ཡ་ཁོག་སྙིང་ལ་སྲུང་སྐྱོབ་བྱས་ན་སྙིང་ཁྲག་ནད་ཀྱི་སྡུག་བསྔལ་མེད།

ཉེ་བའི་ལོའི་ནང་། སྙིང་ཁམས་ཁྲག་རྩའི་ནད་འབྱུང་ཚད་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ལོ་ཆུང་གཞོན་ནུ་མང་པོར་གློ་བུར་དུ་ནད་གཞི་དེ་ཕོག་པའི་ཆ་འཕྲིན་ཡང་ཡང་གོ་རྒྱུ་ཡོད་པ་ནི་མི་སེམས་སྐྱི་གཡའ་བའི་གནས་ཚུལ་ཞིག་རེད། ད་འོ་ན་དུས་རྒྱུན་ང་ཚོས་ཡ་ཁོག་སྙིང་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པ་དང་། སྙིང་ཁམས་ཁྲག་རྩའི་ནད་རིགས་སྔོན་འགོག་ཇི་ལྟར་བྱ་དགོས་སམ་ཞེ་ན།   གཤམ་ལ་ང་ཚོ་མཉམ་དུ་དེའི་སྐོར་གྱི་བདེ་ཐང་ཤེས་བྱ་ཁག་ལ་རྒྱུས་ལོན་ཞིག་གནང་ཆོག

གཅིག གཉིད་ཡག་པོ་ཉལ་དགོས།

མིའི་སྙིང་གི་འཕར་ལྡིང་ལ་ཚད་གཞི་ཡོད་དེ།གཉིད་ཁུག་པའི་སྐབས་སུ། སྙིང་གི་འཕར་ཚད་གཉིད་མ་ཁུག་གོང་ལས་སྐར་མ་རེར་ཐེངས་10ནས་30བར་ཉུང་བ་ཡོད།  དུས་ཡུན་རིང་པོར་མཚན་འཁྱོངས་བཏང་ན་ལུས་པོའི་བརྗེ་ཚབ་འཁྲུག་ཅིང་། དབང་རྩ་འགུལ་ཤུགས་ཆེ་བ། སྙིང་གི་འཕར་ཚད་མགྱོགས་པ་བཅས་ཀྱི་རྐྱེན་པས་སྙིང་ལ་གནོན་ཤུགས་ཆེན་པོ་འཕྲད་སྲིད། དེས་ན་སྙིང་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ན། ཐོག་མར་གཉིད་ཡག་པོ་ཉལ་དགོས།

གཉིས། ཁྲག་ཤེད་ཚོད་འཛིན་བྱེད་དགོས།

ཁྲག་ཤེད་མཐོ་ན་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་འགྲོ་སྲིད། ཡུན་རིང་ཁྲག་ཤེད་བརྟན་པོ་མེད་ན། སྙིང་ཤ་མཐུག་ཏུ་འགྲོ་བ་དང་སྙིང་ཁམས་རྒྱགས་པོ་ཆགས་སྲིད། དེར་བརྟེན། སྙིང་ལ་སྲུང་སྐྱོབ་བྱེད་པའི་གནད་འགག་ནི་ཁྲག་ཤེད་ལ་ཚོད་འཛིན་བྱེད་དགོས་པ་དེ་ཡིན།

གསུམ། ཐ་མག་གཅོད་དགོས།

ལོ་ཚོད་ཅི་འདྲ་ལ་སླེབས་རུང་དུས་ཡུན་རིང་པོར་ཐ་མག་འཐེན་ན་སྙིང་རྩ་འགག་པའི་ཉེན་ཁ་ལྡབ་7གྱིས་ཆེ་རུ་འགྲོ་སྲིད།དེར་བརྟེན། སྙིང་གི་བདེ་ཐང་གི་ཆེད་དུ། ག་དུས་ཐ་མག་བཅད་ཀྱང་ཕྱི་དྲགས་མེད་ཅིང་། གལ་ཏེ་རང་ཉིད་ཐ་མག་འཐེན་གྱི་མེད་ན་མི་གཞན་གྱི་ཐ་མག་གི་དུ་བ་ལས་གཡོལ་དགོས།

བཞི།འགུལ་སྐྱོད་འོས་འཚམ་བྱེད་དགོས།

གོམ་བགྲོད་དང་རྐང་འཁོར་བཞོན་ནས་འགྲོ་བ།  ཆུ་རྐྱལ་རྒྱག་པ།  སྤོ་ལོ་རྩེ་བ་ལ་སོགས་འགུལ་སྐྱོད་ཀྱིས་སྙིང་དང་གློ་བའི་བྱེད་ལས་ལེགས་སུ་ཕྱིན་ཏེ། སྙིང་ཤ་ལ་གསོ་རླུང་འདང་ངེས་ཤིག་མཁོ་འདོན་བྱས་ནས་སྙིང་ཁམས་བདེ་ཐང་ལ་སྲུང་སྐྱོང་བྱེད་ཐུབ།

ལྔ། བཟའ་འཐུང་ལ་ཚོད་འཛིན་བྱེད་དགོས།

ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། བཟའ་འཐུང་ཚད་ལས་འདས་པའི་དུས་ཚོད་ཆུ་ཚོད་གཉིས་ཀྱི་ནང་དུ་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཉེན་ཁ་ལྡབ་4ཇེ་མཐོར་འགྲོ་སྲིད། ཆང་རག་ཚོད་མེད་འཐུང་བའམ་ཞག་ཚིལ་ཆེ་བའི་ཟས་རིགས་མང་པོ་བཟས་ན་ཁྲག་ཚིལ་ཇེ་མཐོར་འགྲོ་བ་དང་། ཁྲག་རྒྱུན་ཀྱི་འབྱར་བག་གར་ཚད་མཐོ་རུ་ཕྱིན་ནས་སྙིང་རྩ་འགག་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། དེར་བརྟེན།  ང་ཚོས་ཡང་དག་པའི་བཟའ་འཐུང་གོམས་གཤིས་རྒྱུན་འཁྱོངས་དང་། འཚོ་བཅུད་དོ་སྙོམས་ཡོང་བ་བྱེད་པ། ཟས་ཀྱི་ཚ་ཚད་ཚོད་འཛིན་བཅས་བྱེད་དགོས་པ་ལས།  ཚད་ལས་འདས་པའི་བཟའ་འཐུང་གི་སྦྱོར་བ་ངན་པ་སྤོངས་དགོས་སོ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号