འཛམ་གླིང་བྱ་དགའ་ཉིས་རྩེག་ཐོབ་མཁན་གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད།

རྐང་ཚའི་ཆོས་བཟང་།

ཀ་བཞི་གདུང་བརྒྱད་སྦྲ་རྒན་དུ་བ་ཅན།།
ཁ་བཏོན་དགེ་སྦྱོར་འབྲོག་མི་རལ་བ་ཅན།།
ག་དུས་ཁྱོད་ཀྱི་རྒྱབ་རི་སྨུག་པོ་སྟེ།།
ང་དང་ཁྱེད་ཀྱི་ཕ་ས་ཕ་ཡུལ་རེད།།

ཅ་རིལ་བཞིན་དུ་གུམ་ནས་མ་བསྡད་ཅིང་།།
ཆ་རྫོགས་ཟླ་བའི་དཔལ་ལ་འགྲན་པ་བཞིན།།
ཇ་ཡུན་ཙམ་གྱི་རིང་ལ་མྱུར་མགྱོགས་ཀྱིས།།
ཉ་མོ་ཆུ་ལ་འཁྱུག་འདྲའི་ངོ་མཚར་སྟོན།།

ཏཱ་རེ་མྱུར་མ་དཔའ་མོའི་སྤྲུལ་བ་ཞིག།

ཐ་མལ་མི་ཡི་གཟུགས་སུ་བྱོན་པ་སྟེ།།
ད་ཀོ་འཛམ་བུའི་གླིང་ལ་གྲགས་ཆེ་བས།།

ན་གཞོན་བུ་མོ་ཁྱེད་རང་བསྟོད་པའི་ཡུལ།།


པ་ཕ་ལྡོང་གི་བུ་རྒྱུད་འཁྲུལ་མེད་ལ།།
ཕ་རོལ་ཟིལ་གནོན་བུ་མོ་ཆོས་དབྱིངས་སྐྱིད།།
བ་དན་མཐོངས་སུ་སྒྲེང་ལ་རླུང་རྟ་ཅན།།
མ་གཅིག་འབྲོག་མོའི་པང་དུ་འཁྲུངས་པ་དགེ།།

ཙ་རི་རོང་བསྐོར་ཙམ་ཞིག་མ་ཡིན་པར།།
ཚ་གྲང་གདུང་བ་ཁྱད་དུ་བསལ་ནས་ནི།།
ཛ་དྲག་ཆེ་བའི་ཨོ་རྩལ་འགྲན་རྒྱུག་ལས།།
ཝ་ལེར་ཨང་རིམ་དང་པོ་ཁྱེད་ལ་ཐོབ།།


ཞལ་དཀར་རི་བོ་མདའ་བཞི་གཡང་གི་སྡེ།།
ཟ་ཚོ་མིང་སྲིང་ཕུ་ནུ་འཛོམས་པའི་གྲྭ།།
འ་ཅག་མཚོ་བྱང་བ་ཡི་སྙན་པ་དེ།།
ཡ་གླིང་ལས་བརྒལ་འཛམ་བུ་གླིང་ལ་བསྐྱལ།།

ར་ལུག་འཚོ་བ་རོལ་བའི་འབྲོག་ཁྱིམ་ནས།།
ལ་མོ་ཆོས་སྐྱོང་སྲུང་མའི་ཐུ་འོག་ནས།།
ཤ་དང་རུས་པའི་སྲ་མཁྲེགས་སྙིང་སྟོབས་ཆེ།།
ས་སྒང་རིལ་མོའི་རྩེ་རུ་ཤུགས་ཀྱིས་བསྒྲེངས།།

ཧ་ཅང་སྤྲོ་བས་ཁུལ་རྫོང་ས་གནས་ཀྱིས།།
ཨ་གསར་མ་ཡིན་སྣེ་ལེན་གཟབ་རྒྱས་ངང་།།
ཕ་ཡུལ་མཚོ་བྱང་ཡུལ་ལ་བསུས་པ་ནི།།
ཨ་མ་བུ་མོའི་ལས་བསོད་རླུང་རྟ་ཆེ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号