ལུས་ཕུང་སྦྱོང་བརྡར་བྱས་རྗེས་འཕུར་མཉེད་ཇི་ལྟར་བྱ།

ལུས་ཕུང་སྦྱོང་བརྡར་བྱས་རྗེས་འཕུར་མཉེད་བྱས་ན། ལུས་སེམས་ཀྱི་ངལ་བ་སངས་པར་ཕན། ཤ་གནད་འཕུར་མཉེད་བྱས་པ་དང་བསྟུན་ནས། ཁྲག་རྩ་བསྐྱེད་པར་འགྱུར་ལ། ཁྲག་རྒྱུན་གྱི་འཁོར་རྒྱུག་ཇེ་མགྱོགས་སུ་འགྲོ། དེ་བཞིན་ཤ་གནད་ལ་མཁོ་བའི་འཚོ་བཅུད་དང་དབྱང་རླུང་ཡང་ཇེ་མང་དུ་འགྱུར། དུས་མཚུངས་སུ་སྦྱོང་བརྡར་གྱིས་བསྐྱེད་པའི་ཤ་གནད་ཀྱི་སྙིགས་རོ་འོ་སྐྱུར་སོགས་ལམ་སང་དབྱང་འགྱུར་བྱུང་ནས། ཁྲག་རྒྱུན་ལས་ཕྱིར་འདོར་བ་དང་། རང་བཞིན་གྱིས་ཤ་གནད་ཀྱི་འཚོ་བཅུད་གནས་ཚུལ་ལའང་ལེགས་བཅོས་ཐོབ་པས། ཤ་གནད་ཀྱི་ངལ་བའང་སངས་འགྲོ་བ་ཡིན།

སྤྱིར་བཏང་འཕུར་མཉེད་བྱ་ཡུལ་ལ་རྐང་ལག་གི་ཚིགས་དང་ཤ་གནད། སྐེད་རྒྱབ་སོགས་གཙོ་བོར་འཛིན། འཕུར་མཉེད་ཀྱི་གསང་མིག་གཙོ་བོ་ནི་སྦྱོང་བརྡར་ལས་གནོན་ཤུགས་ཐེབས་ཚད་ཆེ་ཤོས་སུ་གྱུར་པའི་གནས་དག་ཡིན། སྤྱིའི་ཆ་ནས་བཤད་ན། རྐང་ཚིགས་ལག་ཚིགས་ལྟ་བུ་ལ་འཕུར་བ་དང་གཙུབ་བརྡར་གཙོ་བོ་བྱེད། སྔོན་ལ་དལ་གྱིས་འཕུར་འདེད་ལན་འགར་བྱེད་པ་དང་། དེ་ནས་གཙུབ་བརྡར་བྱེད་པ་དང་འཕུར་འདེད་ཤུགས་ཀྱིས་བྱེད་པ་རེས་མོས་སུ་བསྟེན་དགོས་ལ། གསང་དམིག་གནོན་པའི་ཐབས་ཀྱང་ལན་འགར་བསྟེན་རུང་ཡང་། མཇུག་མཐར་སླར་ཡང་དལ་གྱིས་འཕུར་འདེད་བྱེད་པ་དང་སྒུལ་བ་སོགས་ཀྱིས་མཚམས་བཞག་ཆོག  ཤ་གནད་ཆེ་ཤོས་ཀྱི་གནས་ཏེ། དཔེར་ན་དཔུང་བ་དང་ཕག་རྒྱབ། སྒྱིད་པའི་བྱིན་གཞུག བརླ་དང་འཕོངས་ཚོས་སོགས་སུ་བཙིར་མཉེད་གཙོ་བོ་བྱེད་དགོས། དེ་ཡང་དང་པོ་དལ་གྱིས་ཕུར་འདེད་བྱེད་པ་ནས་འགོ་རྩོམ་པ་དང་། དེ་ནས་རིམ་བཞིན་བཙིར་མཉེད་བྱེད་པ། ཤུགས་ཀྱིས་ཕུར་འདེད་བྱེད་པ། གནོན་པ་དང་རྡེག་པ་སོགས་བསྟེན་དགོས་ལ། མཇུག་མཐར་དལ་གྱིས་ཕུར་འདེད་བྱེད་པ་དང་གསིག་སྒུལ་བྱེད་བཞིན་མཚམས་བཞག་ཆོག

རྐང་ལག་ཀུན་ལ་འཕུར་མཉེད་བྱས་ཚར་རྗེས། རྐང་ལག་གསིག་སྒུལ་བྱེད་ཆོག སྐེད་རྒྱབ་གནས་ཀྱི་འཕུར་མཉེད་ནི་གཙུབ་བརྡར་དང་བཙིར་མཉེད་གཙོ་བོར་འཛིན། སྒལ་ཚིགས་གཡས་གཡོན་ལ་ལག་མཐིལ་གྱིས་གཙུབ་བརྡར་ལན་མང་བྱེད་དགོས། གཙུབ་བརྡར་དང་བཙིར་མཉེད་ཀྱི་སྐེད་རྒྱབ་གང་ལའང་འཕུར་མཉེད་བྱེད་ཆོག་ཀྱང་། གཙོ་བོ་སྐེད་པའི་ཤ་གནད་དང་སྒལ་མཐའི་ཤ་གནད་དམིགས་སུ་འཛིན་དགོས། གཙུབ་བརྡར་དང་བཙིར་མཉེད་ཀྱི་གོ་རིམ་ཁྲོད་དུ་འཕུར་འདེད་ཀྱི་རམ་འདེགས་ཀྱང་གང་འོས་སུ་བསྟེན་ཆོག སྒལ་ཚིགས་གཡས་གཡོན་དུའང་གནོན་རྡེག་གང་རུང་བྱེད་ཆོག་པར་མ་ཟད། དེ་ནི་སྟོད་ནས་སྨད་དུ་རིམ་པར་འཕུར་འདེད་ཐེངས་ཤིག་གིས་རྫོགས་པར་བྱེད་དགོས།

སྦྱོང་བརྡར་རྗེས་ཀྱི་འཕུར་མཉེད་ནི་རབ་ཡིན་ན་ཁྲུས་བྱས་རྗེས་བསྟེན་རིགས། སྤྱིར་བཏང་སྦྱོང་བརྡར་རྗེས་ཀྱི་སྐར་མ20ནས30ནང་ནི་དུས་ཚོད་ཡག་ཤོས་དེ་ཡིན། ཐེངས་རེའི་འཕུར་མཉེད་ཀྱི་དུས་ཚོད་ནི་འཕུར་མཉེད་བྱ་ཡུལ་གྱི་གནས་མང་ཉུང་ལ་བརྟེན་ནས་ཐག་གཅོད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号