྱོངས་བྱས།  སྨན་བཅོས་ཆེད་སྤྱོད་མ་དངུལ་ལ་ལྟ་སྐུལ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ནོར་སྲིད་ཀྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། དུས་བཀག་མེད་པའི་སྒོ་ནས་མ་དངུལ་བེད་སྤྱོད་ཞིབ་བཤེར་ལས་དོན་སྤེལ་ཏེ། དལ་འཕར་ནད་དང་ས་གནས་རང་བཞིན་གྱི་ནད་ཡམས་ཀྱི་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་འཛུགས་སྐྲུན་མ་དངུལ་འགན་སྲུང་ཏན་ཏིག་བྱས་པ་དང་། ནད་དེ་གཉིས་ཀྱི་མ་དངུལ་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། མ་དངུལ་བེད་སྤྱོད་བྱེད་རིམ་ཚད་ལྡན་བཟོ་བ། བྱ་བའི་གྲུབ་འབྲས་ཀྱི་དཔྱད་དཔོག་ལམ་སྲོལ་འཛུགས་པ། མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཅས་བཏང་སྟེ། སྔར་བས་ཇེ་མགྱོགས་དང་གནད་འཁེལ། བདེ་འཇགས་བཅས་ཀྱི་སྒོ་ནས་འཕྲོད་བསྟེན་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

རྗེས་མར་མདའ་བཞི་རྫོང་གིས་གོང་རིམ་གྱི་བཀོད་སྒྲིག་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། ནོར་ཤུགས་དང་དོན་གཅོད་དབང་ཆ་ཕན་ཚུན་མཐུན་པའི་འཕྲོད་བསྟེན་མ་འཇོག་ལམ་སྲོལ་ལག་ལེན་བསྟར་ནས་འགག་གནད་སེལ་བ་དང་དཀའ་གནད་སེལ་བ། ཆེད་དོན་མ་དངུལ་གཏོང་བ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་། འཕྲོད་བསྟེན་དང་བདེ་ཐང་ཁྱབ་གདལ་སོགས་ཀྱི་ཐད་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། མང་ཚོགས་དེ་བས་མང་བས“མདའ་བཞི་རུ་སྨན་བཅོས”བྱེད་པར་ཁག་ཐེག་བྱ་དགོས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号