བྱང་ཆུབ་སེམས་དཔའི་སྐྲ་ཡི་ལེའུ་ལས་བྱུང་བའི་སྐྲ་སྐར་བཟང་ངན་ནི།

ཚེས་གཅིག་ལ་ཚེ་ཐུང༌།
ཚེས་གཉིས་ལ་ནད་མང༌། ཁ་མཆུ་འོང༌།
ཚེས་གསུམ་ལ་ཕྱུག་པོ་འོང༌།
ཚེས་བཞི་ལ་དབང་ཐང་ཆེ། མདངས་རྒྱས།
ཚེས་ལྔ་ལ་ནོར་འཕེལ།
ཚེས་དྲུག་ལ་མདངས་འཕྲོག ངན།
ཚེས་བདུན་ལ་ཁ་སྨྲས་ཞལ་ལྕེ་འོང༌།
ཚེས་བརྒྱད་ལ་ཚེ་རིང༌།
ཚེས་དགུ་ལ་ན་ཆུང་དང་འཕྲད།
ཚེས་བཅུ་ལ་དགའ་བ་འཕེལ།
ཚེས་བཅུ་གཅིག་ལ་དབང་བོ་རྣོ། ཤེས་རབ་འཕེལ།
ཚེས་བཅུ་གཉིས་ལ་ནད་ཡོང་སྲོག་ལ་གཟན།
ཚེས་བཅུ་གསུམ་ལ་བརྩོན་འགྲུས་ཆེ་མཆོག་ཏུ་བཟང༌།
ཚེས་བཅུ་བཞི་ལ་ལོངས་སྤྱོད་འཕེལ།
ཚེས་བཅོ་ལྔ་ལ་བསོད་ནམས་འཕེལ།
ཚེས་བཅུ་དྲུག་ལ་རྒྱུ་བ་ངན།
ཚེས་བཅུ་བདུན་ལ་མིག་མི་གསལ། ཤ་རྩི་སྔོ།
ཚེས་བཅོ་བརྒྱད་ལ་ནོར་སྟོར། ངན།
ཚེས་བཅུ་དགུ་ལ་ཆོས་འཕེལ།
ཚེས་ཉི་ཤུ་ལ་ལྟོགས། ངན།
ཚེས་ཉེར་གཅིག་ལ་དལ་ཡམས་འོང༌།
ཚེས་ཉེར་གཉིས་ལ་ནད་འཕེལ།
ཚེས་ཉེར་གསུམ་ལ་ཕྱུག་པོ་འོང༌།
ཚེས་ཉེར་བཞི་ལ་རིམས་ནད་འོང༌།
ཚེསཉེར་ལྔ་ལ་མིག་ཚག་ངན།
ཚེས་ཉེར་དྲུག་ལ་བདེ་སྐྱིད་འོང༌།
ཚེས་ཉེར་བདུན་ལ་བཀྲ་ཤིས།
ཚེས་ཉེར་བརྒྱད་ལ་འཐབ་མོ་འོང༌།
ཚེས་ཉེར་དགུ་ལ་བླ་འཁྱམས།ངན།
ཚེས་སུམ་ཅུ་ལ་ཁ་སྨྲས་འོང༌། གཤིན་དང་འཕྲད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号