རི་ཀླུང་ནགས་ཚལ་ཁྲོད་ཀྱི་བརྩེ་བ་དང་བརྟན་སྲུང་།
ཆོས་སྐྱོང་རྒྱལ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྨ་བྱང་ནགས་རའི་འགོ་གཙོ་ཡིན་ལ། ཁོ་དང་རྨ་བྱང་ནགས་རའི་བར་གྱི་གཏམ་རྒྱུད་གླེང་དགོས་ན། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པ་ནས་འགོ་བརྩམ་དགོས། ས་གནས་དེ་གའི་མི་ཞིག་ཡིན་པའི་ངོས་ནས། 1993ལོར་ལས་ཀར་ཞུགས་མ་ཐག་ཡུལ་དེའི་ལས་མི་ཞིག་ཏུ་གྱུར། གཅིག་བྱས་ན་ཐོག་མ་ནས་ལས་སྐལ་ཟབ་མོ་ཞིག་ཡོད་དེ། ས་གནས་གཞན་དུ་ལས་གནས་སྤར་ཡང་། 2004ལོར་ཁོ་ཡང་བསྐྱར་ཐོག་མའི་ཕུགས་འདུན་སྙེག་ཡུལ་དུ་ཕྱིར་ལོག་སྟེ། ད་ལྟའི་བར་དུ་ཡུལ་དེར་བྱ་བ་བསྒྲུབས། དེ་སྔའི་ནགས་སྲུང་པ་ནས་ནགས་རའི་འགོ་གཙོར་གྱུར་ཅིང་། ནགས་རའི་འཕོ་འགྱུར་ལ་བདེན་དཔང་ཡང་བྱས་ཡོད།འཕོ་འགྱུར་སྐོར་གླེང་སྐབས། ཆོས་སྐྱོང་རྒྱལ་གྱིས་ལྷུག་པོར་བཤད་རྒྱུར། དེང་སྐབས་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ནས་སྲོག་ཆགས་དང་རྩི་ཤིང་འཚོ་གནས་ལ་ཁོར་ཡུག་ཡག་པོ་ཞིག་མཁོ་འདོན་བྱས་པ་དང་། གསའ་དང་རྩྭ་གཡི་སོགས་རི་སྐྱེས་སྲོག་ཆགས་འགུལ་སྐྱོད་ཀྱི་རྗེས་ཤུལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པར་གྱུར་ཏེ། ཐུན་ཏེ་རྫོང་གི་མངའ་ཁོངས་སུ་སྲོག་ཆགས་ཀྱི་རིགས་རྙེད་པའི་ཟིན་ཐོ་གསར་པ་ཞིག་བཏོད་པ་དང་། གང་སར་མཐོང་བའི་གནའ་ཁྱུ་མང་པོ་ཡོད་པ་དེའི་གྲངས་འབོར་ཆེས་མང་བའི་སྐབས་སུ་བརྒྱ་ལ་ལོངས་ཐུབ།ཆོས་སྐྱོང་རྒྱལ་གྱི་བག་ཆགས་ངོས་སུ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པའི་ནང་ནགས་ཁུལ་དུ་རི་སྐྱེས་སྲོག་ཆགས་ཧ་ལམ་མཐོང་རྒྱུ་མེད་པས་དེས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཛ་དྲག་གི་གནས་བབ་ཤེས་ཐུབ། 2002ལོ་ནས་བཟུང་། ནགས་རར་སྐྱེ་ཁམས་བདག་སྐྱོང་པ་ཉུང་ཤས་སྡུད་ལེན་བྱེད་འགོ་ཚུགས་པ་དང་། དེའི་ཁར་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་བསྟུན་ནས། ནགས་རྩྭ་དོ་དམ་མི་སྣ་དང་སྐྱེ་ཁམས་བདག་སྐྱོང་པའི་དཔུང་སྡེ་སྟོབས་ཆེར་ཕྱིན་ཏེ་མི90ལྷག་ལ་བུད་ཡོད།ཆོས་སྐྱོང་རྒྱལ་གྱིས་གསར་འགོད་པར། རྨ་བྱང་ནགས་ར་ནི་གཙང་ཡུལ་དོ་དམ་སྲུང་སྐྱོང་ཁུལ་དང་མགར་རྩེ་དོ་དམ་སྲུང་སྐྱོང་ཁུལ་གཉིས་སུ་དབྱེ་ཡོད། དེའི་ཁོངས་སུ་གཏོགས་པའི་རྨ་བྱང་གི་སྲིད་འཛིན་སྡེ་བ10ཡོད་པ་དང་། སྲིད་འཛིན་སྡེ་བ་རེས་སོ་སོར་ཚོ་ཆུང་རེ་གྲུབ་ཡོད་ཟེར། ཆོས་སྐྱོང་རྒྱལ་གྱིས།“ང་ཚོའི་བྱ་བའི་ཁྲོད་མི་སྒེར་གྱི་སྐོར་སྲུང་ཟླ་རེར་ཉིན20ལས་མི་ཉུང་བ་དང་། ཚོ་ཆུང་གི་ཐུན་མོང་སྐོར་སྲུང་ཟླ་རེར་ཐེངས3ལས་མི་ཉུང་བ་བྱས་ཡོད། གལ་སྲིད་གནད་དོན་ཡོད་པའམ་ཡང་ན་དམིགས་བསལ་གནས་ཚུལ་བྱུང་ཚེ་ཉིན3ནང་ངེས་པར་སྙན་སེང་ཞུ་དགོས་པའི་གཏན་འབེབས་བྱས་ཡོད་པས། དེས་བདག་སྐྱོང་གི་ལས་ཕྱོད་དང་སྤུས་ཚད་ཆེས་ཆེར་མཐོ་རུ་བཏང་ཡོད”ཟེར།མི་སྣའི་དོ་དམ་མ་ཟད། ཚན་རྩལ་གྱི་ལག་ཐབས་ཀྱང་ནགས་ཁུལ་བདག་སྐྱོང་བྱེད་པའི་ཁྲོད་སྤྱད་ཡོད། “གནམ་ས”གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་ནས་བེད་སྤྱོད་བཏང་བ་དང་བསྟུན་ནས། རྒྱང་ཁྲིད་དྲ་རྒྱའི་བརྙན་ལམ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་དུས་ཚོད་དང་། ལས་ཕྱོད། མ་རྩ་སོགས་ཕྱོགས་མང་པོའི་ཐད་ནས་ནུས་པ་གལ་ཆེན་བཏོན་ཡོད།ཆོས་སྐྱོང་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། 2016ལོ་ནས་ད་ལྟའི་བར། ལྟ་ཞིབ་ཚད་ལེན་ས་ཚིགས27བསྐྲུན་ཡོད། སྐྱེ་ཁམས་བདག་སྐྱོང་གི་ཐད་ནས། གཙོ་བོ་མི་སྣའི་བྱ་འགུལ་སྤེལ་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། ལྐོག་རྔོན་དང་མིས་གཏོར་བཤིག་གཏོང་བ་སོགས་ཀྱི་གནས་ཚུལ་མི་ཐོན་པར་བྱས། གཞན་ཡང་ད་དུང་མེ་ཟོན་ཐད་ནུས་པ་ཆེན་པོ་ཐོན་ཡོད་པས་གཟར་ཚད་དང་རླུང་ཤུགས་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པ་དང་། སླར་ཡང་ལྟ་ཞིབ་ཚད་ལེན་བྱས་འབྲས་ལ་བརྟེན་ནས་ས་ཁོངས་དབྱེ་ནས་གཙོ་གནད་སྐོར་སྲུང་བྱ་རྒྱུར་ཤུགས་སྣོན་ཐུབ།ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སྐོར་གླེང་སྐབས། ཆོས་སྐྱོང་རྒྱལ་གྱིས་དེ་ནི་ནགས་ཁུལ་བདག་སྐྱོང་བྱེད་པའི་བྱ་བའི་ནང་དོན་གལ་ཆེན་ཞིག་ཡིན་པས། དུས་བཅད་དང་དུས་ངེས་མེད་སྒོས་ལས་སྒོའི་གསོ་སྦྱོང་ངམ་ཡང་ན་བྲེལ་བསྟུན་སྦྱོང་བརྡར་བྱེད་ཀྱིན་ཡོད་ཅེས་བཤད། བཅར་འདྲི་བྱེད་པའི་ཉིན་དེར། ཁོ་ཚོས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་པའི་ཆེད་ལས་མེ་གསོད་རུ་ཁག་གི་ལས་སྒོའི་རྩལ་ནུས་གསོ་སྦྱོང་བྱས་པ་རེད། ཆོས་སྐྱོང་རྒྱལ་གྱིས་ད་དུང་གསར་འགོད་པར།“ལོ་རེར་ང་ཚོས་སྔ་སྣུར་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སྐོར་ཁྱིམ་ཚང་དུ་བསྐྱོད་ནས་དྲིལ་སྒྲོག་བྱ་རྒྱུར་ཤུགས་སྣོན་གྱིན་ཡོད། ཟླ9པའི་ཟླ་དཀྱིལ་དུ་སྡེ་བ་རེ་རེའི‘ཨུ་ཡོན་ལྷན་ཁང་གཉིས’དང་ནགས་སྲུང་པར་རིམ་པ་བཞིན་འགན་འཁྲིའི་ཡི་གེ་འཇོག་གིན་ཡོད”ཅེས་བཤད།ཆོས་སྐྱོང་རྒྱལ་ལ་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་སྟེ། དེང་སྐབས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་ཡོད་པ་དང་། མང་ཚོགས་དེ་བས་མང་པོ་ཞིག་འོས་འགན་སྐྱེ་ཁམས་བདག་སྐྱོང་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་པར་གྱུར་ནས། ཟླ་རེར་རང་འགུལ་ངང་གཞུང་ལམ་འགྲམ་དང་། གཙང་པོའི་འགྲམ།རྩྭ་ཐང་བཅས་སུ་གད་སྙིགས་འཐུ་བར་བསྐྱོད་དེ། ཆེས་བབ་ཆགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད།ཆོས་སྐྱོང་རྒྱལ་གྱིས་ཁོའི་ལས་ཀའི་ཁྲོད་ཀྱི་བརྗེད་པར་དཀའ་བའི་ལོ་རྒྱུས་དེ་དག་བརྗོད་སྐབས། ཁོས་སྡུག་བསྔལ་མང་པོ་ཞིག་སེམས་གཏིང་ལ་སྦས་ཡོད། དེ་སྔོན་རྔོན་པའི“བརྐུས་དངོས”གཞུང་བཞེས་བྱས་པའི་རྐྱེན་གྱིས་སྲོག་ཉེན་ལ་ཐུག་མྱོང་བས། ནང་མིས་བྱ་བ་དེར་ངོ་རྒོལ་ཧུར་ཐག་བྱས་རུང་ཁོས་ལོ་བཅུ་ཕྲག་ཁ་ཤས་རིང་རྒྱུན་བསྐྱངས་པ་དེ་ནི། བྱ་སྤྱོད་ཀྱི་རྒྱུན་འཁྱོངས་ཡིན་ལ་ནང་སེམས་ཀྱི་བརྟན་སྲུང་ཡང་ཡིན་ཞིང་། དེ་ནི“ལྗང་མདོག་སྲུང་མཁན”རེ་རེའི་སེམས་ནང་གི་བརྩེ་བ་ཟབ་མོ་ཡང་ཡིན་ནོ། །
ཆོས་སྐྱོང་རྒྱལ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྨ་བྱང་ནགས་རའི་འགོ་གཙོ་ཡིན་ལ། ཁོ་དང་རྨ་བྱང་ནགས་རའི་བར་གྱི་གཏམ་རྒྱུད་གླེང་དགོས་ན། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པ་ནས་འགོ་བརྩམ་དགོས། ས་གནས་དེ་གའི་མི་ཞིག་ཡིན་པའི་ངོས་ནས། 1993ལོར་ལས་ཀར་ཞུགས་མ་ཐག་ཡུལ་དེའི་ལས་མི་ཞིག་ཏུ་གྱུར། གཅིག་བྱས་ན་ཐོག་མ་ནས་ལས་སྐལ་ཟབ་མོ་ཞིག་ཡོད་དེ། ས་གནས་གཞན་དུ་ལས་གནས་སྤར་ཡང་། 2004ལོར་ཁོ་ཡང་བསྐྱར་ཐོག་མའི་ཕུགས་འདུན་སྙེག་ཡུལ་དུ་ཕྱིར་ལོག་སྟེ། ད་ལྟའི་བར་དུ་ཡུལ་དེར་བྱ་བ་བསྒྲུབས། དེ་སྔའི་ནགས་སྲུང་པ་ནས་ནགས་རའི་འགོ་གཙོར་གྱུར་ཅིང་། ནགས་རའི་འཕོ་འགྱུར་ལ་བདེན་དཔང་ཡང་བྱས་ཡོད།
འཕོ་འགྱུར་སྐོར་གླེང་སྐབས། ཆོས་སྐྱོང་རྒྱལ་གྱིས་ལྷུག་པོར་བཤད་རྒྱུར། དེང་སྐབས་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ནས་སྲོག་ཆགས་དང་རྩི་ཤིང་འཚོ་གནས་ལ་ཁོར་ཡུག་ཡག་པོ་ཞིག་མཁོ་འདོན་བྱས་པ་དང་། གསའ་དང་རྩྭ་གཡི་སོགས་རི་སྐྱེས་སྲོག་ཆགས་འགུལ་སྐྱོད་ཀྱི་རྗེས་ཤུལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པར་གྱུར་ཏེ། ཐུན་ཏེ་རྫོང་གི་མངའ་ཁོངས་སུ་སྲོག་ཆགས་ཀྱི་རིགས་རྙེད་པའི་ཟིན་ཐོ་གསར་པ་ཞིག་བཏོད་པ་དང་། གང་སར་མཐོང་བའི་གནའ་ཁྱུ་མང་པོ་ཡོད་པ་དེའི་གྲངས་འབོར་ཆེས་མང་བའི་སྐབས་སུ་བརྒྱ་ལ་ལོངས་ཐུབ།
ཆོས་སྐྱོང་རྒྱལ་གྱི་བག་ཆགས་ངོས་སུ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པའི་ནང་ནགས་ཁུལ་དུ་རི་སྐྱེས་སྲོག་ཆགས་ཧ་ལམ་མཐོང་རྒྱུ་མེད་པས་དེས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཛ་དྲག་གི་གནས་བབ་ཤེས་ཐུབ། 2002ལོ་ནས་བཟུང་། ནགས་རར་སྐྱེ་ཁམས་བདག་སྐྱོང་པ་ཉུང་ཤས་སྡུད་ལེན་བྱེད་འགོ་ཚུགས་པ་དང་། དེའི་ཁར་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་བསྟུན་ནས། ནགས་རྩྭ་དོ་དམ་མི་སྣ་དང་སྐྱེ་ཁམས་བདག་སྐྱོང་པའི་དཔུང་སྡེ་སྟོབས་ཆེར་ཕྱིན་ཏེ་མི90ལྷག་ལ་བུད་ཡོད།
ཆོས་སྐྱོང་རྒྱལ་གྱིས་གསར་འགོད་པར། རྨ་བྱང་ནགས་ར་ནི་གཙང་ཡུལ་དོ་དམ་སྲུང་སྐྱོང་ཁུལ་དང་མགར་རྩེ་དོ་དམ་སྲུང་སྐྱོང་ཁུལ་གཉིས་སུ་དབྱེ་ཡོད། དེའི་ཁོངས་སུ་གཏོགས་པའི་རྨ་བྱང་གི་སྲིད་འཛིན་སྡེ་བ10ཡོད་པ་དང་། སྲིད་འཛིན་སྡེ་བ་རེས་སོ་སོར་ཚོ་ཆུང་རེ་གྲུབ་ཡོད་ཟེར། ཆོས་སྐྱོང་རྒྱལ་གྱིས།“ང་ཚོའི་བྱ་བའི་ཁྲོད་མི་སྒེར་གྱི་སྐོར་སྲུང་ཟླ་རེར་ཉིན20ལས་མི་ཉུང་བ་དང་། ཚོ་ཆུང་གི་ཐུན་མོང་སྐོར་སྲུང་ཟླ་རེར་ཐེངས3ལས་མི་ཉུང་བ་བྱས་ཡོད། གལ་སྲིད་གནད་དོན་ཡོད་པའམ་ཡང་ན་དམིགས་བསལ་གནས་ཚུལ་བྱུང་ཚེ་ཉིན3ནང་ངེས་པར་སྙན་སེང་ཞུ་དགོས་པའི་གཏན་འབེབས་བྱས་ཡོད་པས། དེས་བདག་སྐྱོང་གི་ལས་ཕྱོད་དང་སྤུས་ཚད་ཆེས་ཆེར་མཐོ་རུ་བཏང་ཡོད”ཟེར།
མི་སྣའི་དོ་དམ་མ་ཟད། ཚན་རྩལ་གྱི་ལག་ཐབས་ཀྱང་ནགས་ཁུལ་བདག་སྐྱོང་བྱེད་པའི་ཁྲོད་སྤྱད་ཡོད། “གནམ་ས”གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་ནས་བེད་སྤྱོད་བཏང་བ་དང་བསྟུན་ནས། རྒྱང་ཁྲིད་དྲ་རྒྱའི་བརྙན་ལམ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་དུས་ཚོད་དང་། ལས་ཕྱོད། མ་རྩ་སོགས་ཕྱོགས་མང་པོའི་ཐད་ནས་ནུས་པ་གལ་ཆེན་བཏོན་ཡོད།
ཆོས་སྐྱོང་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། 2016ལོ་ནས་ད་ལྟའི་བར། ལྟ་ཞིབ་ཚད་ལེན་ས་ཚིགས27བསྐྲུན་ཡོད། སྐྱེ་ཁམས་བདག་སྐྱོང་གི་ཐད་ནས། གཙོ་བོ་མི་སྣའི་བྱ་འགུལ་སྤེལ་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། ལྐོག་རྔོན་དང་མིས་གཏོར་བཤིག་གཏོང་བ་སོགས་ཀྱི་གནས་ཚུལ་མི་ཐོན་པར་བྱས། གཞན་ཡང་ད་དུང་མེ་ཟོན་ཐད་ནུས་པ་ཆེན་པོ་ཐོན་ཡོད་པས་གཟར་ཚད་དང་རླུང་ཤུགས་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པ་དང་། སླར་ཡང་ལྟ་ཞིབ་ཚད་ལེན་བྱས་འབྲས་ལ་བརྟེན་ནས་ས་ཁོངས་དབྱེ་ནས་གཙོ་གནད་སྐོར་སྲུང་བྱ་རྒྱུར་ཤུགས་སྣོན་ཐུབ།
ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སྐོར་གླེང་སྐབས། ཆོས་སྐྱོང་རྒྱལ་གྱིས་དེ་ནི་ནགས་ཁུལ་བདག་སྐྱོང་བྱེད་པའི་བྱ་བའི་ནང་དོན་གལ་ཆེན་ཞིག་ཡིན་པས། དུས་བཅད་དང་དུས་ངེས་མེད་སྒོས་ལས་སྒོའི་གསོ་སྦྱོང་ངམ་ཡང་ན་བྲེལ་བསྟུན་སྦྱོང་བརྡར་བྱེད་ཀྱིན་ཡོད་ཅེས་བཤད། བཅར་འདྲི་བྱེད་པའི་ཉིན་དེར། ཁོ་ཚོས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་པའི་ཆེད་ལས་མེ་གསོད་རུ་ཁག་གི་ལས་སྒོའི་རྩལ་ནུས་གསོ་སྦྱོང་བྱས་པ་རེད། ཆོས་སྐྱོང་རྒྱལ་གྱིས་ད་དུང་གསར་འགོད་པར།“ལོ་རེར་ང་ཚོས་སྔ་སྣུར་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སྐོར་ཁྱིམ་ཚང་དུ་བསྐྱོད་ནས་དྲིལ་སྒྲོག་བྱ་རྒྱུར་ཤུགས་སྣོན་གྱིན་ཡོད། ཟླ9པའི་ཟླ་དཀྱིལ་དུ་སྡེ་བ་རེ་རེའི‘ཨུ་ཡོན་ལྷན་ཁང་གཉིས’དང་ནགས་སྲུང་པར་རིམ་པ་བཞིན་འགན་འཁྲིའི་ཡི་གེ་འཇོག་གིན་ཡོད”ཅེས་བཤད།
ཆོས་སྐྱོང་རྒྱལ་ལ་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་སྟེ། དེང་སྐབས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་ཡོད་པ་དང་། མང་ཚོགས་དེ་བས་མང་པོ་ཞིག་འོས་འགན་སྐྱེ་ཁམས་བདག་སྐྱོང་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་པར་གྱུར་ནས། ཟླ་རེར་རང་འགུལ་ངང་གཞུང་ལམ་འགྲམ་དང་། གཙང་པོའི་འགྲམ།རྩྭ་ཐང་བཅས་སུ་གད་སྙིགས་འཐུ་བར་བསྐྱོད་དེ། ཆེས་བབ་ཆགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད།
ཆོས་སྐྱོང་རྒྱལ་གྱིས་ཁོའི་ལས་ཀའི་ཁྲོད་ཀྱི་བརྗེད་པར་དཀའ་བའི་ལོ་རྒྱུས་དེ་དག་བརྗོད་སྐབས། ཁོས་སྡུག་བསྔལ་མང་པོ་ཞིག་སེམས་གཏིང་ལ་སྦས་ཡོད། དེ་སྔོན་རྔོན་པའི“བརྐུས་དངོས”གཞུང་བཞེས་བྱས་པའི་རྐྱེན་གྱིས་སྲོག་ཉེན་ལ་ཐུག་མྱོང་བས། ནང་མིས་བྱ་བ་དེར་ངོ་རྒོལ་ཧུར་ཐག་བྱས་རུང་ཁོས་ལོ་བཅུ་ཕྲག་ཁ་ཤས་རིང་རྒྱུན་བསྐྱངས་པ་དེ་ནི། བྱ་སྤྱོད་ཀྱི་རྒྱུན་འཁྱོངས་ཡིན་ལ་ནང་སེམས་ཀྱི་བརྟན་སྲུང་ཡང་ཡིན་ཞིང་། དེ་ནི“ལྗང་མདོག་སྲུང་མཁན”རེ་རེའི་སེམས་ནང་གི་བརྩེ་བ་ཟབ་མོ་ཡང་ཡིན་ནོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注