མགུར་མའི་རང་སྒྲ།

ཁམས་ཟླ་སྲས། 

སྙན་འཕུར་དབྱངས་ཀྱི་ཐུར་མ།།

དགུང་གི་མཁའ་ལ་སྙེག་དུས། །

ས་ཆེན་རི་བོའི་པང་ལ། །

སྙན་པའི་ཚིག་གསུམ་ཞུ་ཡོང་། །

འཛུམ་དཀར་ཟླ་བའི་མེ་ལོང་། །

ཡིད་ཀྱི་གམ་ལ་རྒྱུ་དུས། །

ཙོང་ཁའི་རི་ཆུ་སྔོན་མོ། །

སེམས་པའི་དཀྱིལ་དུ་བརྗིད་འདུག །

སྐར་འོད་ཅི་ཙམ་རྒྱས་ན། །

སྨིན་མའི་མདངས་ལ་ཆགས་སོང་། །

ང་དང་སེམས་སོང་བུ་མོས། །

དམ་ཚིག་མདུད་པ་སྦྲེལ་ཡོད། །

རབ་དཀར་གཙང་ཆུའི་འགྲམ་ནས། །

ཉ་མོ་འཁྱུག་རྩལ་ཆེ་ཡང་། །

ཡིད་མཁའ་དག་པའི་ཞིང་ལ། །

དབྱངས་ཅན་ལྷ་མོ་བཞུགས་ཡོད། །

མཛའ་གཅུགས་ཡིད་ཀྱི་ཕོན་པོ། །

འདུས་པའི་དོད་དུ་བསམས་ན། །

ང་དང་ཟླ་བ་ཁེར་འགྲོ། །

མཉམ་དུ་འཛོམས་ན་ཆོག་གམ། །

འཕྲོ་དམར་ལི་ཁྲིའི་མདངས་ལ། །

གསེར་གྱི་ཞུན་མ་བཀྲམ་དུས། །

དྲུག་འགྱུར་ངག་གི་མཆོད་པས། །

དད་པའི་མི་དེར་བསྔགས་ཡོད། །

དབྱངས་ཅན་ངག་གི་རྒྱལ་མོ། །

འཁོར་བའི་གྲོང་ལ་ཕེབས་དང་། །

ཕལ་བའི་ཆང་སྐྱེམས་ངོགས་ནས། །

གཡུ་ཆུང་དྲུག་དཀར་རྙེད་ཡོང་། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号