རྩྭ་སྨན་བསྟེན་སྐབས་ཀྱི་འཛེམ་བྱ།
རྩྭ་སྨན་བསྟེན་པ་ལ་འཛེམ་བྱ་ནི་གཙོ་བོ་ཞིག་ཡིན་ལ། དེ་ཡང་གཙོ་བོ་སྨན་བསྟེན་སྐབས་ཀྱི་བཟའ་བཏུང་གི་འཛེམ་བྱ་ལ་གོ་བ་ཡིན། བཟའ་བཏུང་གི་འཛེམ་བྱ་ལེགས་པར་བླངས་ན་ནད་ཀྱི་གསོ་བཅོས་ལ་དགེ་མཚན་ཆེན་པོ་ཡོད་པས།
ཞོལ་ནས་རྩྭ་སྨན་བསྟེན་སྐབས་ཀྱི་འཛེམ་བྱའི་སྐོར་ནས་ངོ་སྤྲོད་ཅིག་བྱེད།
ཀྲུང་ལུགས་གསོ་རིག་གི་སྨན་གྱི་གསོ་བཅོས་ལ་ཕན་སྐྱེད་ཆེ་མིན་ནི་བཟའ་བཏུང་གི་ངོ་བོ་དང་ནུས་པར་བསྟུན་མ་བསྟུན་ལ་འབྲེལ་བ་ཡོད། སྨན་གྱི་བསྟན་བཅོས《ཁོང་ནད》ཞེས་པར། ཚ་བ་བསིལ་གྱིས་བཅོ་བ་དང་གྲང་བ་ཚ་བས་བཅོ་དགོས་ལ། དྲོད་ཉམས་ན་དྲོད་གསོ་བ་དང་དྲོད་ཆེ་ན་སྦྱོང་དགོས་པའི་གནས་ལུགས་བསྟན་ཡོད་པ་བཞིན། བཟའ་བཏུང་ཡང་སྨན་ནང་བཞིན། ཚ་གྲང་དྲོད་བསིལ་གྱི་ངོ་བོ་དུ་མ་དང་ལྡན་པ་ཡིན། དེ་བས། རྩྭ་སྨན་བསྟེན་པའི་སྐབས་སུ། སྨན་དང་ངོ་བོ་ལྡོག་པའི་བཟའ་བཏུང་གི་རིགས་ནི་སྤང་དགོས།
བསིལ་བའི་རྩྭ་སྨན། བསིལ་བའི་རྩྭ་སྨན་གྱི་རིགས་ནི་ཚ་ནད་བཅོ་བའི་གཉེན་པོ་ཡིན། དཔེར་ན་ཚྭ་འཇོམས་དུག་སེལ་དང་ཁྲག་སྡོམ་ཁྲག་གཅོད་སོགས་ཀྱི་སྨན་ལྟ་བུ། སྨན་དེ་རིགས་བསྟེན་སྐབས་ཚ་བ་དང་སྣུམ་པ། སྲེག་པ་སོགས་མེ་དང་ཚ་བའི་གྲོགས་སུ་འགྲོ་བའི་བཟའ་བཏུང་གི་རིགས་སྤང་དགོས་པ་ཡིན་ཏེ། དེ་ལྟར་བྱས་ན་སྨན་གྱི་ཚ་བ་འཇོམས་པའི་ནུས་པ་ལ་གནོད་པ་མེད།
ཚ་བའི་རྩྭ་སྨན། ཚ་བའི་རང་བཞིན་དང་ལྡན་པའི་རྩྭ་སྨན་ནི་གྲང་བའི་རང་བཞིན་གྱི་ནད་རིགས་ལ་ཕན་པ་ཡིན་ཏེ། དཔེར་ན་དྲོད་བསྐྱེད་གྲང་འཇོམས་དང་མེ་གསོ་ཁམས་གསོའི་སྨན་ལྟ་བུ་བསྟེན་ན། འཁྱག་པ་དང་བསིལ་བའི་ཟས་རིགས་སྤང་དགོས་པ་ཡིན་ཏེ། དཔེར་ན་འཁྱགས་ཞོ་དང་ཇ་བསིལ་མོ། སིལ་ཏོག་བསིལ་བ་དང་ལྡན་པ་སོགས་ལྟ་བུ། དེ་དག་སྤང་ན་སྨན་གྱི་ནུས་པ་ཐོན་པར་མི་གནོད་པ་ཡིན།
ནད་ལའང་འཛེམ་བྱ་ཡོད།
ཚ་བའི་ནད་ལ་ཚ་བ་དང་སྣུམ་བཅུད་ཆེ་བའི་ཟས་རིགས་སྤང་དགོས་ལ། གྲང་བའི་ནད་ལ་འཁྱག་ཟས་སྤང་། སྙིང་ཁམས་མི་བདེ་བ་ལ་སྣུམ་ཆེ་བའི་ཟས་དང་དུ་ཆང་སྤང་། མཆིན་ཚད་དང་མགོ་ཡོམ་འཁོར་བ། རླུང་ཆེ་བ་སོགས་ལ་སུར་པན་དང་ཆང་དཀར་སོགས་ཚ་བ་དང་དྲོད་བཅུད་ཆེ་བའི་རིགས་སྤང་། ཕོ་བའི་མེ་དྲོད་ཉམས་པ་ལ་སྣུམ་བཙོས་དང་འཁྱག་ཟས། ཟས་མཁྲེགས་པོ་སོགས་འཇུ་དཀའ་བའི་རིགས་སྤང་། རྨ་དང་པགས་ནད་ལ་ཉ་དང་ཆུ་འབུའི་རིགས་དང་། ཁ་ཚ་དང་དྲི་ཆེ་བའི་ཟས་རིགས་སྤང་དགོས་པ་ཡིན།
རྒྱུན་མཐོང་ཟས་རིགས་ཀྱི་རོ་ནུས།
ཚ་བའི་ཟས་རིགས། ཆང་དང་སུར་པན་དང་གཡེར་མ། སྒ་སྐྱ། སྒོག་པ། ཀེའུ་རིགས། ཙོང་སོགས།
འཁྱག་ཟས་ཀྱི་རིགས། ཆུ་ཀུབ། ཤིང་ཏོག་ལི། འབྲ་གོ་སོགས་འཁྱག་པའི་སིལ་ཏོག་རིགས་དང་། སྨྱུག་རྩ་སོགས་བསིལ་བའི་སྔོ་ཚལ་གྱི་རིགས། འཁྱགས་ཞོ་སོགས་འཁྱགས་ཉར་ཞོར་ཟས་ཀྱི་སྐོར།
དྲོད་ཆེའི་ཟས་རིགས། ལུག་ཤ་དང་སྐམས་ཤ ཁྱི་ཤ་དང་ཆུ་འབུ། ཀེའུ་སོགས།
མཚོ་སྐྱེའི་རིགས། ཆུ་འབུ་དང་སྡིག་སྲིན། དུང་། མགྲོན་བུའི་རིགས། ཉ་རིགས་སོགས།
སྣུམ་ཅན་གྱི་རིགས། ནང་ཁྲོལ་རིགས་དང་སྣུམ་སྲེག་དང་མེ་སྲེག་གི་རིགས།
རྩྭ་སྨན་བསྟེན་སྐབས་ཀྱི་ཟས་ཀྱི་འཛེམ་བྱ་ལེགས་པར་བླངས་ཏེ། བཟའ་བཏུང་ཡང་དག་པར་བསྟེན་ན་སྨན་གྱི་ནུས་པར་གྲོགས་སུ་འགྲོ་ལ། གནོད་པའང་ཇེ་ཉུང་དུ་གཏོང་ནུས། རྩྭ་སྨན་བསྟེན་དུས། ནད་པས་སྨན་པའི་ངག་བཞིན་བཟའ་བཏུང་བསྟེན་ཏེ། སྨན་དང་གསོ་བཅོས་ཀྱི་ཕན་ནུས་ལེགས་པར་ཐོན་པར་བྱེད་དགོས། དུས་མཚུངས་སུ་དོགས་པ་དང་མི་བདེ་བ་བྱུང་ན་དུས་ཐོག་ཏུ་ཆེད་ལས་སྨན་པར་བློ་དྲིས་ཏེ། རྩྭ་སྨན་བདེ་འཇགས་ནུས་ལྡན་དུ་བསྟེན་པར་ཁག་ཐེག་བྱེད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注