གཉིད་ཡག་པོ་ཁུག་པ་སྨན་ལས་མཆོག

གཉིད་ཡག་པོ་ཁུག་པའི་ཚད་གཞི་ཇི་ལྟར་འཛིན་ཞེ་ན། གཉིད་ལ་ཞུགས་སླ་བ་དང་གཉིད་སྟུག་པོ་ཡོང་བ། འབྱིན་རྔུབ་ཀྱི་དབུགས་ཐག་རིང་ལ་ལྕི་བ། མཚན་གུང་མི་སད་པ། ནངས་མོ་ལངས་སླ་བ་དང་སྟོབས་ཤུགས་ཀྱིས་ཁེངས་པ་བཅས་སོ།། གཉིད་མི་བདེ་བའི་མི་དག་གིས་གཉིད་སྨན་འཐུང་ན་དུས་ཚོད6དང7ཙམ་ལ་གཉིད་ཐུབ་ཀྱང་། དེ་ནི་གཞན་རྐྱེན་ལ་བརྟེན་པ་དང་ཆོས་ཉིད་དང་འགལ་བ་ཡིན་པས། གཉིད་ལས་སད་རྗེས་མགོ་བོ་ལྕི་བ་དང་རིག་པ་མི་དྭངས་པ་ཡིན།

ཀྲུང་ལུགས་གསོ་རིག་གིས་ཉིན་མཚན་གྱི་འཁོར་འགྲོས་ནི་རང་བྱུང་ཁམས་ཀྱི་ཆོས་ཉིད་གཙོ་བོ་ཞིག་ཡིན་པ་དང་། མིའི་ལུས་པོས་ཆོས་ཉིད་དེར་བསྟུན་ནས་གཉིད་པ་དང་སད་པའི་ལས་བྱེད་པར་འདོད། ང་ཚོའི་འབྱིན་རྔུབ་དང་སྙིང་གི་འཕར་ལྡིང་། ཁྲག་ཤེད། ཁྲག་གི་མངར་ཆ། དོན་སྣོད་ཀྱི་བྱེད་ནུས་སྣ་ཚོགས་བཅས་ལའང་གཉིད་པ་དང་སད་པའི་གནས་སྐབས་གཉིས་སུ་དབྱེ་བ་ཡིན། གལ་ཏེ་གཉིད་ཀྱི་འགྲོས་འཁྲིགས་པ་ཡིན་ན། འགྲོས་གཞན་དག་ཀྱང་འཁྲིགས་པར་འགྱུར། དེ་བས་གཉིད་པ་ནི་མི་ལུས་ཀྱི་ཆེས་རྩ་བའི་སྐྱེ་ལུགས་ཀྱི་འགྲོས་ཤིག་ཡིན་ལ། གཉིད་ཡག་པོ་མ་ཁུགས་ཚེ་ནད་གཞི་མང་པོ་བསྐྱེད་པ་ཡིན། དེ་བཞིན་ནད་གཞིའི་གསོ་བཅོས་ལའང་རྒྱུན་ལྡན་གྱི་གཉིད་འགྲོས་སླར་གསོ་གཏོང་བ་གལ་ཆེ་བར་འཛིན།

དེས་ན་དུས་ཚོད་ཅི་ཙམ་གཉིད་ན་གཉིད་ཡག་པོ་ཁུགས་པར་བརྩི་ཞེ་ན། རང་གི་སེམས་ཁམས་དྭངས་མོ་ཡོང་བ་དང་ལུས་ལ་སྟོབས་ཤུགས་ཀྱིས་ཁེངས་པར་ཁག་ཐེག་བྱེད་ཐུབ་པའི་གཉིད་ཡུན་དེ་ལ་བྱ་སྟེ། གོ་སླ་བར་བརྗོད་ན་རང་ཉིད་ལ་འཚམ་པའི་གཉིད་ཀྱི་དུས་ཚོད་དེའོ།། རབ་ཡིན་ན་མི་དར་མ་ཞིག་གི་མཚན་རེའི་གཉིད་ཡུན་ནི་དུས་ཚོད6ནས8དང་། བྱིས་པ་དང་གཞོན་ནུ་རྣམས་ལ་དུས་ཚོད9ལས་མི་ཉུང་བ་ཡོང་རྒྱུ་གལ་ཆེ། སྤྱི་ཚོགས་ཀྱི་གནོན་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས། མིག་སྔར་མི་མང་པོ་ཞིག་ལ་གཉིད་ཡག་པོ་ཁུག་གི་མེད་པས། གཉིད་ཡེར་བའི་ནད་དུ་འགྱུར་བའང་མི་ཉུང་།

ད་སྐབས་རྒྱལ་སྤྱིའི་སྟེང་དུ་གཉིད་ཡེར་བ་ལ་ངོས་འཛིན་སྟངས་རིགས་གཉིས་ཡོད། ཟླ3ཚུན་ཆད་ཀྱི་གཉིད་ཡེར་བ་ལ་ཡུན་ཐུང་གི་གཉིད་ཡེར་བ་ཞེས་བརྗོད་ཅིང་། ཟླ3ལས་བརྒལ་བར་མ་ཟད། གཟའ་འཁོར་རེར་ཐེངས3ཡན་ལ་གཉིད་ཡེར་ཚེ། དལ་གཤིས་གཉིད་ཡེར་བ་ཞེས་བརྗོད། ནད་ཐོག་ཏུ་དལ་གཤིས་གཉིད་ཡེར་བ་གཙོ་བོར་འཛིན་པ་ཡིན། དེས་ན་གཉིད་ཡེར་བ་ལ་རྟགས་གང་དག་ཡོད་དམ་ཞེ་ན། དེ་ལ་ཕྱོགས་གཉིས་ཡོད་དེ། གཅིག་ནི་གཉིད་ཡུན་ཐུང་བ་དང་གཉིད་སྤུས་ཞན་པ་སྟེ། དཔེར་ན། གཉིད་ལ་ཞུགས་དཀའ་བའམ་གཉིད་ལ་ཞུགས་པའི་དུས་ཚོད་སྐར་མ30ལས་བརྒལ་བ། ཐེངས2ཀྱི་ཡན་ལ་སད་པ། སད་སྔ་བ་དང་སད་ཚེ་སླར་ཡང་གཉིད་དཀའ་བ། གཉིད་ཡུན་དུས་ཚོད6ལས་ཉུང་བ་སོགས་ལྟ་བུ། གཉིས་ནི་ཕྱི་ཉིན་ལུས་དུབ་ཅིང་སེམས་ཉོབ་པ། དྲན་པ་མི་གསལ་ལ་ཚོར་བ་རྟུལ་བ། ལས་ཕྱོད་དམའ་བ་སོགས་འབྱུང་བ་ཡིན།

གཉིད་ཡེར་བ་ལ་རྒྱུ་རྐྱེན་གཙོ་བོ་གསུམ་ཡོད་དེ། གཅིག་ནི་ཚོར་བ་སྐྱེན་པ་སྟེ། ན་ཚོད་དང་གཤིས་ཀ་དང་ལུས་ཕུང་སོགས་ཀྱི་དབང་གིས་གཉིད་ཡེར་བ་ལ་རང་བཞིན་གྱིས་ཚོར་བ་སྐྱེན་པ། གཉིས་ནི་ཕྱི་རྐྱེན་ཏེ། འཚོ་བ་དང་བྱ་བའི་ཁྲོད་ནས་དཀའ་ཁག་སྣ་ཚོགས་ལ་འཕྲད་པས་གཉིད་ཡེར་བ། གསུམ་ནི་གོམས་པ་སྟེ། གཉིད་ཀྱི་སྤྱོད་ལམ་ངན་པ་དང་གཉིད་ལ་ངོས་ཟིན་མི་དག་པ་སོགས་ཀྱིས་གཉིད་ཡེར་བ་བཅས་སོ།། དེ་བས་གཉིད་ཡེར་བ་བཅོས་ཐབས་ལ་དང་པོ་སེམས་བཅོ་དགོས་ཏེ། གཉིད་ཡེར་བའི་རྒྱུ་རྐྱེན་འཚོལ་བ་དང་ནད་པ་ལ་རང་སེམས་དོ་དམ་བྱེད་ཚུལ་བསླབས་ཏེ་སེམས་ཁམས་བདེ་བར་བྱེད་པ། གཉིས་པ་ལུས་ཕུང་བཅོ་དགོས་ཏེ། ཀྲུང་ལུགས་གསོ་རིག་གི“དཀར་ནག་གཉིས་སྦྱོར”གྱི་ཐབས་ལ་བརྟེན་ནས། ནད་པར་ཉིན་མོ་ཁམས་དྭངས་ལ་མཚན་མོ་གཉིད་བདེ་བ་ཞིག་ཡོང་བར་བྱེད་དགོས། དེའི་བཅོས་སྐྱེད་ནི་ནུབ་སྨན་ཁོ་ནར་བརྟེན་པ་ལས་ཤིན་ཏུ་ལེགས་སོ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号