གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད།༼ གཞས་ཚིག༽
གཟའ་དུག

གངས་རིའི་བུ་མོ་བོད་པའི་མི་རྒྱུད་ཡིན།།
བོད་པའི་བུ་རྒྱུད་གངས་རིའི་བདག་པོ་ཡིན།།
གངས་ལྗོངས་སྐལ་བ་སྟོང་གི་ལོ་རྒྱུས་ལ།།
འཛམ་གླིང་གསེར་གྱི་རྟགས་མས་གཏམ་རྒྱུད་བསྐྲུན།།
ཆོས་དབྱིངས་སྐྱིད།
ཁྱེད་ཀྱི་ཕ་ཡུལ་ཨ་མདོ་མདའ་བཞི་གཡང་སྡེ་ཕྱུག་མོ་ཡིན།།
ཁྱེད་ཀྱི་ནང་མི་ས་མཐོའི་ནོར་གནག་སྲུང་བའི་འབྲོག་པ་ཡིན།།
ཁྱེད་ཀྱི་མཚན་སྙན་འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེར་གཡོ།།
ཁྱེད་ཀྱི་མགུལ་ན་རིན་ཆེན་གསེར་གྱི་རྟགས་མའི་གཟི་འོད་འཕྲོ།།
་་་་་་་་་་་་་་་་་་་་་་་་་་་་་་་་
ཆོས་དབྱིངས་སྐྱིད།
ཡ་གླིང་འདུར་རྒྱུག་ལོ་རྒྱུས་ཀྱི་ཟིན་ཐོ་སྐྲུན་མཁན།།
སྒང་བ་བོད་ཀྱི་ལུས་རྩལ་ལ་མེ་ཁ་གསོ་མཁན།།
གངས་རི་དཀར་པོའི་སང་ཉིན་ལ་རེ་བ་སྩོལ་མཁན།།
དབྱངས་གསལ་སོ་བཞིའི་འཇིག་རྟེན་ལ་སྙན་ངག་འབྲི་མཁན།  །      
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྒང་བ་བོད་ཀྱི་ལ་རྒྱའི་རྒྱལ་མཚན།
ཕ་ཡུལ་མདའ་བཞིའི་གཡང་གི་འབྲོག་མོ།
ལྐོག་གྱུར་གྱི་མི་ལོ་བཅུ་གཅིག་སུ་ལ་བཤད་ཀྱང་མིག་ཆུ་ཡིན།
བདེན་དོན་གྱི་གསེར་གྱི་རྟགས་མ་སུ་ཡིས་བལྟས་ཀྱང་རིན་ཐང་བྲལ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གངས་རིའི་བུ་མོ།
ཁྱོད་ཀྱི་བཅོས་མིན་གྱི་འཛུམ་ཆུང་རེ་རེས།
རང་རིགས་སྤུན་ཟླའི་སེམས་ཁོང་ལ་དྲོད་ཁོལ་བསྩལ་ཡོད།
ཁྱོད་ཀྱི་འདུར་འགྲོས་ཀྱི་གོམ་ཆུང་རེ་རེས།
གངས་ཅན་བོད་ཀྱི་ལུས་རྩལ་ལ་རེ་བ་བསྣན་ཡོད།
ཁྱེད་ཀྱི་དཔའ་སྤོབས་ཀྱི་མིག་ཆུ་རེ་རེས།
གངས་ལྗོངས་ཆགས་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ཡོད།
སྟོབས་ཀྱིས་རྒྱུག་དང་།
གངས་རིའི་བུ་མོ།
ཁྱོད་ཀྱི་མདུན་ན་གསེར་གྱི་རྟགས་མའི་བསུ་མ་ཡོད།
ཁྱོད་ཀྱི་རྒྱབ་ན་ཕུ་ནུ་སྤུན་ཟླའི་སྨོན་འདུན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号