དབྱངས་ཅན་མ།

  རྩོམ་པ་པོ། : རྔོན་པ།  

མེ་ཏོག་མ་སྐྱེས་བའི་ཡར་སྔོན་ལ།

བདག་གིས་ཁྱེད་རང་མེ་ཏོག་ཞིག་ཡིན་པར་བསྒོམས།

དེ་དུས་ཁྱེད་ནི་གར་མ་ཞིག་སྟེ།

རོལ་སྒེག་གར་གྱིས་བདག་གི་མཁའ་དབྱིངས་ལ།

ས་སྲོད་ཀྱི་ཉི་ནུབ་དེ་བྲིས།


ཟླ་བ་མཁའ་ལ་མ་འཕགས་པའི་སྔ་རོལ་ཏུ།

བདག་གིས་ཁྱེད་རང་ཟླ་བ་ཞིག་ཡིན་པར་བསྒོམས།

དེ་དུས་ཁྱེད་ནི་ཐིགས་ལེ་མཆོག་མ་སྟེ།

བདག་གི་སྟོང་གསུམ་གྱི་འཇིག་རྟེན་ཕོན་པོ་ལ།

ལྷད་མེད་ཀྱི་དཀོན་མཆོག་བསྐྲུན། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号