མཚན་སྙན་གླིང་ལ་བཞག་སོང་། ༼    གཞས་ཚིག  ༽ 

བོང་སྟག་རི་ལུ།

ལོ་ངོ་སྟོང་ཕྲག་རིང་གི །

མཚོ་ཆེན་ཁྲི་གཤོག་རྒྱལ་མོའི། །

མཚོ་མོའི་དྭངས་ཤ་ཕྱེས་སོང་། །

མཚོ་མོའི་དྭངས་ཤ་འབྱེད་ནས། །

 མཚར་སྡུག་གླིང་ལ་བཞག་སོང་། །

 མཚར་སྡུག་གླིང་ལ་འཇོག་མཁན། །

འབྲོག་མོ་རང་གཤིས་ཅན་ཞིག །

འབྲོག་མོ་རང་གཤིས་ཅན་དེས། །

འབྲི་རྡང་གོར་མོ་བསྐྱུར་ནས། །

   ཨོ་རྩལ་འཕྲེད་ཀྱིས་བཅད་སོང་། །

ཨོ་རྩལ་འཕྲེད་ཀྱིས་གཅོད་དུས།

ཆེན་པོ་མེས་རྒྱལ་བརྗེད་མེད། །

   གསེར་གྱི་རྟགས་མ་བསྣམས་ནས། །

ཕ་ཡུལ་ཕྱོགས་སུ་ཐོན་སོང་། །


ལོ་ངོ་སྟོང་ཕྲག་རིང་གི །

མཚོ་ཆེན་ཁྲི་གཤོག་རྒྱལ་མོའི། །

མཚོ་རླབས་མཁའ་ལ་འཕྱུར་སོང་། །

མཚོ་རླབས་མཁའ་ལ་བཏེགས་ནས། །

མཚན་སྙན་གླིང་ལ་བཞག་སོང་། །

མཚན་སྙན་གླིང་ལ་འཇོག་མཁན། །

འབྲོག་མོ་རང་གཤིས་ཅན་ཞིག །

འབྲོག་མོ་རང་གཤིས་ཅན་དེས། །

འབྲི་རྡང་གོར་མོ་བསྐྱུར་ནས། །

ཡ་གླིང་འཕྲེད་ཀྱིས་བཅད་སོང་། །

ཡ་གླིང་འཕྲེད་ཀྱིས་གཅོད་དུས། །

གཡང་གི་ར་བ་བརྗེད་མེད། །

གསེར་གྱི་རྟགས་མ་བསྣམས་ནས། །

ཕ་ཡུལ་ཕྱོགས་སུ་ཐོན་སོང་། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号