སྟབས་བདེའི་ཐུག་པའི་ནང་འདི་བླུགས་འདུག

ཉེ་ཆར། ཀོང་ཀྲོའུ་འགག་སྒོ་ལས་ཁུངས་ཀྱིས་རྒྱལ་མཚམས་སུ་ནང་འདྲེན་བྱས་པའི་བསྐུར་སྐྱེལ་ཐབས་ལམ་ཐོག་ནས་རྒྱལ་ཁབ་ཀྱིས་དོ་དམ་བྱེད་པའི་ཀླད་རྩའི་སྨན་རྫས་རིགས་དང་པོ་ཁྱོན་ཁུག་མ3དང་ལྗིད་ཚད་ཁེ1.6རྩད་ཆོད་པ་རེད།

ཀོང་ཀྲོའུ་འགག་སྒོའི་ཁོངས་གཏོགས་ཀོང་ཀྲོའུ་སྦྲག་སྲིད་ཅུས་ཀྱི་འགག་སྒོའི་མི་སྣས་རྒྱལ་མཚམས་སུ་ནང་འདྲེན་བྱེད་པའི་སྦྲག་རྫས་ལ་ཞིབ་བཤེར་བྱེད་སྐབས། “བཟའ་བཅའ་”ཞེས་བྲིས་པའི་ནང་འདྲེན་སྦྲག་རྫས་ཤིག་གི་པར་རིས་རྒྱུན་ལྡན་མིན་པ་ཤེས་རྟོགས་བྱུང་བ་རེད། ཞིབ་བཤེར་སྔར་ལྷག་བྱས་པ་བརྒྱུད། གནས་དེའི་འགག་སྒོ་བས་སྦྲག་རྫས་དེའི་ནང་སྟབས་བདེའི་ཐུག་པ་ཁུག་མ4ཡོད་པའི་ནང་། སྟབས་བདེའི་ཐུག་པ་ཁུག་མ2ཀྱི་ཕྱི་ཐུམ་ཉིས་བཏུམས་བརྒྱབ་ཤུལ་ཡོད་པ་ཤེས་རྟོགས་བྱུང་བ་དང་། སྟབས་བདེའི་ཐུག་པ་ཁུག་མ2ཁ་ཕྱེ་རྗེས། ཁུག་མའི་ནང་དུ་བག་ལེབ་དང་བྲོ་རྫས་དཀྱུས་མ་ཕུད། ད་དུང་འགྱིག་ཁུག་དྭངས་གསལ་ནང་བཏུམས་པའི་ཕྱེ་མ་སྔོན་པོ་ཁུག་མ་3སྦས་ཡོད་པ་ཤེས་རྟོགས་བྱུང་བ་རེད།

ཆེད་དོན་ལས་ཁུངས་ཀྱིས་ཞིབ་གཅོད་བྱས་པར་བརྒྱུད། ཕྱེ་མ་སྔོན་པོའི་ཁུག་མ་གསུམ་ནི་རྒྱལ་ཁབ་ཀྱིས་དོ་དམ་བྱས་པའི་ཀླད་རྩའི་སྨན་རྫས་རིགས་དང་པོ་ཡིན་པ་དང་། ལྗིད་ཚད་ལ་ཁེ1.6ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号