ལོ་ཏུའུ་ཆུས་བཙོག་ཆུ་གཙང་སེལ་བཟོ་གྲྭས་ཙོང་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བཏང་བ།
ཟླ11པའི་ཚེས7ཉིན། དགུན་ཟླ་དང་པོའི་ཉི་འོད་དང་བསྡོངས་ནས་གསར་འགོད་པ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་ནས་རླངས་འཁོར་ལ་བསྡད་དེ་ཤར་ཕྱོགས་སུ་སྤྱི་ལེ73ལ་བསྐྱོད་པའི་མཚམས་ཀྱི་ལོ་ཏུའུ་མྱུར་བགྲོད་གཞུང་ལམ་གྲོན་བསྡུ་ས་ཚིགས་ནས་བབས་རྗེས་ཡང་བསྐྱར་ཤར་ཕྱོགས་སུ་སྤྱི་ལེ18ཙམ་སོང་བ་ན། མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་ཧུང་ཧྲུའེ་གྲོང་རྡལ་ཧོ་ཞི་སྡེ་བའི་མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་བཙོག་ཆུ་གཙང་སེལ་བཟོ་གྲྭ་ཡོད་སར་འབྱོར།བཙོག་ཆུ་གཙང་སེལ་བཟོ་གྲྭར་གྲོང་ཁྱེར་གྱི“མིས་བཟོས་མཁལ་མ”ཞེས་བརྗོད་པ་དང་དེས་མི་རྣམས་ཀྱི་འཚོ་བའི་སྤྱོད་ཆུ་ལས་ཐོན་པའི་སྦགས་བཙོག་དངོས་པོ་མེད་པར་བཟོས་ནས་གྲོང་ཁྱེར་འཕེལ་རྒྱས་ལ་ཆུ་ཁུངས་གཉིས་པ་མཁོ་འདོན་བྱེད་ཐུབ། ལོ་ཏུའུ་ཆུས་བཙོག་ཆུ་གཙང་སེལ་བཟོ་གྲྭ་ནི་མཚོ་སྔོན་ཞིང་ཆེན་གྱིPPPལས་གཞི་དང་པོ་ཡིན་ཞིང་། 2015ལོའི་ཟླ7པར་ལས་འགོ་བཙུགས་པ་དང་། 2017ལོའི་ཟླ5པར་ཆུ་འདྲེན་གཏོང་བྱས་ཤིང་། ཉིན་རེར་ཆུ་གཙང་སེལ་བྱེད་ཚད་ཏུན་ཁྲི4ཟིན་པ་དང་། རིམ་པ་དང་པོའིAཕྱིར་གཏོང་ཚད་གཞི་ལག་བསྟར་བྱས་པས་ནོར་སྲིད་པུའུ་ཡིས་རྒྱལ་ཁབ་ཀྱི་དཔེ་སྟོན་ལས་གཞིར་བདམས།ཉེ་བའི་ལོ་ཤས་རིང་། མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་ཀྱིས་ཙོང་ཆུ་རྒྱུག་ཁུལ་གྱི་ཆུའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་ནས་ཙོང་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བར་དང་། བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་རྔའི་མིས་བཟོས་བརླན་ས་བབ་བསྟུན་ངང་བསྐྲུན་པ་ནས། མཚོ་སྔོན་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྒྲིག་གི“མ་དཔེ”ཞིག་ཏུ་གྱུར་པ་དང་། ཞིང་ཆེན་ཡོངས་ཀྱི“སྐྱེ་ཁམས་བཟོ་འགོད་དང་དམངས་འཚོའི་བཟོ་འགོད”གཙོ་བོ་ཞིག་ཏུ་གྱུར།སྐྱེ་ཁམས་ནི་མཚོ་སྔོན་གྱི་ཆེས་རྩ་ཆེ་བའི་ཐོན་ཁུངས་དང་། ཆེས་མངོན་གསལ་གྱི་དགེ་མཚན། ཆེས་མཛེས་སྡུག་ལྡན་པའི་མིང་བྱང་བཅས་ཡིན། དེང་སྐབས་ཀྱི་མཚོ་སྔོན་གྱིས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མ་མཐའི་མཚམས་ཐིག་གཉིས་བརྟན་པོར་བསྲུངས་ནས་འཕེལ་རྒྱས་ཀྱི་བརྟན་བརླིང་རང་བཞིན་དང་མཐུན་སྦྱོར་རང་བཞིན་དང་རྒྱུན་མཐུད་རང་བཞིན་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན། ཆུ་སྙིགས་དྭངས་མོར་བསྒྱུར་ཏེ། “བཙོག་ཆུ་སྐྱེ་ཁམས་ཅན་དུ་བཅོས་སྐྱོང་བྱེད་པ”ནས“བཙོག་ཆུ་ཐོན་ཁུངས་ཅན་དུ་བེད་སྤྱོད་པ”ལ་བསྒྱུར་བ་ཇི་ལྟར་མངོན་འགྱུར་བྱ་དགོས། དུས་ཡུན་རིང་པོའི་ནང་བཙོག་ཆུ་གཙང་སེལ་བྱ་རྒྱུ་ནི་མང་ཚོགས་ཀྱིས་དོ་ཁུར་བྱ་ཡུལ་ཞིག་རེད། དགའ་འོས་པ་ཞིག་ལ་མཚོ་ཤར་གྲོང་ཁྱེར་གྱིས་གོང་འོག་མཉམ་འགུལ་ནང་རྐྱེན་བཙུགས་པ་དང་བསྟུན་ནས། ལོ་ཏུའུ་ཆུས་ཀྱིས་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་རྔའི་མིས་བཟོས་བརླན་ས་གཙང་སེལ་དང་སྐྱེ་ཁམས་འཛུགས་སྐྲུན་ལས་གཞི་བརྒྱུད། “བརླན་ས་ཆུང་གྲས+”བསྐྲུན་པ་དེ་ཁོར་ཡུག་བཅོས་སྐྱོང་དང་ཟུང་འབྲེལ་བྱས་པ་དང་། སྐྱེ་ཁམས་བཅོས་སྐྱོང་གི་སྦྲེལ་མཐུད་བྱ་བ་ནུས་ལྡན་ངང་བརྒྱུད་སྤྲོད་བྱས་པས། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ནུས་ལྡན་ངང་གཅིག་གྱུར་བྱུང་བ་དང་དམངས་ཀྱི་རེ་འདོད་དང་བསྟུན་ཡོད།དགུན་དུས་ཀྱི་དྲོ་འཇམ་ཉི་འོད་འོག ཆུ་སྙིགས་གཙང་སེལ་བཟོ་གྲྭའི་ཆུ་རྔའི་མིས་བཟོས་བརླན་སར་འཆམ་འཆམ་དུ་སྐྱོད་སྐབས། དེ་གར་རྩི་ཤིང་རབ་ཏུ་རྒྱས་ཤིང་། ཆུ་བྱ་རྣམས་ཆུ་ངོས་སུ་རྩེད་འཇོར་རོལ་བ་དང་རྒུམ་བུ་འཐུ་བཞིན་འདུག འདམ་རྩྭ་ཚོམ་བུ་བྱས་ཏེ་ཆུ་ངོགས་སུ་སྐྱེས་ཏེ། ཚོན་མདངས་བཀྲ་ཞིང་འོད་ཆེམ་ཆེམ་དུ་འཕྲོ་བའི་ཆུ་ངོགས་སུ་མངོན་པ་དང་། དགུང་ཨ་སྔོན་དང་གཞི་གཅིག་ཏུ་འདྲེས་ཏེ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རི་མོ་ཞིག་གྲུབ་ཡོད།“2016ལོར། ལོ་ཏུའུ་ཆུས་ཀྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ཤིང་། བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་རྔའི་མིས་བཟོས་བརླན་སའི་ལས་གཞི་བསྐྲུན་འགོ་བརྩམས། རྫིང་བུའི་ནང་གི་ཆུ་ཚང་མ་ནི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་རྔ་ཡིན་པ་དང‘མཐོ་གྲང་རྣམ་པའི་མཉམ་འདྲེས་ས་འོག་ཆུ་རྒྱུན་མིས་བཟོས་བརླན་ས+ས་ངོས་ཆུ་རྒྱུན་མིས་བཟོས་བརླན་ས’བཅས་ཀྱི་བཟོ་རྩལ་ལག་རྩལ་སྤྱད་དེ། ཆུ་རྔ་མིས་བཟོས་བརླན་སར་བཞུར་བ་དང་། ཆུ་སྐྱེས་རྩི་ཤིང་གི་ཏན་དང་ལིན་ཕུད་པའི་ནུས་པ་ཐོན་པ་དང་། ཆུ་གཙང་མ་བྱུང་རྗེས་ཀྱི་ཆུ་སྤུས་དེ་ཉ་གསོ་བའི་ཚད་གཞིར་སླེབས་ནས། ཆུ་གཟུགས་རིགསIVཡི་ཚད་གཞི་དང་མཐུན་ནས་མཐར་ཙོང་ཆུ་ནས་ཕྱིར་འབུད་ཀྱིན་ཡོད། ཀྲའོ་ཧྲེང་ཅུན་གྱིས་བཤད་རྒྱུར། སླད་ཕྱིན་མིས་བཟོས་བརླན་ས་ལ་བུད་པའི་ཆུ་སྤུས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བསྐྱར་བྱུང་ཆུ་བསྐྱར་སྤྱོད་ཀྱི་རེ་བ་དེ་བས་ལེགས་པར་བསྐངས་ནས། བསྐྱར་སྤྱོད་ཆུ་དེ་གཙོ་བོ་སྐྱེ་ཁམས་འཛུགས་སྐྲུན་དང་། ཞིང་ཆུ་འདྲེན་པ། མཛེས་ལྗོངས་ལྗང་སྒྱུར་རམ་ཡང་ན་བཟོ་ལས་ཀྱི་སྤྱོད་ཆུ་སོགས་ལ་བཀོལ་རྒྱུ་ཡིན།ཤེས་རྟོགས་བྱུང་བར་གཞིགས་ན། མིས་བཟོས་བརླན་སའི་ས་ཁྱོན་ལ་སྤྱི་ཆིང26ཡོད་པ་དང་། བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་རྔའི་ཆུ་འབོར་དེ་ཉིན་རེར་ཧྥང26000ཟིན་གྱིན་ཡོད། མིས་བཟོས་བརླན་སའི་མ་ལག་ལས་ཐོན་པའི་ཆུའི་བཞུར་ཡུལ་གཙོ་བོ་ནི་ཙོང་ཆུ་རེད།མིས་བཟོས་བརླན་ས་སྒོ་ཕྱེ་བའི་ཚུན་ལ། རིམ་བཞིན་མི་རྣམས་ཀྱིས་དགའ་བསུ་བྱེད་པའི་སྤྲོ་གསེང་བྱ་ཡུལ་ཞིག་ཏུ་གྱུར་ཡོད། ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། དེ་གར་གཏིང་གག་མགོ་དམར་དང་། གག་པ་རྔ་འབིགས། ཆུ་དེའུ་ནག་པོ་སོགས་ཡོད་པ་མ་ཟད། ད་དུང་ཅོ་ཀའི་རིགས་དང་། པུ་ཤུད། རྩྭ་ཐིང་ཚང་དཀར་སོགས་བྱ་རིགས་དང་འདབ་ཆགས་རིགས་བཅུ་ཕྲག་ཁ་ཤས་ཡོད་པ་དེ་དག་དེ་གར་འཚོ་སྡོད་བྱེད་པའམ་ཡང་ན་འབབ་སྡོད་བྱེད་ཀྱིན་ཡོད་པ་དེའི་ཐོག་ནས་མིས་བཟོས་བརླན་སའི་ཆུའི་སྤུས་ཚད་ཇེ་ལེགས་སུ་འགྲོ་བ་དང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་ར་སྤྲོད་ནུས་ལྡན་ཐུབ་ཡོད།སྐྱེ་ཁམས་ནི་མ་གཞི་ནས་དཔལ་འབྱོར་ཡིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཡིན། སྐྱེ་ཁམས་ཁོར་ཡུག་གི་མ་མཐའི་མཚམས་ཐིག་ཡག་པོ་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་ཇི་ལྟར་འཕེལ་རྒྱས་གཏོང་རྒྱུ་དེ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་བསྒྲུབ་དགོས་པའི་དོན་དག་ཅིག་རེད།ལོ་ཏུའུ་ཆུས་ཀྱིས“བཙོག་ཆུ་གཙང་སེལ”གྱི་གནད་དོན་ཐག་གཅོད་དང་ཡུལ་བབ་དང་བསྟུན་ནས། “སྐྱེ་ཁམས་དཔལ་འབྱོར”སྟོབས་ཆེར་བཏང་སྟེ། “ལྔ་བཅུ་བཞི”ཡི་རིང་གི་མཚོ་སྔོན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ནུས་ཤུགས་ཧུར་ཐག་བཏོན། བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་རྔའི་མིས་བཟོས་བརླན་ས་བསྐྲུན་པ་ནི་སྐྱེ་ཁམས་འཛུགས་སྐྲུན་གྱི་སྐར་ཁུང་བྱས་ནས། “སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”སྤོ་བསྒྱུར་ཐབས་ལམ་འཚོལ་ཞིབ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དང་མཚོ་སྔོན་གྱིས་ཆུའི་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་བྱས་པའི་བསྡུས་རིས་ཤིག་ཀྱང་རེད། །
ཟླ11པའི་ཚེས7ཉིན། དགུན་ཟླ་དང་པོའི་ཉི་འོད་དང་བསྡོངས་ནས་གསར་འགོད་པ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་ནས་རླངས་འཁོར་ལ་བསྡད་དེ་ཤར་ཕྱོགས་སུ་སྤྱི་ལེ73ལ་བསྐྱོད་པའི་མཚམས་ཀྱི་ལོ་ཏུའུ་མྱུར་བགྲོད་གཞུང་ལམ་གྲོན་བསྡུ་ས་ཚིགས་ནས་བབས་རྗེས་ཡང་བསྐྱར་ཤར་ཕྱོགས་སུ་སྤྱི་ལེ18ཙམ་སོང་བ་ན། མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་ཧུང་ཧྲུའེ་གྲོང་རྡལ་ཧོ་ཞི་སྡེ་བའི་མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་བཙོག་ཆུ་གཙང་སེལ་བཟོ་གྲྭ་ཡོད་སར་འབྱོར།
བཙོག་ཆུ་གཙང་སེལ་བཟོ་གྲྭར་གྲོང་ཁྱེར་གྱི“མིས་བཟོས་མཁལ་མ”ཞེས་བརྗོད་པ་དང་དེས་མི་རྣམས་ཀྱི་འཚོ་བའི་སྤྱོད་ཆུ་ལས་ཐོན་པའི་སྦགས་བཙོག་དངོས་པོ་མེད་པར་བཟོས་ནས་གྲོང་ཁྱེར་འཕེལ་རྒྱས་ལ་ཆུ་ཁུངས་གཉིས་པ་མཁོ་འདོན་བྱེད་ཐུབ། ལོ་ཏུའུ་ཆུས་བཙོག་ཆུ་གཙང་སེལ་བཟོ་གྲྭ་ནི་མཚོ་སྔོན་ཞིང་ཆེན་གྱིPPPལས་གཞི་དང་པོ་ཡིན་ཞིང་། 2015ལོའི་ཟླ7པར་ལས་འགོ་བཙུགས་པ་དང་། 2017ལོའི་ཟླ5པར་ཆུ་འདྲེན་གཏོང་བྱས་ཤིང་། ཉིན་རེར་ཆུ་གཙང་སེལ་བྱེད་ཚད་ཏུན་ཁྲི4ཟིན་པ་དང་། རིམ་པ་དང་པོའིAཕྱིར་གཏོང་ཚད་གཞི་ལག་བསྟར་བྱས་པས་ནོར་སྲིད་པུའུ་ཡིས་རྒྱལ་ཁབ་ཀྱི་དཔེ་སྟོན་ལས་གཞིར་བདམས།
ཉེ་བའི་ལོ་ཤས་རིང་། མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་ཀྱིས་ཙོང་ཆུ་རྒྱུག་ཁུལ་གྱི་ཆུའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་ནས་ཙོང་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བར་དང་། བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་རྔའི་མིས་བཟོས་བརླན་ས་བབ་བསྟུན་ངང་བསྐྲུན་པ་ནས། མཚོ་སྔོན་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྒྲིག་གི“མ་དཔེ”ཞིག་ཏུ་གྱུར་པ་དང་། ཞིང་ཆེན་ཡོངས་ཀྱི“སྐྱེ་ཁམས་བཟོ་འགོད་དང་དམངས་འཚོའི་བཟོ་འགོད”གཙོ་བོ་ཞིག་ཏུ་གྱུར།
སྐྱེ་ཁམས་ནི་མཚོ་སྔོན་གྱི་ཆེས་རྩ་ཆེ་བའི་ཐོན་ཁུངས་དང་། ཆེས་མངོན་གསལ་གྱི་དགེ་མཚན། ཆེས་མཛེས་སྡུག་ལྡན་པའི་མིང་བྱང་བཅས་ཡིན། དེང་སྐབས་ཀྱི་མཚོ་སྔོན་གྱིས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མ་མཐའི་མཚམས་ཐིག་གཉིས་བརྟན་པོར་བསྲུངས་ནས་འཕེལ་རྒྱས་ཀྱི་བརྟན་བརླིང་རང་བཞིན་དང་མཐུན་སྦྱོར་རང་བཞིན་དང་རྒྱུན་མཐུད་རང་བཞིན་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།
ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན། ཆུ་སྙིགས་དྭངས་མོར་བསྒྱུར་ཏེ། “བཙོག་ཆུ་སྐྱེ་ཁམས་ཅན་དུ་བཅོས་སྐྱོང་བྱེད་པ”ནས“བཙོག་ཆུ་ཐོན་ཁུངས་ཅན་དུ་བེད་སྤྱོད་པ”ལ་བསྒྱུར་བ་ཇི་ལྟར་མངོན་འགྱུར་བྱ་དགོས། དུས་ཡུན་རིང་པོའི་ནང་བཙོག་ཆུ་གཙང་སེལ་བྱ་རྒྱུ་ནི་མང་ཚོགས་ཀྱིས་དོ་ཁུར་བྱ་ཡུལ་ཞིག་རེད། དགའ་འོས་པ་ཞིག་ལ་མཚོ་ཤར་གྲོང་ཁྱེར་གྱིས་གོང་འོག་མཉམ་འགུལ་ནང་རྐྱེན་བཙུགས་པ་དང་བསྟུན་ནས། ལོ་ཏུའུ་ཆུས་ཀྱིས་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་རྔའི་མིས་བཟོས་བརླན་ས་གཙང་སེལ་དང་སྐྱེ་ཁམས་འཛུགས་སྐྲུན་ལས་གཞི་བརྒྱུད། “བརླན་ས་ཆུང་གྲས+”བསྐྲུན་པ་དེ་ཁོར་ཡུག་བཅོས་སྐྱོང་དང་ཟུང་འབྲེལ་བྱས་པ་དང་། སྐྱེ་ཁམས་བཅོས་སྐྱོང་གི་སྦྲེལ་མཐུད་བྱ་བ་ནུས་ལྡན་ངང་བརྒྱུད་སྤྲོད་བྱས་པས། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ནུས་ལྡན་ངང་གཅིག་གྱུར་བྱུང་བ་དང་དམངས་ཀྱི་རེ་འདོད་དང་བསྟུན་ཡོད།
དགུན་དུས་ཀྱི་དྲོ་འཇམ་ཉི་འོད་འོག ཆུ་སྙིགས་གཙང་སེལ་བཟོ་གྲྭའི་ཆུ་རྔའི་མིས་བཟོས་བརླན་སར་འཆམ་འཆམ་དུ་སྐྱོད་སྐབས། དེ་གར་རྩི་ཤིང་རབ་ཏུ་རྒྱས་ཤིང་། ཆུ་བྱ་རྣམས་ཆུ་ངོས་སུ་རྩེད་འཇོར་རོལ་བ་དང་རྒུམ་བུ་འཐུ་བཞིན་འདུག འདམ་རྩྭ་ཚོམ་བུ་བྱས་ཏེ་ཆུ་ངོགས་སུ་སྐྱེས་ཏེ། ཚོན་མདངས་བཀྲ་ཞིང་འོད་ཆེམ་ཆེམ་དུ་འཕྲོ་བའི་ཆུ་ངོགས་སུ་མངོན་པ་དང་། དགུང་ཨ་སྔོན་དང་གཞི་གཅིག་ཏུ་འདྲེས་ཏེ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རི་མོ་ཞིག་གྲུབ་ཡོད།
“2016ལོར། ལོ་ཏུའུ་ཆུས་ཀྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ཤིང་། བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་རྔའི་མིས་བཟོས་བརླན་སའི་ལས་གཞི་བསྐྲུན་འགོ་བརྩམས། རྫིང་བུའི་ནང་གི་ཆུ་ཚང་མ་ནི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་རྔ་ཡིན་པ་དང‘མཐོ་གྲང་རྣམ་པའི་མཉམ་འདྲེས་ས་འོག་ཆུ་རྒྱུན་མིས་བཟོས་བརླན་ས+ས་ངོས་ཆུ་རྒྱུན་མིས་བཟོས་བརླན་ས’བཅས་ཀྱི་བཟོ་རྩལ་ལག་རྩལ་སྤྱད་དེ། ཆུ་རྔ་མིས་བཟོས་བརླན་སར་བཞུར་བ་དང་། ཆུ་སྐྱེས་རྩི་ཤིང་གི་ཏན་དང་ལིན་ཕུད་པའི་ནུས་པ་ཐོན་པ་དང་། ཆུ་གཙང་མ་བྱུང་རྗེས་ཀྱི་ཆུ་སྤུས་དེ་ཉ་གསོ་བའི་ཚད་གཞིར་སླེབས་ནས། ཆུ་གཟུགས་རིགསIVཡི་ཚད་གཞི་དང་མཐུན་ནས་མཐར་ཙོང་ཆུ་ནས་ཕྱིར་འབུད་ཀྱིན་ཡོད། ཀྲའོ་ཧྲེང་ཅུན་གྱིས་བཤད་རྒྱུར། སླད་ཕྱིན་མིས་བཟོས་བརླན་ས་ལ་བུད་པའི་ཆུ་སྤུས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བསྐྱར་བྱུང་ཆུ་བསྐྱར་སྤྱོད་ཀྱི་རེ་བ་དེ་བས་ལེགས་པར་བསྐངས་ནས། བསྐྱར་སྤྱོད་ཆུ་དེ་གཙོ་བོ་སྐྱེ་ཁམས་འཛུགས་སྐྲུན་དང་། ཞིང་ཆུ་འདྲེན་པ། མཛེས་ལྗོངས་ལྗང་སྒྱུར་རམ་ཡང་ན་བཟོ་ལས་ཀྱི་སྤྱོད་ཆུ་སོགས་ལ་བཀོལ་རྒྱུ་ཡིན།
ཤེས་རྟོགས་བྱུང་བར་གཞིགས་ན། མིས་བཟོས་བརླན་སའི་ས་ཁྱོན་ལ་སྤྱི་ཆིང26ཡོད་པ་དང་། བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་རྔའི་ཆུ་འབོར་དེ་ཉིན་རེར་ཧྥང26000ཟིན་གྱིན་ཡོད། མིས་བཟོས་བརླན་སའི་མ་ལག་ལས་ཐོན་པའི་ཆུའི་བཞུར་ཡུལ་གཙོ་བོ་ནི་ཙོང་ཆུ་རེད།
མིས་བཟོས་བརླན་ས་སྒོ་ཕྱེ་བའི་ཚུན་ལ། རིམ་བཞིན་མི་རྣམས་ཀྱིས་དགའ་བསུ་བྱེད་པའི་སྤྲོ་གསེང་བྱ་ཡུལ་ཞིག་ཏུ་གྱུར་ཡོད། ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། དེ་གར་གཏིང་གག་མགོ་དམར་དང་། གག་པ་རྔ་འབིགས། ཆུ་དེའུ་ནག་པོ་སོགས་ཡོད་པ་མ་ཟད། ད་དུང་ཅོ་ཀའི་རིགས་དང་། པུ་ཤུད། རྩྭ་ཐིང་ཚང་དཀར་སོགས་བྱ་རིགས་དང་འདབ་ཆགས་རིགས་བཅུ་ཕྲག་ཁ་ཤས་ཡོད་པ་དེ་དག་དེ་གར་འཚོ་སྡོད་བྱེད་པའམ་ཡང་ན་འབབ་སྡོད་བྱེད་ཀྱིན་ཡོད་པ་དེའི་ཐོག་ནས་མིས་བཟོས་བརླན་སའི་ཆུའི་སྤུས་ཚད་ཇེ་ལེགས་སུ་འགྲོ་བ་དང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་ར་སྤྲོད་ནུས་ལྡན་ཐུབ་ཡོད།
སྐྱེ་ཁམས་ནི་མ་གཞི་ནས་དཔལ་འབྱོར་ཡིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཡིན། སྐྱེ་ཁམས་ཁོར་ཡུག་གི་མ་མཐའི་མཚམས་ཐིག་ཡག་པོ་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་ཇི་ལྟར་འཕེལ་རྒྱས་གཏོང་རྒྱུ་དེ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་བསྒྲུབ་དགོས་པའི་དོན་དག་ཅིག་རེད།
ལོ་ཏུའུ་ཆུས་ཀྱིས“བཙོག་ཆུ་གཙང་སེལ”གྱི་གནད་དོན་ཐག་གཅོད་དང་ཡུལ་བབ་དང་བསྟུན་ནས། “སྐྱེ་ཁམས་དཔལ་འབྱོར”སྟོབས་ཆེར་བཏང་སྟེ། “ལྔ་བཅུ་བཞི”ཡི་རིང་གི་མཚོ་སྔོན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ནུས་ཤུགས་ཧུར་ཐག་བཏོན། བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་རྔའི་མིས་བཟོས་བརླན་ས་བསྐྲུན་པ་ནི་སྐྱེ་ཁམས་འཛུགས་སྐྲུན་གྱི་སྐར་ཁུང་བྱས་ནས། “སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”སྤོ་བསྒྱུར་ཐབས་ལམ་འཚོལ་ཞིབ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དང་མཚོ་སྔོན་གྱིས་ཆུའི་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་བྱས་པའི་བསྡུས་རིས་ཤིག་ཀྱང་རེད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注