ཅོང་ཞི་ཉེར་བཞི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།
ཅོང་ཞི་ཉེར་བཞི།(མན་ངག་བསིལ་སྦྱོར།)
ཅོང་ཞི་མཛོ་འོ་སྲང་ལྔ། ཙན་དཀར་ཞོ་བཞི། ཙན་དམར་ཞོ་བརྒྱད། ཨར་ནག་ཞོ་ལྔ། ཨ་རུ་སྲང་གང་། སུག་སྨེལ་ཞོ་དོ། ལི་ཤི་ཞོ་གཉིས། གུར་གུམ་ཞོ་ལྔ། ཅུ་གང་ཞོ་བཞི། ཛཱ་ཏི་ཞོ་གཉིས། ཀོ་ལ་ཞོ་དོ། སྐྱུ་རུ་ཞོ་བརྒྱད། སེ་འབྲུ་ཞོ་དྲུག དུག་ཉུང་ཞོ་གསུམ། པི་ལིང་ཞོ་བཞི། རུ་རྟ་ཞོ་བཞི། པྲི་ཡང་ཀུ་ཞོ་བརྒྱད། སུམ་ཏིག་ཞོ་ལྔ། བ་ཤ་ཀ་ཞོ་ལྔ། ཨུཏྤལ་སྔོན་པོ་ཞོ་བརྒྱད། གསེར་མེ་ཞོ་བཞི། བོང་དཀར་ཞོ་བརྒྱད། གི་ཝང་སྐར་གཅིག གླ་རྩི་སྐར་ཕྱེད་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།
ཕན་ནུས།
ཅོང་ཞི་ཉེར་བཞི་བཟི་མེད་ཅུང་ཟད་བསིལ། དུག་སྨུག་ཁྲག་མཁྲིས་མཆིན་པར་རྒྱས་པ་དང་། གབ་ཚད་ཚད་རྙིང་རྩིབ་མར་ཞེན་པའི་ནད། ཁྲག་རྙིང་སྟོད་བརྒྱངས་མཆིན་མཚེར་བར་ཁྲག་རྒྱས། མཆིན་དྲིའི་ནད་ཀྱིས་རྩིབ་གཟེར་དབུགས་བཀག་པ། ལྷེན་སྣའི་མཚམས་སྒྲིལ་ཁོག་པ་སྟོང་སྦོས་བྱེད། མདོར་ན་ཕོ་མཆིན་སྨུག་པོའི་ནད་དང་ནི། ཁྱད་པར་མཆིན་ཁྲག་མཆིན་ཚད་ནད་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注