ཕ་གཞིས། ༢༠༢༢ལོ།
བྱ་གཞུང་དབྱངས་བྷ།
༢༠༢༢ལོའི
ས་ག་ཟླ་བའི་ཚེས་པ་ཉེར་གསུམ་གྱི་མཚན་དཀྱིལ་དུམགོ་ཐོག་གི་ནམ་མཁའ་གློ་བུར་ཆག་སོངསའི་གོ་ལའི་ཤར་ཕྱོགས་ཀྱིགངས་རི་ར་བའི་ཡང་ཤར་ཕྱོགས་ཀྱིསིལ་སྡོང་ཆེན་པོ་སྐྱེས་ཡོད་པའི་སྒོ་ར་རྙིང་པ་དེ་སྟོང་པར་གྱུར་སོངཨ་ཕ་ཞེས་པའི་མིང་བརྡ་དེའངམིད་པའི་ནང་ལ་ཕྱིར་ལོག་སོངརྐང་ལག་གི་སེན་མོ་དག་རྩད་ནས་ཆད་པསཤ་རྣམས་ཐད་ཀར་འཚོ་བ་ལ་ཐུག་ནས་བྱུངའཚོ་བ་ནི་ཐད་ཀར་འཆི་བ་ལ་ཐུག་ནས་བྱུངའཆི་བ་ཨང རྡོ་བ་ལ་ཚ་དྲོད་མེད་པ་ཇི་བཞིནརླུང་བུ་ལ་རྩ་བ་མེད་པ་ཇི་བཞིནནམ་མཁའ་ལ་ཀ་བ་མེད་པ་ཇི་བཞིནའཁྱག་ཅིང་རེངས ཡང་ཞིང་འཕྱོ སྟོང་ཞིང་སང༢༠༢༢ལོརམེ་ཏོག་གློ་དམར་དེ་ལྷ་སའི་ཉི་འོད་ཀྱིས་ཀྱང་སྐྱོབ་ཐུབ་མ་སོངཤུལ་དུ ཉོབ་མདངས་ཀྱིས་ཤར་བའི་ལྷ་སའི་ཉི་མ་ནིགསེར་གྱི་བུམ་པ་སྟོང་པ་ཞིག་དང་འདྲསྟོང་པ སྟོང་པནང་དུ་འཇོག་རྒྱུ་མི་རྙེད་པའི་བར་སྟོང་མུ་མཐའ་བྲལ་བ་དེ་ཨངཚ་གསུར་བཏང་སྟེའདི་ཕྱི་གཉིས་ལ་བར་ཐག་མེད་པར་བྱསགནམ་གྲུས་ཀྱང་བསྐྱུང་མ་ཐུབ་པའིའདི་ཕྱིའི་སྟོང་ཆའི་ནང་དུཚ་གསུར་གྱི་དུ་བ་ཡང་ཡང་བསྐྱིལ༢༠༢༢ལོརནང་མི་ཚོའི་དགེ་སྒྲུབ་མཆོད་འབུལ་གྱི་འདུ་འགོད་རྗེས་སུསྒོ་རའི་ནང་དུ འབུ་སྲིན་གྱི་བེམ་རོ་ནག་ཐ་རེར་འདུགརྡོག་པས་མ་བརྫི་བའི་ཡར་སྔོན་དུབེམ་རོ་དེ་དག་ལ་བདག་པོ་རེ་རེ་ཡོད་ངེསའཚོ་ཚིས་ལ་འདུར་གྱིན་ཡོད་ངེསའཚོ་ཚིས་སྙེག་པའི་ལམ་བར་དུབེམ་རོར་གྱུར་པ་ཡིན་ངེས།༢༠༢༢ལོརདཔེ་ཀློག་མཚམས་བཞག་སྟེཨ་མའི་སྐྲ་དཀར་གཉེར་རིས་ཞིབ་ཀློག་བྱསཨ་མའི་སྐྲ་དཀར་གཉེར་རིས་ནི་ཕ་གཞིས་ཀྱི་ལོ་རྒྱུས་དེབ་ཐེར་ཏེབལ་གདན་སྟེང་ཁ་སྦུབ་ཏུ་ཉལ་ཏེ་གླིང་སྒྲུང་ཀློག་པའི་ཉིན་མོ་དེ་དགསྣུམ་སྒྲོན་འོག་ནས་གནའ་གཏམ་ལ་ཉན་པའི་མཚན་མོ་དེ་དགདཀར་ཁུང་ལས་འཕྲོས་ཡོང་བའི་ཉི་ཟེར་ལྟརད་དུང་གམ་ན་ཡོད་ཡོད་འདྲ་བྱུངཡོད་ཡོད་འདྲ་བྱུངཨ་མའི་མ་ཎི་འདོན་དབྱངས་ལ་ཉན་སྡོད་དུསང་རང་གཞི་ནསརང་ཉིད་ཀྱི་སྟེང་དུ་འབབ་ཀྱིན་ཡོད་པ་ཚོརརྒྱང་རིང་རྒྱང་རིང་ཞིག་ལ་ཕྱིན་ཡོད་པར་རློམ་པ་དེཨ་མའི་སྐྲ་དཀར་གཉེར་རིས་གསེབ་ལ་ལོག་སྟངས་ཤིག་ཡིན་འདུགརིགས་པའི་གཞུང་ལུགས་སྣ་ཚོགས་ལ་གོ་བ་སྐྱེས་ཡོད་པར་རློམ་པ་དེཨ་མའི་སྐྲ་དཀར་གཉེར་རིས་ལ་གོ་བ་སྐྱེ་སྟངས་ཤིག་ཡིན་འདུག༢༠༢༢ལོརཁང་པ་ནི་བུ་ལོན་གྱིས་བརྩིགས་པའི་བཙོན་ར་སྟེནང་ལོགས་སུ མི་རྣམས་ནི་སྒྲོག་ཅེའམསྒྱེ་མོའམ འབག་སྐུའམ གོས་སྒམ་བཞིན་བཞག་སྟེཁང་པའི་ཕྱི་རོལ་དུནད་ཡམས་ཀྱིས་གཡོ་སྒྱུ་ཁྲམ་གསུམ་གྱོན་ནསཉི་འོད་ལམ་ལམ་ཁྲོད་དུ་རྡོག་བྲོ་འཁྲབ་བཞིན་མཆིསཨ་མ་ངེད་གཉིས་ཀྱིསའདི་ཕྱིའི་རས་ཡོལ་ངོས་སུཞལ་རས་གཟི་མདངས་ཅན་དེ་འབྲི་བཞིན་བསྡད
རྩོམ་ཁུངས། ༢༠༢༥ལོའི«མི་རིགས་ཀྱི་རྩོམ་རིག»དེབ་གཉིས་པ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注