«ཕར་རྒྱབ་ཀྱི་ལོ་ཟླ»བཀླགས་རྗེས་ཀྱི་རེག་ཟིག

རྩོམ་པ་པོ།:ཞྭ་ནག་པ། 

༡ ནང་དོན་གནད་བསྡུས།

«ཕར་རྒྱབ་ཀྱི་ལོ་ཟླ»ནི་བོད་ཡིག་ཏུ་བྲིས་པའི་ལྷུག་རྩོམ་སྙན་ངག་གི་དཔེ་དེབ་ཅིག་རེད་འདུག་ལ། དེབ་འདིས་རྩོམ་པ་པོའི་སྒྱུ་རྩལ་གྱི་སེམས་ཁམས་དང་། སྒེར་ཚུགས་དང་། འཆར་ཡན། བསམ་གཞིག སེམས་ཁྲལ། དྲན་གདུང་སོགས་གཙོ་བོར་མཚོན་པར་བྱས་འདུག

༢ «ཕར་རྒྱབ་ཀྱི་ལོ་ཟླ»ཡི་རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ས་དཀྱིལ་ཚེ་བཀྲ། རེབ་གོང་ས་དཀྱིལ་སྡེ་བར་སྐྱེས། ད་ལྟའི་བར་དེང་རབས་བོད་ཀྱི་ལྷུག་རྩོམ་སྙན་ངག་གཙོ་བྱས་སྙན་ངག་གི་བརྩམས་ཆོས་མང་པོ་ཞིག་ཚགས་དེབ་དང་དྲ་བ་བཅས་སུ་བཀོད་ཅིང་། བརྩམས་ཆོས་རེ་འགའ་དབྱིན་ཡིག་དང་རྒྱ་ཡིག་སོགས་སུ་བསྒྱུར་ཡོད། བརྩམས་ཆོས་ལ་སྙན་དེབ«ཕུག་རོན་གྱི་རྣམ་ཤེས»ཞེས་པ་དང་ལྷུག་རྩོམ་དེབ«ཕར་རྒྱབ་ཀྱི་ལོ་ཟླ»གཉིས་ཡོད། ད་ལྟ་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་བཅས་ཡིན།

༣ ལྷུག་རྩོམ་སྙན་ངག་གི་བྱུང་འཕེལ།

མ་གཞི་ལྷུག་རྩོམ་སྙན་ངག་ཅེས་པའི་བརྡ་ཆད་འདི་དུས་རབས་བཅུ་དགུ་པའི་ནང་དུ་དར་བ་ཞིག་ཡིན་ཞིང་། རྩོམ་ལུས་སྲོལ་འབྱེད་པ་ནི་ཧྥ་རན་སིའི་སྙན་ངག་པ་གྲགས་ཆེན་སྐུ་ཞབས་བྷོ་སྒྲེ་ལེ་ཨར(Baudelaire.1821-1867)ལགས་ཡིན་པར་ངོས་འཛིན་གྱིན་ཡོད། ཁོང་གིས་དཀའ་སྡུག་གི་འཚོ་བའི་ཁྲོད་ནས«སྡུག་པའི་མེ་ཏོག»དང་། «ཕ་རི་སིའི་སྐྱོ་གདུང»ཞེས་པ་གཉིས་བརྩམས་ཤིང་། རྗེས་མའི་དེབ་མིང་ལ་ལྷུག་རྩོམ་སྙན་ངག་ཐུང་ངུ་ཞེས་ཀྱང་འབོད། དེ་ནི་ལྷུག་རྩོམ་སྙན་ངག་གི་མ་ཡུམ་ལྟ་བུར་ཆགས་འདུག་སྙམ།མ་གཞི་ལྷུག་རྩོམ་སྙན་ངག་ཅེས་པ་ནི་དེང་རབས་ཀྱི་རྩོམ་ལུས་ཤིག་ཡིན་ཞིང་། དེང་རབས་ཀྱི་མིའི་བསམ་ཚོར་དང་འབྲེལ་ནས་འཕེལ་རྒྱས་བྱུང་བ་ཞིག་རེད། ཀྲུང་གོར་མཚོན་ན༡༩༡༥ལོར་ཕྱིའི་རྒྱལ་ཁབ་ཀྱི་ལྷུག་རྩོམ་སྙན་ངག་ཐོག་མར་རྒྱ་ཡིག་ལ་འགྱུར་བ་ཡིན། བོད་ལ་མཚོན་ན་རྩོམ་ལུས་ཀྱི་ཆ་ནས་ལྷུག་པ་དང་རྗོད་བྱེད་ཚིག་ལའང་སྙན་ཆ་ལྡན་པ་དུ་མ་ཡོད་པར་འདོད་ཅིང་། དེ་ཡང་སྐུ་ཞབས་དོན་གྲུབ་རྒྱལ་གྱིས་བོད་ལ་ལྷུག་རྩོམ་སྙན་ངག་སྦྱོར་ཚུལ་གྱི་བསྟན་བཅོས་ནི་ད་ལྟའི་བར་དུ་མེད་པར་སྣང་ཡང་། རང་རེའི་རྩོམ་འབྲིའི་ལག་ལེན་ཐོག་ནས་ལྷུག་རྩོམ་སྙན་ངག་ཡོད་པས། དེ་དག་གི་རྩོམ་ཉམས་དང་ཁྱད་ཆོས། རྩོམ་འབྲིའི་ཐབས་ལམ་སོགས་ལ་ཞིབ་འཇུག་བྱས་ན་བསྟན་བཅོས་ཆ་ཚང་བ་ཞིག་རྩོམ་མི་ཐུབ་པའི་དོགས་པ་སུ་ལ་ཡོད་ཅེས་བརྗོད་ཡོད། དེ་དག་རྗོད་བྱེད་ཚིག་གི་ཆ་ནས་བཞག་པ་ལས་བརྗོད་བྱ་དོན་གྱི་ཆ་ནས་ལྷུག་རྩོམ་སྙན་ངག་རང་མཚན་པ་ཞིག་ཏུ་འགྲོ་བར་དཀའ་བའང་དེབ་འདིའི་བྱེད་པོས་གསལ་པོར་བཤད་ཡོད་ལ། དོན་དམ་བོད་ལ་སྙན་ངག་ཡོད་ཅིང་། ལྷུག་རྩོམ་གྱི་འབྲི་ཐབས་ཡང་ཤིན་ཏུ་དར་ཡོད་པ་མངོན་སུམ་ཡིན། རེད་དེ་རང་རེ་ལ་ལྷུག་རྩོམ་སྙན་ངག་ཅེས་པ་ས་བཅད་མ་སྟོང་ཙམ་ལས་རང་རྐྱ་ཐུབ་པ་ཞིག་དར་མེད་ཚོད་དུ་འདུག་པས། ས་དཀྱིལ་ཚེ་བཀྲ་ལགས་ཀྱི་དེབ་འདིས་བོད་ཀྱི་ལྷུག་རྩོམ་སྙན་ངག་ལ་གྲུབ་འབྲས་གསར་པ་ཞིག་བསྐྲུན་ཡོད་པར་གདོན་མི་ཟའོ། །༤ ལྷུག་རྩོམ་སྙན་ངག་གི་ཁྱད་ཆོས།

བྱ་གཞུང་དབྱངས་བྷ་ན་རེ། ལྷུག་རྩོམ་སྙན་ངག་ལ་ཁྱད་ཆོས་འདི་དག་ཡོད་དེ། རྗོད་བྱེད་ཚིག་གི་ངོས་ནས་ལྷུག་པ་ཡིན་པས་རང་དབང་ཆེ་བ། ཉིང་བསྡུས་ཡིན་པས་ཤིན་ཏུ་ཐུང་བ། དབྱངས་འགྲོས་ཀྱི་འདེགས་འཇོག་གསལ་བས་གྱེར་བདེ་བ་དང་། ལྷུག་བརྗོད་བྱེད་སྟངས་ཀྱི་ངོས་ནས་འཕར་ལྡིང་ཅན་དང་དམ་དུམ་ཅན་ཡིན་པ་དང་། མཚོན་ཐབས་ཀྱི་ངོས་ནས་རྟོག་བརྙན་སོགས་སྙན་ངག་གི་མཚོན་ཐབས་ཀྱིས་མཚོན་པས་སྙན་ངག་གི་ཉམས་ཀྱིས་ཡོངས་སུ་ཕྱུག་པའོ་ཞེས་པ་བཞིན། ལྷུག་རྩོམ་སྙན་ངག་ནི་རྗོད་བྱེད་ཀྱི་ཆ་ནས་ལྷུག་རྩོམ་ཡིན་ལ། ལྷུག་རྩོམ་ལས་ཁྱད་དུ་འཕགས་པ། ཡང་ན་ལྷུག་རྩོམ་སྙན་ངག་ནི་སྙན་ངག་ཡིན་ལ། སྙན་ངག་ལས་ཁྱད་དུ་འཕགས་པ་ཞིག་རེད་ཅེས་བརྗོད་ན། དེ་དག་ནི་ལྷུག་རྩོམ་སྙན་ངག་གི་ཁྱད་ཆོས་ཤིག་ཏུ་མི་བརྩི་མཁན་སུ་ཞིག་ཡོད་དམ་སྙམ།
༥ ལྷུག་རྩོམ་སྙན་ངག་གི་གནད་དོན

ལྷུག་རྩོམ་སྙན་ངག་ནི་སྙན་ངག་དང་ལྷུག་རྩོམ་ནང་བཞིན་སྒྲིག་གཞི་དང་ཡོངས་སུ་བྲལ་བས་རང་དབང་ལྡན་པ་ཞིག་ཏུ་སྣང་ན་ཡང་། བསམ་བློ་དང་སྒྱུ་རྩལ་གཉིས་ཆུ་དང་འོ་མ་བཞིན་ཆ་མཉམ་པོ་ཞིག་ཏུ་ཆགས་པ་ནི་བརྩམས་ཆོས་ཀུན་ལ་སྤྱི་འགྲོས་སུ་ཡོད་དགོས་པ་ཞིག་ཡིན་པས། སྐུ་ཞབས་བྱ་གཞུང་དབྱངས་བྷ་ལགས་ཀྱིས་བསམ་བློ་དང་སྒྱུ་རྩལ་གཉིས་ཆ་འགྲིག་དོ་མཉམ་ཡོང་མིན་ནི་ཇི་སྲིད་དུ་རྩོམ་རིག་གི་གནད་དོན་ཆེས་ཆེ་ཤོས་དེ་རེད་ཅིང་། སྒྱུ་རྩལ་གསར་རྩོམ་མཐའ་དག་གི་དཀའ་གནད་ཆེས་ཆེ་དེ་ཡང་རེད་ཅེས་པ་བཞིན། ལྷུག་རྩོམ་སྙན་ངག་ཀྱང་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་པས་གནད་དོན་དེ་དག་ཀྱང་ཐུགས་མཉམ་འཇོག་དགོས་པའི་གནས་ནི་ལོས་ཀྱང་ཡིན།
༦ དེབ་ཀྱི་བཀླགས་ཚོར།

ས་དཀྱིལ་ཚེ་བཀྲའི་བརྩམས་ཆོས་དག་བཀླགས་རྗེས། ཁོའི་བརྩམས་ཆོས་ཁྲོད་ནས་དུས་རྒྱུན་མཐོང་ཡོང་བ་ནི། རྒྱང་རིང་དང་། གྱེས་བྲལ། འདུ་འཛོམས་ཀྱི་རེ་སྨོན། དྲན་གདུང་སོགས་ཡིན་ཏེ། དེ་དག་དོན་དམ་བར་ཐག་ཅིག་དང་འབྲེལ་བ་ཏན་ཏན་འདུག་པས། རྩོམ་པ་པོ་དང་བརྩམས་ཆོས་གཉིས་ངོ་བོ་དབྱེར་མེད་ཀྱི་ཆ་དེ་ངོས་གང་ནས་ཀྱང་མཐོང་ཐུབ་པ་ཞིག་རེད། མ་གཞི་བརྩམས་ཆོས་ལ་སྒྱུ་རྩལ་གྱི་རིང་ཐང་ཡོད་མེད་ནི་སྙན་ངག་གི་ཚོར་སྣང་ཡོད་མེད་ལ་རག་ལས་ཤིང་། བསམ་བློའི་ལྗིད་ཤུགས་ཡོད་མེད་ནི་ཁེར་ཚུགས་ཀྱི་བསམ་བློ་ཡོད་མེད་ལ་རག་ལས་པར་བཤད་པ་བཞིན། ཁོའི་བརྩམས་ཆོས་རེ་རེ་ན་ཟུག་དང་སྒེར་ཚུགས་ཀྱིས་གྲུབ་པ་ཁོ་ནར་མཐོང་བས་ཁོའི་བརྩམས་ཆོས་ལ་སྒྱུ་རྩལ་དང་བསམ་བློ་གང་ཅིའི་ཐད་ནས་རིན་ཐང་མང་པོ་ཞིག་ཡོད་འདུག་པས་འདི་ལ་སློབ་སྦྱོང་བྱ་སའི་གནས་དུ་མ་མཆིས་སོ། །

༥ ལྷུག་རྩོམ་སྙན་ངག་གི་གནད་དོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号