ལོ་ངོ་སྟོང་ལས་བརྒལ་བའི་ཤིང་སྡོང་འདི་འདྲ་རྙེད་འདུག

གསར་འགོད་པར་ཚེས་27ཉིན་ཅི་ལིན་ཞིང་ཆེན་ཡན་པན་ཁུལ་ཧོ་ལུང་གྲོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར་ཁྲང་པའེ་རི་བོའི་གདོད་མའི་ནགས་ཚལ་ཁྲོད་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་བྱང་ཤར་གྱི་སེང་ལྡེང་ཤིང་གཙོ་བོ་ལས་གྲུབ་པའི་ཤིང་སྡོང་སྐྱེ་བཞིན་པ་འགའ་རྙེད་པ་མ་ཟད། དེ་དག་ཡུན་རིང་གནས་པ་དང་། དེ་དག་གི་སྦོམ་ཚད་སྨི་1ཡན་ཟིན་པ་དང་། ལོ་ངོ་སྟོང་ལས་བརྒལ་བའི་གནའ་བོའི་ལྗོན་ཤིང་6ཡོད་ཅིང་། དེ་ནི་ཧ་ཅང་མཐོང་དཀོན་པ་ཞིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཤིང་སྡོང་དེ་དག་ཁྲང་པའེ་རི་བོའི་དབུས་རྒྱུད་དང་ལུང་ཅིན་ས་ཁོངས་སུ་གནས་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་700ནས་1200བར་ཡོད་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号