ད་ལོའི་དགུན་ཁར་མདོ་ལའི་ལུག་རྨ་ནུབ་དོག་ལམ་ས་ཁུལ་དུ་སྐྱས་སྤོས་བྱས།
ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས“གནས་བརྒལ་ཕྱུགས་སྤེལ”གྱི་བྱེད་ཐབས་ལག་བསྟར་སྐུལ་འདེད་བཏང་བ་བརྒྱུད། ཕྱུགས་ལས་དང་སྐྱེ་ཁམས་ཁོར་ཡུག་མཐུན་སྦྱོར་འཕེལ་རྒྱས། ཕན་ཚུན་སྐུལ་འདེད་ཀྱི་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཁ་ཞིག་འཚོལ་ཞིབ་བྱས།མདོ་ལ་རྫོང་ནི་རང་ཞིང་གི་གལ་ཆེ་བའི་རྩྭ་ཐང་ཕྱུགས་ལས་རྫོང་ཆེན་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་ཡིན། འོན་ཀྱང་ས་བབ་མཐོ་བས་ལུ་གུ་གསོ་སྐྱེས་དཀའ་བ་དང་ཕྱུགས་ཟོག་གི་སྐྱེ་འཕེལ་ཚད་ལ་ཁག་ཐེག་དཀའ་བས་མདོ་ལ་རྫོང་གི་སྲོལ་རྒྱུན་ཕྱུགས་ལས་འཕེལ་རྒྱས་རྣམ་པར་དཀའ་ཁག་དང་འཕྲད་ཡོད།གནད་དོན་འདི་ལ་ཁ་གཏད་དེ་མདོ་ལ་རྫོང་གིས“གནས་བརྒལ་ཕྱུགས་སྤེལ”གྱི་ཐབས་ལམ་བཙལ་ནས་རྨ་ནུབ་དོག་ལམ་ས་ཁུལ་གྱི་རང་བྱུང་ཆ་རྐྱེན་བཟང་བོ་གཡར་ནས་དགུན་དུས་ཀྱི་ཕྱུགས་ཟོག་འཕེལ་རྒྱས་ལ་ཁག་ཐེག་བྱས། རྨ་ནུབ་དོག་ལམ་ས་ཁུལ་གྱི་ས་བབ་ཅུང་དམའ་བ་དང་ལོ་རེའི་ཆ་སྙོམས་དྲོད་ཚད4.1℃ནས8.3℃གྱི་བར་ཡིན། གནམ་གཤིས་འཚམ་པོ་དང་སོག་མའི་གཟན་རྩྭ་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་གཞི་ཁྱོན་གསོ་སྤེལ་ལ་ཕན། མདོ་ལའི་འབྲོག་ཁྱིམ་གྱིས་སོག་མའི་ས་དེ་གཡར་བ་བརྒྱུད་ཕྱུགས་ཟོག་གསོ་སྤེལ་གྱི་ལས་བྱས།“གནས་བརྒལ་ཕྱུགས་སྤེལ”གྱི་ཕན་ནུས་མངོན་གསལ་དོད་པོ་ཡིན། མདོ་ལ་ས་གནས་རང་གི་གཟན་ཆས་གསོ་སྤེལ་དང་བསྡུར་ན་ལུག་རེའི་གཏོང་སྒོ་སྒོར216གིས་མར་ཆག ལུག་ཆེ་བའི་གསོན་ཚད་དང་ལུ་གུའི་གསོན་ཚད་སོ་སོ1%དང7%གྱིས་འཕར། ལྷག་པར་དུ་མདོ་ལ་རྫོང་ཁོངས་ཀྱི་རང་བྱུང་རྩྭ་ཐང་དུ་ཕྱུགས་རྫི་ཁྱིམ་གྲངས་དུས་ཚིགས་རང་བཞིན་གྱིས་ཉུང་དུ་ཕྱིན་པས་རྩྭ་ས་ལ་ངལ་གསོ་ཐེབས་ཤིང་དགུན་དཔྱིད་དུས་ཀྱི་གནོད་འགོག་ཕྱུགས་གཏོང་ལ་ལམ་བུ་གསར་བ་བཏོད།“གནས་བརྒལ་ཕྱུགས་སྤེལ”སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། མདོ་ལ་རྫོང་གིས་ཐབས་མང་ཉམས་སྤྱད་ཀྱིས་ཕྱོགས་ཡོངས་ཀྱི་འགན་སྲུང་དང་སྲིད་ཇུས་ཀྱི་འདེགས་སྐྱོར་མ་ལག་བསྐྲུན་ཞིང་། ཁྱིམ་མཚེས་རྫོང་དང་གྲོས་མཐུན་བཞག ས་གཡོར་བ་དང་གཟན་རྩྭ་ཆས་ཀྱི་རྟེན་གཞི་འཛུགས་སྐྲུན། ཡོ་བྱད་ཉོ་བ་སོགས་ཕྱོགས་མང་པོ་ནས་འདེགས་སྐྱོར་ཤུགས་ཆེན་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་གསར་གཏོད་ངར་སེམས་ཆེས་ཆེར་བསླངས།དུས་མཚུངས་སུ། མདོ་ལ་རྫོང་གིས་དངུལ་རྩ་ལས་ཁུངས་ཀྱིས“གནས་བརྒལ་ཕྱུགས་སྤེལ་དངུལ་བུན”གཏོང་བར་སྣེ་ཁྲིད་ཧུར་ཐག་བྱས། དངུལ་བུན་སྡོམ་པའི142ཀྱི་སྒོར་ཁྲི8048བཏང་ཞིང་། སྐྱེད་གསབ་སྒོར་ཁྲི494.12ཡིན། “གནས་བརྒལ་ཕྱུགས་སྤེལ”གྱི་རླངས་འཁོར་འདྲུད་སྐྱེལ་ཁ་གསབ་ཁྲི57བཏང་སྟེ་ནོར་སྲིད་མ་རྩ་ཡི་སྒུལ་ནུས་འདོན་སྤེལ་གང་ལེགས་བྱས། ད་ལྟ་མདོ་ལ་རྫོང་དུ་འབྲོག་ཁྱིམ387“གནས་བརྒལ་ཕྱུགས་སྤེལ”ནང་ཞུགས་ཡོད་ཅིང་། གནས་བརྒལ་ནོར7287དང་ལུག152682ལ་ཐོན་ཡོད། སྡོམ་རྩིས་བླངས་པ་བརྒྱུད་ན“གནས་བརྒལ་ཕྱུགས་སྤེལ”གྱིས་ལུག་གཅིག་གི་སྟེང་ནས་ལོ་རེ་ལ་ཡོང་འབབ་རྐྱང་བ་སྒོར68དང་ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྒོར་ཁྲི2.04ལ་སླེབས་པས་སྐྱེ་ཁམས་དང་ཡོང་འབབ་གཉིས་རྒྱལ་གྱི་རྣམ་པ་ཆགས།“གནས་བརྒལ་ཕྱུགས་སྤེལ”གྱི་ཡུན་རིང་འཕེལ་རྒྱས་མངོན་འགྱུར་བྱ་ཆེད། ཉེ་ལམ་མདོ་ལ་རྫོང་གིས་གནས་བརྒལ་ཕྱུགས་ལས་མཐུན་ཚོགས་བཙུགས་ཤིང་། ཕྱོགས་སོ་སོའི་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཕྱུགས་ལས་ཐོན་ལས་གསོ་སྤེལ་དང་ཐོན་རྫས་ཕྱིར་འཚོང་དོ་དམ་བྱ་ཐབས་བཟོས་ལ། རིམ་གྱིས་ཞིང་ཕྱུགས་ཐོན་རྫས་གཅིག་གྱུར་ཉོ་སྒྲུབ་ཕྱིར་འཚོང་མངོན་འགྱུར་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ལ་ཁག་ཐེག་བྱས།མདོ་ལ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའི་འབྲེལ་ཡོད་བློ་མཐུན་གྱིས“གནས་བརྒལ་ཕྱུགས་སྤེལ”གྱིས་ཕྱོགས་གཅིག་ནས་རྫོང་ཁོངས་ཀྱི་གཟན་རྩྭའི་གནོན་ཤུགས་ཡང་དུ་བཏང་ཞིང་། ཕྱུགས་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་བར་དམ་མགོ་ཁུངས་ཀྱི་བརླན་སའི་སྤྱི་གླིང་འཛུགས་སྐྲུན་ལ་རོགས་འདེགས་བྱས་ཏེ་རྫོང་ཡོངས་ཀྱི་ཕྱུགས་ལས་ཐོན་ཐང་མཐོ་རུ་བཏང་། ཕྱོགས་གཞན་ཞིག་ནས་བྱེད་ཐབས་འདི་ཡིས་འབྲོག་པ་ལ་ཕན་བདེ་དངོས་མ་སྦྱིན་ཞིང་། དགུན་གྱི་རྩྭ་ས་ལ་ངལ་གསོ་ཐེབས་ཏེ་རྩྭ་ཐང་གི་ཐེག་ཚད་གནོན་ཤུགས་མངོན་གསལ་གྱིས་ཇེ་ཡང་དུ་སོང་སྟེ་རྩྭ་ཕྱུགས་དོ་མཉམ་དང་ཕྱུགས་བཀག་ལྟ་སྐུལ་ཕན་འབྲས་མཐོ་རུ་ཕྱིན་པས་སྐྱེ་ཁམས་སྲུང་སྐྱོང་དང་ཡོང་འབབ་འཕར་བ་ཡི་གཉིས་རྒྱལ་མངོན་འགྱུར་བྱུང་ཞེས་བཤད།
ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས“གནས་བརྒལ་ཕྱུགས་སྤེལ”གྱི་བྱེད་ཐབས་ལག་བསྟར་སྐུལ་འདེད་བཏང་བ་བརྒྱུད། ཕྱུགས་ལས་དང་སྐྱེ་ཁམས་ཁོར་ཡུག་མཐུན་སྦྱོར་འཕེལ་རྒྱས། ཕན་ཚུན་སྐུལ་འདེད་ཀྱི་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཁ་ཞིག་འཚོལ་ཞིབ་བྱས།
མདོ་ལ་རྫོང་ནི་རང་ཞིང་གི་གལ་ཆེ་བའི་རྩྭ་ཐང་ཕྱུགས་ལས་རྫོང་ཆེན་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་ཡིན། འོན་ཀྱང་ས་བབ་མཐོ་བས་ལུ་གུ་གསོ་སྐྱེས་དཀའ་བ་དང་ཕྱུགས་ཟོག་གི་སྐྱེ་འཕེལ་ཚད་ལ་ཁག་ཐེག་དཀའ་བས་མདོ་ལ་རྫོང་གི་སྲོལ་རྒྱུན་ཕྱུགས་ལས་འཕེལ་རྒྱས་རྣམ་པར་དཀའ་ཁག་དང་འཕྲད་ཡོད།
གནད་དོན་འདི་ལ་ཁ་གཏད་དེ་མདོ་ལ་རྫོང་གིས“གནས་བརྒལ་ཕྱུགས་སྤེལ”གྱི་ཐབས་ལམ་བཙལ་ནས་རྨ་ནུབ་དོག་ལམ་ས་ཁུལ་གྱི་རང་བྱུང་ཆ་རྐྱེན་བཟང་བོ་གཡར་ནས་དགུན་དུས་ཀྱི་ཕྱུགས་ཟོག་འཕེལ་རྒྱས་ལ་ཁག་ཐེག་བྱས། རྨ་ནུབ་དོག་ལམ་ས་ཁུལ་གྱི་ས་བབ་ཅུང་དམའ་བ་དང་ལོ་རེའི་ཆ་སྙོམས་དྲོད་ཚད4.1℃ནས8.3℃གྱི་བར་ཡིན། གནམ་གཤིས་འཚམ་པོ་དང་སོག་མའི་གཟན་རྩྭ་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་གཞི་ཁྱོན་གསོ་སྤེལ་ལ་ཕན། མདོ་ལའི་འབྲོག་ཁྱིམ་གྱིས་སོག་མའི་ས་དེ་གཡར་བ་བརྒྱུད་ཕྱུགས་ཟོག་གསོ་སྤེལ་གྱི་ལས་བྱས།
“གནས་བརྒལ་ཕྱུགས་སྤེལ”གྱི་ཕན་ནུས་མངོན་གསལ་དོད་པོ་ཡིན། མདོ་ལ་ས་གནས་རང་གི་གཟན་ཆས་གསོ་སྤེལ་དང་བསྡུར་ན་ལུག་རེའི་གཏོང་སྒོ་སྒོར216གིས་མར་ཆག ལུག་ཆེ་བའི་གསོན་ཚད་དང་ལུ་གུའི་གསོན་ཚད་སོ་སོ1%དང7%གྱིས་འཕར། ལྷག་པར་དུ་མདོ་ལ་རྫོང་ཁོངས་ཀྱི་རང་བྱུང་རྩྭ་ཐང་དུ་ཕྱུགས་རྫི་ཁྱིམ་གྲངས་དུས་ཚིགས་རང་བཞིན་གྱིས་ཉུང་དུ་ཕྱིན་པས་རྩྭ་ས་ལ་ངལ་གསོ་ཐེབས་ཤིང་དགུན་དཔྱིད་དུས་ཀྱི་གནོད་འགོག་ཕྱུགས་གཏོང་ལ་ལམ་བུ་གསར་བ་བཏོད།
“གནས་བརྒལ་ཕྱུགས་སྤེལ”སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། མདོ་ལ་རྫོང་གིས་ཐབས་མང་ཉམས་སྤྱད་ཀྱིས་ཕྱོགས་ཡོངས་ཀྱི་འགན་སྲུང་དང་སྲིད་ཇུས་ཀྱི་འདེགས་སྐྱོར་མ་ལག་བསྐྲུན་ཞིང་། ཁྱིམ་མཚེས་རྫོང་དང་གྲོས་མཐུན་བཞག ས་གཡོར་བ་དང་གཟན་རྩྭ་ཆས་ཀྱི་རྟེན་གཞི་འཛུགས་སྐྲུན། ཡོ་བྱད་ཉོ་བ་སོགས་ཕྱོགས་མང་པོ་ནས་འདེགས་སྐྱོར་ཤུགས་ཆེན་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་གསར་གཏོད་ངར་སེམས་ཆེས་ཆེར་བསླངས།
དུས་མཚུངས་སུ། མདོ་ལ་རྫོང་གིས་དངུལ་རྩ་ལས་ཁུངས་ཀྱིས“གནས་བརྒལ་ཕྱུགས་སྤེལ་དངུལ་བུན”གཏོང་བར་སྣེ་ཁྲིད་ཧུར་ཐག་བྱས། དངུལ་བུན་སྡོམ་པའི142ཀྱི་སྒོར་ཁྲི8048བཏང་ཞིང་། སྐྱེད་གསབ་སྒོར་ཁྲི494.12ཡིན། “གནས་བརྒལ་ཕྱུགས་སྤེལ”གྱི་རླངས་འཁོར་འདྲུད་སྐྱེལ་ཁ་གསབ་ཁྲི57བཏང་སྟེ་ནོར་སྲིད་མ་རྩ་ཡི་སྒུལ་ནུས་འདོན་སྤེལ་གང་ལེགས་བྱས། ད་ལྟ་མདོ་ལ་རྫོང་དུ་འབྲོག་ཁྱིམ387“གནས་བརྒལ་ཕྱུགས་སྤེལ”ནང་ཞུགས་ཡོད་ཅིང་། གནས་བརྒལ་ནོར7287དང་ལུག152682ལ་ཐོན་ཡོད། སྡོམ་རྩིས་བླངས་པ་བརྒྱུད་ན“གནས་བརྒལ་ཕྱུགས་སྤེལ”གྱིས་ལུག་གཅིག་གི་སྟེང་ནས་ལོ་རེ་ལ་ཡོང་འབབ་རྐྱང་བ་སྒོར68དང་ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྒོར་ཁྲི2.04ལ་སླེབས་པས་སྐྱེ་ཁམས་དང་ཡོང་འབབ་གཉིས་རྒྱལ་གྱི་རྣམ་པ་ཆགས།
“གནས་བརྒལ་ཕྱུགས་སྤེལ”གྱི་ཡུན་རིང་འཕེལ་རྒྱས་མངོན་འགྱུར་བྱ་ཆེད། ཉེ་ལམ་མདོ་ལ་རྫོང་གིས་གནས་བརྒལ་ཕྱུགས་ལས་མཐུན་ཚོགས་བཙུགས་ཤིང་། ཕྱོགས་སོ་སོའི་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཕྱུགས་ལས་ཐོན་ལས་གསོ་སྤེལ་དང་ཐོན་རྫས་ཕྱིར་འཚོང་དོ་དམ་བྱ་ཐབས་བཟོས་ལ། རིམ་གྱིས་ཞིང་ཕྱུགས་ཐོན་རྫས་གཅིག་གྱུར་ཉོ་སྒྲུབ་ཕྱིར་འཚོང་མངོན་འགྱུར་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ལ་ཁག་ཐེག་བྱས།
མདོ་ལ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའི་འབྲེལ་ཡོད་བློ་མཐུན་གྱིས“གནས་བརྒལ་ཕྱུགས་སྤེལ”གྱིས་ཕྱོགས་གཅིག་ནས་རྫོང་ཁོངས་ཀྱི་གཟན་རྩྭའི་གནོན་ཤུགས་ཡང་དུ་བཏང་ཞིང་། ཕྱུགས་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་བར་དམ་མགོ་ཁུངས་ཀྱི་བརླན་སའི་སྤྱི་གླིང་འཛུགས་སྐྲུན་ལ་རོགས་འདེགས་བྱས་ཏེ་རྫོང་ཡོངས་ཀྱི་ཕྱུགས་ལས་ཐོན་ཐང་མཐོ་རུ་བཏང་། ཕྱོགས་གཞན་ཞིག་ནས་བྱེད་ཐབས་འདི་ཡིས་འབྲོག་པ་ལ་ཕན་བདེ་དངོས་མ་སྦྱིན་ཞིང་། དགུན་གྱི་རྩྭ་ས་ལ་ངལ་གསོ་ཐེབས་ཏེ་རྩྭ་ཐང་གི་ཐེག་ཚད་གནོན་ཤུགས་མངོན་གསལ་གྱིས་ཇེ་ཡང་དུ་སོང་སྟེ་རྩྭ་ཕྱུགས་དོ་མཉམ་དང་ཕྱུགས་བཀག་ལྟ་སྐུལ་ཕན་འབྲས་མཐོ་རུ་ཕྱིན་པས་སྐྱེ་ཁམས་སྲུང་སྐྱོང་དང་ཡོང་འབབ་འཕར་བ་ཡི་གཉིས་རྒྱལ་མངོན་འགྱུར་བྱུང་ཞེས་བཤད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注