ཕྱི་རོལ་དུ་སྤྲོ་གསེང་གཏོང་སྐབས་ཐོག་ལ་གཡོལ་ཐབས། 

ནམ་ཟླ་དབྱར་གྱི་དུས་སུ། མཚོ་བོད་མཐོ་སྒང་གི་རི་ལུང་ཐང་གསུམ་ཀུན་ལ་སྔོ་ལྗང་གི་སྐྱེས་སྟོབས་ཀྱི་དཔལ་རྫོགས་ཏེ། ཚང་ཚིང་གཡུ་ལོ་ཐགས་སུ་བཀྲ་ཞིང་རྩྭ་ལྗང་མེ་ཏོག་རྣམ་པར་རྒྱས་ནས་ངོ་མཚར་ལྟ་ན་སྡུག་པའི་མཛེས་ལྗོངས་རྨད་དུ་བྱུང་བས་གང་སར་ཁྱབ་ཡོད། སྐབས་ཐོག་འདིར་སྤང་ཐང་ཡངས་པོའི་གཞི་དང་། ནགས་ཚལ་སྟུག་པོའི་འདབས། གཙང་ཆབ་སྔོན་མོའི་འགྲམ་སོགས་སུ་སྤྲོ་གསེང་གཏོང་མཁན་མང་པོ་ཡོད་པས། དབྱར་དུས་སྤྲོ་གསེང་གཏོང་སྐབས་ཀྱང་ཐོག་གི་གནོད་པ་ལ་གཟབ་གཟབ་བྱ་རྒྱུ་ཧ་ཅང་གལ་ཆེ།

1.ལུས་སྟེང་དུ་ལྕགས་རིགས་འདྲེས་པའི་དངོས་རྫས་འཁྱེར་མི་རུང།

ཕྱི་རོལ་དུ་སྤྲོ་གསེང་གཏོང་སྐབས་གློག་ཞགས་འཁྱུག་པའི་གནམ་གཤིས་དང་ཕྲད་ན།  ལུས་སྟེང་དུ་ཡོད་པའི་ལྡེ་མིག་དང་རྒྱན་ཆ། མིག་ཤེལ་སོགས་ལྕགས་རིགས་འདྲེས་པའི་དངོས་རྫས་མགྱོགས་མྱུར་ངང་རིང་དུ་འདོར་དགོས།

2.མགྱོགས་མྱུར་ངང་ཆུ་ནང་ནས་ཕྱིར་ཐོན་དགོས།

ཆུར་རྐྱལ་བ་དང་གྲུ་གཏོང་བའི་སྐབས་སུ་གློག་ཞགས་འཁྱུག་པའི་གནམ་གཤིས་དང་ཕྲད་ན། མགྱོགས་མྱུར་ངང་ཆུ་ནང་ནས་ཕྱིར་ཐོན་ཏེ་ཆུའི་འགྲམ་ངོགས་སུ་འབྲོ་དགོས།  ཆུ་ངོས་སུ་ཐོག་གིས་རྒྱག་སླ་བར་མ་ཟད་ཆུའི་ནང་དུ་ཡོད་དུས་ཐོག་གིས་བརྒྱབ་ན་གནོད་ཚབས་དེ་བས་ཆེ་ལ། ཆུ་ལ་ནུབ་པའི་ཉེན་ཁའང་འབྱུང་སྲིད་པ་ཡིན། 

3.རི་རྩེ་དང་རིང་དུ་གྱེས་དགོས།

རི་ཁུལ་ནས་སྤྲོ་གསེང་གཏོང་སྐབས་གློག་ཞགས་འཁྱུག་པའི་གནམ་གཤིས་དང་ཕྲད་ན། རི་རྩེ་རུ་ལངས་ནས་འདུག་མི་རུང་ལ། གང་ཐུབ་ཀྱིས་རི་རྩེ་དང་རིང་དུ་གྱེས་ནས་དམའ་སར་འབབ་དགོས།

4.མི་མང་པོ་མཉམ་དུ་འདུག་མི་རུང་།

ཕྱི་རོལ་དུ་སྤྲོ་གསེང་གཏོང་སྐབས་གློག་ཞགས་འཁྱུག་པའི་གནམ་གཤིས་དང་ཕྲད་ན་མི་མང་པོ་མཉམ་དུ་འདུག་མི་རུང་། མྱུར་ཏུ་རང་རང་ཕྱིན་ཏེ་མི་དང་མིའི་བར་ལ་བར་ཐག་འོས་འཚམ་འཛིན་དགོས། དེ་ལྟར་བྱས་ན་གློག་ཞགས་དེ་མི་གཅིག་ནས་གཅིག་ལ་བརྒྱུད་པའི་ཉེན་ཁ་འགོག་ཐུབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号