དུས་ཚིགས་རང་བཞིན་གྱི་སེམས་སྡུག་སེལ་ཐབས།

ནམ་ཟླ་དགུན་གཞུང་དུ་སླེབས་དུས། ཉི་འོད་ཀྱི་དྲོ་སྣང་ཉམས་ཏེ། ལུས་ཀྱི་ནག་འདོར་རྒྱུ་དང་མཁལ་རྨེན་ལྟ་བུའི་སྐུལ་རྩིའི་ཟགས་ཐོན་ཇེ་ཉུང་འགྲོ་བ་ཡིན་ལ། གཉིད་མི་ཁུག་པ་དང་ངལ་སྣང་ཆེ་བ། སེམས་མི་སྐྱིད་པ་སོགས་ཀྱི་སྣང་ཚུལ་ཡང་འབྱུང་སླ། དེའི་རིགས་ལ་སེམས་ཁམས་རིག་པའི་ངོས་ནས་དུས་ཚིགས་རང་བཞིན་གྱི་སེམས་སྡུག་ཅེས་ཀྱང་འབོད་པ་ཡིན།

དེ་ནི་སྟོན་དུས་དང་དགུན་དུས་འབྱུང་སླ་བའི་སེམས་ཁམས་ཀྱི་སྣང་ཚུལ་ཞིག་ཡིན་ལ། དེའི་འབྱུང་རྐྱེན་གཙོ་བོ་ནི་གནམ་གཤིས་ཇེ་འཁྱག་དང་ཉི་མའི་འཆར་ཡུན་ཇེ་ཐུང་དུ་སོང་བས་ཡིན། དུས་ཚིགས་རང་བཞིན་གྱི་སེམས་སྡུག་ཡུན་རིང་ན་རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བར་མ་ཟད་སེམས་ཁམས་རྒྱུན་ལྡན་མིན་པའི་གནས་ཚུལ་ཡང་འབྱུང་ཉེན་ཆེ། དེས་ན་གནས་ཚུལ་འདི་ཇི་ལྟར་ཟློག་དགོས་ཤེ་ན།

རྒྱུག་རྩལ་སྦྱངས་ན་སེམས་ཁམས་སྐྱིད།

མི་མང་པོས་ཟས་རྗེས་འཆམ་འཆམ་ཙམ་སོང་བས་ཆོག་པར་སྙམ་བཞིན་ཡོད་མོད། དོན་གྱིས་འཆམ་འཆམ་ལ་སོང་བ་ཙམ་གྱིས་རྩལ་སྦྱོང་གི་ནུས་པ་མི་ཐོན། ངེས་པར་རྒྱུག་རྩལ་སྦྱངས་ནས་རྔུལ་ཆུ་ཐོན་པ་ཡིན་ན། ད་གཟོད་རྩལ་སྦྱོང་གི་ནུས་པ་ཐོན་ཏེ་ལུས་ཀྱི་ནེ་ཧྥེ་ཐེའི་ཟགས་ཐོན་ལ་སྐུལ་འདེད་གཏོང་ནུས་པས། རང་བཞིན་གྱི་སེམས་ཁམས་སྐྱིད་པོ་ཡོང་བ་ཡིན།

ཉི་མར་ལྡེ་ན་གཉིད་ཁུག

ཉི་མའི་འོད་ཀྱིས་ལུས་ཀྱི་ནག་འདོར་རྒྱུ་ལྟ་བུའི་སྐུལ་རྩིའི་ཟགས་ཐོན་ལ་སྐུལ་འདེད་གཏོང་ནུས་ལ། དེ་བཞིན་དུ་མཚན་མོའི་གཉིད་ཀྱང་ཇེ་ལེགས་སུ་འགྲོ། དེ་མིན་ཉི་མའི་འོད་ཀྱིས་ཁོང་དུ་བསྟེན་པའི་ཀལ་རྫས་དེ་ལུས་ཀྱི་བཅུད་ལ་མཁོ་བའི་ཀལ་དུ་བསྒྱུར་ནུས། འདིར་ཤེས་དགོས་པ་ཞིག་ལ། དགུན་དུས་སུ་སླེབས་ཚེ། ཉིན་གུང་གི་དུས་ཚོད12ནས14བར་གྱི་ཉི་འོད་ནི་ད་གཟོད་ལུས་ལ་ལྡེ་ན་ཕན་པ་ཆེ་ཤོས་དེ་ཡིན།

ཉིན་ཐོ་བྲིས་ན་སེམས་ཁུར་འབོགས།

འཚོ་བའི་ནང་གི་སེམས་ཁུར་མང་ཤས་ནི་སོ་སོའི་ཤེས་རྒྱ་ཆེ་ཆུང་ལས་བྱུང་བ་ཡིན། མིག་མདུན་གྱི་ལམ་སྣ་ཁོ་ན་ལས་རང་ཉིད་ཀྱི་རྐང་རྗེས་དང་ཉེ་འགྲམ་གྱི་ཡུལ་ལྗོངས་མི་མཐོང་བའི་མི་མང་པོ་ཡིན། སེམས་ཁུར་རང་ལས་བྱུང་ན་དེ་འབོགས་མཁན་ཡང་རང་ཉིད་ཡིན། དེ་ལ་ཐབས་ཡག་ཤོས་ཤིག་ཡོད་པ་ནི་ཉིན་ཐོ་འབྲི་རྒྱུ་དེ་ཡིན། ཉི་མ་རེར་རང་སེམས་ཀྱི་ཚོར་བ་ཡི་གེར་བཀོད་དེ་བྲིས་པ་ཡིན་ན། སེམས་ཁུར་ཡང་རང་བཞིན་གྱིས་ཇེ་ཡང་དུ་འགྲོ་བ་ཡིན། ཉིན་འགའ་རེའི་ནང་དུ་ཕྱིར་བལྟ་ཕྱིར་རྟོག་རེ་བྱས་ཚེ། སེམས་ཁུར་གྱི་འབྱུང་རྐྱེན་གར་ཡོད་ཀྱང་ཇེ་གསལ་དུ་འགྲོ་ལ། རིམ་བཞིན་དེ་ཉིད་སྒུལ་ཤུགས་སུ་འགྱུར་བ་ཡིན།

ལྗང་མདོག་ཉིད་ལ་སེམས་ཁམས་གཡེང་།

སྐབས་འདིའི་ལྗང་མདོག་ཅེས་པ་ཕྱོགས་གཅིག་ནས་རང་བྱུང་ཁམས་ཀྱི་ཁ་དོག་ལ་གོ་ཆོག་སྟེ། རྩྭ་དང་རྩི་ཤིང་གིས་མིའི་ཀུན་ཁྱབ་དབང་རྩའི་ཚོར་བ་བསྙམས་ཏེ་སེམས་ཁམས་ཡངས་པོར་བསྐྱེད་པ་ཡིན། ཕྱོགས་ཅིག་ཤོས་ནས་སྔོ་ཚལ་དང་སིལ་ཏོག་སོགས་ལ་གོ་ཆོག་སྟེ། དེ་དག་གིས་མིའི་ཚོར་ལས་དབང་རྩའི་ཚོར་བ་བསྙམས་ཏེ། སེམས་ཁམས་བག་ཕེབས་སུ་གནས་པར་བྱེད། གཞན་དུ་མི་སྡུག་པའི་དོན་དང་རིང་དུ་གྱེས་ནས། བརྩོན་སེམས་བསྐྱེད་པའི་གློག་བརྙན་ལ་བལྟ་བ་དང་། རྣ་བར་འཇེབས་པའི་རོལ་དབྱངས་ལ་ཉན་པ། འདས་སོང་གི་འདྲ་པར་ལ་ཕྱིར་བལྟ་བྱེད་པ་སོགས་སེམས་རྩ་དྲོ་བར་བྱེད་པའི་དོན་ལ་གཞོལ་ན་ལེགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号